ཡོངས་འཛིན་རིག་མཛོད། >ཚན་རིག >རྩིས་དངོས་རྫས། >རྫས་འགྱུར།

ཐཱན60

སྤྱི་ལོ1985ལོར། དབྱིན་ཇིའི་རྫས་འགྱུར་རིག་པའི་མཁས་པ་ཧ་རོལ་དི་ཁི་རོ་ཐོ་དང་། ཨ་རིའི་རྫས་འགྱུར་རིག་པའི་མཁས་པ་རི་ཆར་དི་སི་མ་ལེའི། རོ་བེར་ཏི་ཁོར་ལི་གསུམ་གྱིས་ལཱ་ཟེར་དྲག་པོ་རྡོ་སྣག་ལ་སྤྲོ་སྐབས་དངོས་རྫས་གསར་པ་ཞིག་རྙེད་པ་རེད། དངོས་རྫས་གསར་པ་དེའི་ཆ་རྡུལ་རེ་རེ་བཞིན་ཐཱན་མ་རྡུལ60རེས་གྲུབ་ཡོད། དེ་ནི་ཐཱན60རེད།

རིགས་དབྱེ།  

ལྕགས་རིགས།

རྩ་རྫས་ཀྱི་ཁྱད་ཆོས་གཞིར་བཟུང། རྩ་རྫས་རྣམས་ལྕགས་རིགས་དང་ལྕགས་རིགས་མིན་པ་གཉིས་སུ་དབྱེ་ཡོད། ལྕགས་རིགས་ནི་མདངས་དང་ལྡན་ལ། རྡུང་རུང་ཞིང། བསྣར་རུང་མ་ཟད། གློག་དང་དྲོད་བརྒྱུད་ཁྲིད་བྱེད་ཚད་བཟང་བ་ཞིག་ཡིན། དངུལ་ཆུ་མ་གཏོགས་ལྕགས་རིགས་ཚང་མ་རྒྱུན་གཏན་གྱི་དྲོད་ཚད་ཐོག་སྲ་གཟུགས་ཡིན། ལྕགས་རིགས་ཀྱིས་གློག་རྡུལ་ལྕགས་རིགས་མིན་པར་སྤྲད་དེ་གྱེས་རྡུལ་ཕོ་གྲུབ་ཐུབ། འཚོ་རླུང་མཉམ་དུ་འདུས་ཏེ་གཞི་རིམ་གྱི་འཚོ་རླུང་ཅན་གྱི་འདུས་རྫས་ལྕགས་རིགས་འཚོ་ལྡན་གྲུབ་ཐུབ། ཧ་ཡང་འཚོ་ལྡན་དང། ཏི་ཚ་འཚོ་ལྡན་ནི་བུལ་དང་སྐྱུར་གཉིས་ཀའི་ཁྱད་ཆོས་ལྡན་ཡོད་རྐྱེན་མཚན་གཉིས་འཚོ་ལྡན་ཟེར། ལྕགས་རིགས་མིན་པ་དང་ལྕགས་རིགས་གཉིས་ཀྱི་ཁྱད་ཆོས་ཕན་ཚུན་ལྡོག་པ་ཡིན། ལྕགས་རིགས་མིན་པ་ནི་རྡུང་མི་རུང་ཞིང། བསྣར་ཡང་མི་རུང་བ་མ་ཟད། གློག་དང་དྲོད་བརྒྱུད་ཁྲིད་བྱེད་ཚད་ཧ་ཅང་ཞན་པ་ཡིན། འོན་ཀྱང། རྡོ་ནག་གིས་གློག་བརྒྱུད་ཁྲིད་བྱེད་པ་དེ་ནི་དམིགས་བསལ་ཡིན།

