གློག་ཚོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་ཚོར།
གློག་ཚོར་དཀྲིས་སྐུད་དང་འོད་དཀར་གློག་ཞུ་ཕྲེང་འབྲེལ་བྱས་ཏེ་སྔ་གཞུག་ཏུ་གློག་གནོན་འདྲ་བའི་དྲང་རྒྱུག་གློག་ཁུངས་དང་སྤེལ་རྒྱུག་གློག་ཁུངས་སུ་སྦྲེལ་ན། དྲང་རྒྱུག་གློག་ཁུངས་སུ་མཐུད་རྗེས་གློག་ཞུ་ཅུང་གསལ་བ་དང་། སྤེལ་རྒྱུག་གློག་ཁུངས་སུ་མཐུད་རྗེས་གློག་ཞུ་ཅུང་མུན་པ་མཐོང་ཐུབ། དྲང་རྒྱུག་གློག་ལམ་ནང་དུ། གློག་གནོནUདང་། གློག་རྒྱུནIདང་། གློག་འགོགRབཅས་བར་གྱི་འབྲེལ་བ་ཨོ་མུ་གཏན་སྲོལ་དང་མཐུན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电感
ཕྱི་ཡིག་གི་མིང་།
inductance of an ideal inductor
1 སྤེལ་རྒྱུག་གློག་རྒྱུན། 

水电费.png让人.png

དྲང་རྒྱུག་གློག་ལམ་ནང་དུ། གློག་གནོནUདང་། གློག་རྒྱུནIདང་། གློག་འགོགRབཅས་བར་གྱི་འབྲེལ་བ་ཨོ་མུ་གཏན་སྲོལ་དང་མཐུན་པ་ཡིན། སྤེལ་རྒྱུག་གློག་ལམ་ནང་དུ། གལ་ཏེ་གློག་ལམ་ནང་དུ་གློག་འགོག་ཁོ་ན་ཡོད་པ་སྟེ། དཔེར་ན། འོད་དཀར་གློག་སྒྲོན་དང་། གློག་ཐབ། གློག་གི་དབུར་ཏི་སོགས་ལྟ་བུ་ཡོད་ན། དངོས་བཤེར་དང་རིགས་པའི་གཞུང་ལུགས་ཀྱི་དབྱེ་ཞིབ་ལས་ཨོ་མུ་གཏན་སྲོལ་སྔར་བཞིན་བཀོལ་འོས་པ་མཚོན། འོན་ཀྱང་གལ་ཏེ་གློག་ལམ་ནང་དུ་གློག་ཚོར་རམ་ཡང་ན་གློག་སྣོད་འདུས་ན། གནས་ཚུལ་ཅུང་རྙོག་འཛིང་ཆེ།

2 གློག་ཚོར།

发发发.png

གློག་ཚོར་དཀྲིས་སྐུད་དང་འོད་དཀར་གློག་ཞུ་ཕྲེང་འབྲེལ་བྱས་ཏེ་སྔ་གཞུག་ཏུ་གློག་གནོན་འདྲ་བའི་དྲང་རྒྱུག་གློག་ཁུངས་དང་སྤེལ་རྒྱུག་གློག་ཁུངས་སུ་སྦྲེལ་ན། དྲང་རྒྱུག་གློག་ཁུངས་སུ་མཐུད་རྗེས་གློག་ཞུ་ཅུང་གསལ་བ་དང་། སྤེལ་རྒྱུག་གློག་ཁུངས་སུ་མཐུད་རྗེས་གློག་ཞུ་ཅུང་མུན་པ་མཐོང་ཐུབ། འདི་ལས་གློག་ཚོར་ཡོད་སྐབས་སྤེལ་རྒྱུག་ལ་དྲང་རྒྱུག་དང་མི་མཐུན་པའི་ཁྱད་གཤིས་མངོན་པ་སྟེ། གློག་ཚོར་གྱིས་སྤེལ་རྒྱུག་ལ་བཀག་འགོག་བྱེད་ནུས་འདོན་པ་མཚོན། གློག་ཚོར་གྱིས་སྤེལ་རྒྱུག་ལ་བཀག་འགོག་བྱེད་ནུས་འདོན་པའི་རྒྱུ་མཚན་ནི། སྤེལ་རྒྱུག་དཀྲིས་སྐུད་བརྒྱུད་སྐབས། གློག་རྒྱུན་ནམ་ཡང་འགྱུར་བཞིན་ཡོད། དཀྲོས་སྐུད་ཀྱི་རང་ཚོར་བྱེད་ནུས་ཀྱི་དབང་གིས། ལྟོས་འབྱུང་གློག་སྒུལ་སྟོབས་བྱུང་ནས་གློག་རྒྱུན་གྱི་འགྱུར་ལྡོག་བཀག་འགོག་བྱེད་ངེས། འདི་ལྟར་གློག་རྒྱུན་ལ་བཏོན་པའི་བཀག་འགོག་བྱེད་ནུས་བྱུང་བ་རེད།

