གློག་ཁབ་ལེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་ཁབ་ལེན།
སྟོང་སངས་སུ་གློག་ཁབ་ལེན་རླབས་ཀྱི་ཁྱབ་སྤེལ་འགྲོས་ཚད་འོད་ཀྱི་འགྲོས་ཚད་དང་མཚུངས་ཤིང་། ཧ་ལམC=3.0×108m∕Sཡིན། གློག་ཁུར་ལས་གློག་ར་འབྱུང་ཐུབ་པ་མ་ཟད། འགྱུར་བཞིན་པའི་ཁབ་ལེན་ར་བ་ལས་ཀྱང་གློག་ར་འབྱུང་ཐུབ། གློག་རྒྱུན་ལས་ཁབ་ལེན་ར་བ་འབྱུང་ཐུབ་མ་ཟད། འགྱུར་བཞིན་པའི་གློག་ར་ལས་ཀྱང་ཁབ་ལེན་ར་བ་འབྱུང་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电磁场
དབྱིན་ཡིག་གི་མིང་།
electromagnetic field
ཁྱད་ཆོས།
གློག་ཁུར་ལས་གློག་ར་འབྱུང་ཐུབ་པ།
1 མཚན་ཉིད།

འགྱུར་བཞིན་པའི་ཁབ་ལེན་ར་བ་ལས་གློག་ར་འབྱུང་བ་དང་། འགྱུར་བཞིན་པའི་གློག་ར་ལས་ཁབ་ལེན་ར་བ་འབྱུང་བ་འདི་ནི་མར་ཁེ་སི་ཝེལ་རིགས་པའི་གཞུང་ལུགས་ཀྱི་སྲོག་ཤིང་ཆེན་པོ་གཉིས་ཡིན། རིགས་པའི་གཞུང་ལུགས་འདི་ལྟར་ན། འགྱུར་བཞིན་པའི་གློག་ར་དང་འགྱུར་བཞིན་པའི་ཁབ་ལེན་ར་བ་ནི་ཕན་ཚུན་འབྲེལ་བ་ཡོད་ཅིང་། འབྲལ་མི་རུང་བའི་གཅིག་གྱུར་ཏུ་གྲུབ་པའི་ར་བ་ཡིན། འདི་ནི་གློག་ཁབ་ལེན་ར་བ་ཡིན།

2 གློག་ཁབ་ལེན།

个.png

ཨོ་སི་ཐིའི་དངོས་བཤེར་མཐའ་འབྲས་དང་ཧྥ་ར་ཏས་གློག་ཁབ་ལེན་ལྟོས་འབྱུང་གཏན་སྲོལ་ལས་དེ་དག་བར་དུ་ནང་འབྲེལ་ག་གེ་མོ་ཞིག་ཡོད་པ་སྔ་མོ་ནས་བསྟན་ཡོད། དུས་རབས19བའི་ལོ་རབས་60ཡི་ནང་། དབྱིན་ཇིའི་དངོས་ལུགས་རིག་པ་བ་མར་ཁེ་སི་ཝེལ(1831-1879)གྱིས་སྔོན་རབས་པ་རྣམས་ཀྱིས་གློག་ཁབ་ལེན་སྣང་ཚུལ་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་གློག་ཁབ་ལེན་གྱི་རིགས་པའི་གཞུང་ལུགས་ཆ་ཚང་ཞིག་སྲོལ་བཏོད་པ་རེད།

(1) གློག་ཁུར་ལས་གློག་ར་འབྱུང་ཐུབ་པ་མ་ཟད། འགྱུར་བཞིན་པའི་ཁབ་ལེན་ར་བ་ལས་ཀྱང་གློག་ར་འབྱུང་ཐུབ།

(2) གློག་རྒྱུན་ལས་ཁབ་ལེན་ར་བ་འབྱུང་ཐུབ་མ་ཟད། འགྱུར་བཞིན་པའི་གློག་ར་ལས་ཀྱང་ཁབ་ལེན་ར་བ་འབྱུང་ཐུབ།

འགྱུར་བཞིན་པའི་ཁབ་ལེན་ར་བ་ལས་གློག་ར་འབྱུང་ཐུབ་པ་འདི་ཤེས་སླ་བ་ཞིག་རེད། འགྱུར་བཞིན་པའི་ཁབ་ལེན་ར་བའི་ནང་དུ་ཁ་ཟུམ་གློག་ལམ་ཞིག་བཞག་ན། གློག་ལམ་འདི་བརྒྱུད་པའི་ཁབ་ལེན་བརྒྱུད་ཚད་ལ་འགྱུར་ལྡོག་བྱུང་རྗེས་གློག་ལམ་ནང་དུ་ལྟོས་འབྱུང་གློག་རྒྱུན་འབྱུང་སྲིད།

3 རླབས་ཁྱབ་སྤེལ།

好111111.png

གློག་ཁབ་ལེན་རླབས་བར་སྟོང་དུ་འགྲོས་ཚད་ངེས་ཅན་ལྟར་ཁྱབ་སྤེལ་བྱེད་པ་ཡིན། མར་ཁེ་སི་ཝེལ་གྱིས་རིགས་པའི་གཞུང་ལུགས་ཐད་ནས། སྟོང་སངས་སུ་གློག་ཁབ་ལེན་རླབས་ཀྱི་ཁྱབ་སྤེལ་འགྲོས་ཚད་འོད་ཀྱི་འགྲོས་ཚད་དང་མཚུངས་ཤིང་། ཧ་ལམC=3.0×108m∕Sཡིན་པ་སྔོན་རྟོགས་བྱུང་།  རླབས་ཐག་དང་།  ཟློས་ཕྱོད(ཡང་ན་འཁོར་ཡུན)། རླབས་ཀྱི་འགྲོས་ཚད་བཅས་བར་གྱི་འབྲེལ་བ་སྟེ། 22200000.pngདེ་གློག་ཁབ་ལེན་རླབས་ལའང་བཀོལ་འོས་པ་ཡིན། ར་བ་ལ་ནུས་ཚད་ལྡན་ལ། གློག་ཁབ་ལེན་ར་བ་ལའང་གློག་ཁབ་ལེན་ནུས་པ་ལྡན། གློག་ཁབ་ལེན་རླབས་ཀྱི་འཕྲོ་གཏོང་བྱ་རིམ་ནི་ནུས་ཚད་རྩིབས་འཕྲོ་བྱེད་པའི་བྱ་རིམ་ཡིན། དོན་དངོས་སུ་གློག་ཁབ་ལེན་རླབས་ཀྱི་ཁྱབ་སྤེལ་ཡང་གློག་ཁབ་ལེན་ནུས་པའི་ཁྱབ་སྤེལ་ཡིན།


བརྡ་འགྲེལ་གདོང་འཛར།

ཚན་རིག དངོས་ལུགས། གློག་ཁབ་ལེན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-02

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།