རིགས་དབྱེ།  

འགད་རྫས།

འགད་རྫས་ནི་དུས་ཚོད་ཐུང་ངུའི་ནང་འབར་ནས་འགད་པའི་ཟིལ་ཤུགས་ཧ་ཅང་ཆེ་བའི་རྫས་ཤིག་ཡིན་ལ་ཕྱི་རོལ་གྱི་ནུས་ཚད་ངེས་ཅན་འོག་རང་ཉིད་གྱི་ནུས་ཚད་དེ་འགྱུར་བ་བྱུང་ནས་འབར་འགད་བྱུང་བ་ཡིན། གད་པའི་སྐད་ཅིག་ཉིད་ལ་འགད་རྫས་ཀྱིས་རླུང་གཟུགས་དང་ཚ་བ་འབོར་ཆེན་ཕྱིར་གཏོང་བ་ཡིན། འགད་པའི་གོ་རིམ་ཁྲོད་དུ་ཕྱིར་བྱུང་བའི་གནོན་ཤུགས་ཤིན་ཏུ་ཆེན་པོས་མཐའ་སྐོར་གྱི་ཁོར་ཡུག་ལ་གཏོར་བརླག་ཆེན་པོ་བཟོ་སྲིད།

རིགས་དབྱེ།  

འབར་འགད།

དུས་ཚོད་ཐུང་ངུའི་ནང་ནུས་ཚད་འབོར་ཆེན་ཕྱིར་གཏོང་བ་དང་ཚ་ཚད་ཇེ་མཐོར་འགྲོ་བ། དེ་མིན་རླུང་གཟུགས་མང་པོ་ཕྱིར་བཏང་ནས་མཐའ་འཁོར་གྱི་བར་རྫས་ནང་མཐོ་གནོན་གྱི་རྫས་འགྱུར་འགྱུར་བ་བྱུང་ནས་རྣམ་པ་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག་གཏོར་བརླག་རང་བཞིན་ཧ་ཅང་ཆེ།

རིགས་དབྱེ།  

ལྕགས་རིགས་དབྱང་འགྱུར་རྫས།

ལྕགས་རིགས་དབྱང་འགྱུར་རྫས་ནི་དབྱང་གཞི་རྒྱུ་དང་ལྕགས་རིགས་གཞི་རྒྱུའི་དངོས་པོ་གཉིས་འགྱུར་འབྱུང་བྱུང་ནས་ཐོན་པའི་རྒྱུ་གཉིས་འདྲེས་འགྱུར་རྫས་ལ་ཟེར། དཔེར་ན། དབྱང་གསུམ་ལྕགས་གཉིས་རྫས་དང་དབྱང་ནཱ་རྫས་སོགས།

རིགས་དབྱེ།  

འབར་བ།

འོད་འཕྲོ་བ་དང་ཚ་བ་གཏོང་བའི་རྫས་འགྱུར་འགྱུར་འབྱུང་དྲག་པོ་ཚང་མར་འབར་བ་ཟེར། འབར་རུང་དངོས་པོ་དང་མཁའ་རླུང་ནང་གི་དབྱང་རླུང་བར་བྱུང་བའི་འོད་འགྱེད་ཅིང་ཚ་བ་གཏོང་བའི་དབྱང་འགྱུར་འགྱུར་འབྱུང་དྲག་པོ་ཚང་མ་འབར་བའི་སྣང་ཚུལ་ལ་གཏོགས།

རིགས་དབྱེ།  

འབར་འགད་སླ་བའི་དངོས་པོ།

འབར་སླ་བའི་རླུང་གཟུགས་དང་གཤེར་གཟུགས། འབར་སླའམ་རབ་འབར་བྱེད་པ། ཆུ་དང་འཕྲད་ན་འབར་བར་བྱེད་བའི་སྲ་གཟུགས། དངོས་པོ་གཞན་དག་འབར་བར་བྱེད་པའི་དངོས་པོ་སོགས། དེ་མིན་ཚ་བ་ཐེབས་པ་དང་རྡེབ་རྡེག་ཐེབས་ཚེ་འགད་སླ་བའི་དངོས་པོར་སྟོན་པ་ཡིན་ལ། འབར་གས་བྱུང་ཚེ་མི་ལུས་ཤི་རྨས་དང་རྒྱུ་ནོར་གྱོང་གུད་སོགས་ཀྱི་དོན་རྐྱེན་བཟོ་བའི་རྫས་འགྱུར་དངོས་པོའི་སྤྱི་མིང་། རྒྱུན་མཐོང་དུ་རིགས2200ལྷག་ཡོད།