3 གློག་སྣོད་ཆས།

和规范化.pngའོད་དཀར་གློག་སྒྲོན་དང་གློག་སྣོད་ཆས་ཕྲེང་འབྲེལ་བྱས་ནས་གློག་ལམ་ནང་དུ་སྦྲེལ་བ། གལ་ཏེ་དྲང་རྒྱུག་གློག་ཁུངས་སུ་མཐུད་ན། གློག་ཞུ་མི་གསལ་བས། དྲང་རྒྱུག་གློག་སྣོད་ཆས་བརྒྱུད་མི་ཐུབ་པ་མཚོན། གལ་ཏེ་སྤེལ་རྒྱུག་གློག་ཁུངས་སུ་མཐུད་ན། གློག་ཞུ་ལས་འོད་འགྱེད་ཐུབ་པས། སྤེལ་རྒྱུག་གློག་སྣོད་ཆས་བརྒྱུད་ཐུབ་པ་མཚོན། འདིར་སྤེལ་རྒྱུག་ལའང་དྲང་རྒྱུག་དང་མི་མཐུན་པའི་ཁྱད་གཤིས་མངོན་པ་རེད། དྲང་རྒྱུག་གློག་སྣོད་ཆས་བརྒྱུད་མི་ཐུབ་པར་གོ་བ་ལེན་སླ། རྒྱུ་མཚན་ནི་གློག་སྣོད་ཆས་ཀྱི་སྣེ་པང་གཉིས་སུ་འབྲེལ་གཅོད་བར་རྫས་ཀྱིས་བཅད་ཡོད། གློག་སྣོད་ཆས་སྤེལ་རྒྱུག་གློག་ཁུངས་སུ་སྦྲེལ་སྐབས། དོན་དངོས་སུ་སྣེ་པང་གཉིས་བར་གྱི་གློག་གནོན་འགྱུར་བ་མ་གཏོགས། རང་དབང་གློག་ཁུར་ཡང་སྣེ་པང་གཉིས་བར་གྱི་འབྲེལ་གཅོད་བར་རྫས་བརྒྱུད་མེད། གློག་གནོན་འཕར་སྐབས། གློག་ཁུར་གློག་སྣོད་ཆས་ཀྱི་སྣེ་པང་སྟེང་དུ་འདུས་ཏེ་གློག་གསོག་གློག་རྒྱུན་གྲུབ་པ་དང་། གློག་གནོན་དམའ་སྐབས། གློག་ཁུར་སྣེ་པང་དང་བྲལ་ཏེ་གློག་གཏོང་གློག་རྒྱུན་གྲུབ། གློག་སྣོད་ཆས་ཀྱིས་གློག་གསོག་དང་གློག་གཏོང་བྱེད་རེས་བྱས་ན། གློག་ལམ་ནང་དུ་གློག་རྒྱུན་ཡོད་པ་དང་སྤེལ་རྒྱུག་གློག་སྣོད་ཆས“བརྒྱུད་པ”མཚོན།


བརྡ་འགྲེལ་གདོང་འཛར།

ཚན་རིག དངོས་ལུགས། གློག་ཚོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-07

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།