རིགས་དབྱེ།  

མེ་གསོད་ཆས།

མེ་གསོད་ཆས་ནི་དངོས་ལུགས་སམ་རྫས་འགྱུར་གྱི་རྩ་བའི་རིགས་པ་སྤྱད་ནས་མེ་གསོད་པའི་སྒྲིག་ཆས་ཤིག་ཡིན་ལ། ཁྱེར་ན་སྟབས་བདེ་ཡིན་པའི་ཚན་རིག་དང་མཐུན་པའི་མེ་གསོད་ལག་ཆ་བཟང་བོ་ཞིག་ཀྱང་ཡིན། མི་མཐུན་པའི་མེ་གསོད་སྒྲིག་ཆས་རེ་རེ་ཁྲོད་བཞག་ཡོད་པའི་དངོས་རྫས་ཡང་གཅིག་མཐུན་མིན།

རིགས་དབྱེ།  

སྐྱེ་མེད་འདྲེས་འགྱུར་རྫས།

ཐཱན་གཞི་རྒྱུ་མི་འདྲེས་པའི་འདྲེས་འགྱུར་རྫས། ཆུ་དང་། ཟི་སྐྱུར། དབྱང་ཟངས་རྫས། ཆིང་དབྱང་ནཱ་རྫས་བཅས་ལྟ་བུའི་འདྲེས་འགྱུར་རྫས་ནི་གྲུབ་ཆའི་ཐད་ནས་བལྟས་ན་དེ་དག་ལ་ཐཱན་གཞི་རྒྱུ་མི་འདུས། རྫས་འགྱུར་སྟེང་དུ་དེ་དག་ལ་སྐྱེ་མེད་འདྲེས་འགྱུར་རྫས་ཟེར་བ་དང་། བསྡུས་མིང་ལ་སྐྱེ་མེད་རྫས་ཟེར། ཡིན་ཡང་དབྱང་གཅིག་ཐཱན་རྫས་དང་དབྱང་གཉིས་ཐཱན་རྫས། ཐཱན་སྐྱུར་ཀལ་སོགས་འདྲེས་འགྱུར་རྫས་ཉུང་ཤས་ལ་ཐཱན་གཞི་རྒྱུ་འདུས་ཡོད་ནའང་དེ་དག་གི་གྲུབ་ཆ་དང་ངོ་བོ་ནི་སྐྱེ་མེད་རྫས་དང་མཚུངས་པས་དེ་དག་ཀྱང་སྐྱེ་མེད་འདྲེས་འགྱུར་རྫས་ཀྱི་གྲས་སུ་གཏོགས།

རིགས་དབྱེ།  

ཐཱན་ཆུ་གྱུར་འདྲེས་དངོས་པོ།

ཐཱན་ཆུ་གྱུར་འདྲེས་དངོས་པོའི་རྫས་འགྱུར་རིག་པའི་དོད་རྟགས་ནིCHOབཀོད་ཅིང་། འཚོ་བཅུད་རིག་པ་མཁན་གྱིས་དགོངས་བཞེད་དུ་ཐཱན་ཆུ་གྱུར་འདྲེས་དངོས་པོ་དེ་ཐཱན་མེད་འཛག་ཐོན་དངོས་པོ་དང་། ཚི་སྣ་རྩུབ་ཤོས་ཏེ་གཉིས་སུ་བཀར་རོ།། ཐཱན་མེད་འཛག་ཐོན་དངོས་པོ་ཞེས་པ་ནི་ཕྲ་ཕུང་གི་ནང་དུ་ཞུགས་པའི་རྫས་ཏེ། དེ་ལ་མངར་རྐྱང་དང་མངར་ཟུང་། སིང་ཕྱེ་སོགས་འདུས་པས། འཚོ་བཅུད་ཀྱི་རིན་ཐང་མཐོ་ལ་ཆུ་ནང་ནས་ཞུ་སླ་བས། འཇུ་འགྱུར་སྡུད་ལེན་སླ་བ། སྤྱིར་བཏང་དུ་འཇུ་འགྱུར་འབྱུང་ཚད་བརྒྱ་ཆའི30ཡན་དུ་སླེབས་སོ།། ཚི་སྣ་རྩུབ་ཤོས་དེ་རྩི་ཏོག་གི་ཕྲ་ཕུང་ལྡེབས་ན་ཆགས་ཡོད་པའི་གྲུབ་ཆ་གཙོ་བོ་ཡིན་བས། ཚི་སྣའི་རྫས་དང་ཚི་སྣ་ཕྱེད་མའི་རྫས་སོགས་འདུས་ཡོད་ཅིང་། གཟན་ཆས་ནང་གི་འཇུ་འགྱུར་དཀའ་བའི་འཚོ་བཅུད་དངོས་པོ་ཡིན་ནོ།།

རིགས་དབྱེ།  

དཀུ་དབྱང་འཁྲུས།

​དཀུ་དབྱང་འཁྲུས་ནི་དེང་དུས་གསར་དུ་དར་བའི་ལུས་འཁྲུད་ཐབས་ཤིག་ཡིན་ལ། མིའི་ལུས་ཀྱི་དབང་བོ་གཞན་དག་ལའང་སྲུང་སྐྱོབ་ནུས་པ་ལེགས་པོ་ལྡན།

རིགས་དབྱེ།  

དཔྱང་རྙོག་དང་འོ་རྣམ་གཤེར་ཁུ།

སྲ་གཟུགས་རིལ་བུ་ཆུང་བ་གཤེར་གཟུགས་ནང་དུ་དཔྱང་གཡེང་བྱས་ཏེ་གྲུབ་པའི་མཉམ་བསྲེས་རྫས་དེ་ལ་དཔྱང་རྙོག་གཤེར་ཁུ་ཟེར་ལ། སྣུམ་ཐིགས་ཆུང་བ་གཤེར་གཟུགས་ནང་དུ་བཀྲམ་ནས་གྲུབ་པའི་མཉམ་བསྲེས་རྫས་དེ་ལ་འོ་རྣམ་གཤེར་ཁུ་ཟེར།

རིགས་དབྱེ།  

མཐུ་ཆུ།

གསེར་བཙོ་སྦྱང་མཁན་པོ་རྣམས་ཀྱིས་གསེར་ནི་སྐྱུར་ཁུ་ཁོ་ནའི་ནང་དུ་ཞུ་འབྱེད་བྱེད་དཀའ་བས། གཞི་རྒྱུ་གཞན་དང་མཉམ་དུ་བསྲེས་ན་ད་གཟོད་ཞུ་འབྱེད་བྱེད་ཐུབ་པས་སྐྱུར་གྱི་མཆོག་ཡིན་སྟབས་མཐུ་ཆུ་ཟེར་བ་ཡིན།

རིགས་དབྱེ།  

སྲ་ཤེལ།

སྲ་ཤེལ་ནི་ལྕགས་དང་འདྲ་བའི་སྲ་མཁྲེགས་ཀྱི་རང་བཞིན་ལྡན་པའི་འཚོ་བའི་ཁྲོད་ཁྱབ་གདལ་དུ་བཀོལ་བའི་རྒྱུ་ཆ་ཞིག་ཡིན།

རིགས་དབྱེ།  

སྐྱེ་ལྡན་ཤེལ།

སྐྱེ་ལྡན་ཤེལ་ནི་དོན་དངོས་སུ་ཤེལ་མིན་པར། ཆེས་དྭངས་གསལ་གྱི་སྐྱེ་ལྡན་འདུས་འདྲེས་གཟུགས་རྒྱུ་ཆ་ཞིག་ཡིན་ལ། དུས་རྒྱུན་གྱི་འཚོ་བའི་ཁྲོད་བཀོལ་བའི་རྒྱུ་ཆ་ཞིག་ཡིན།

རིགས་དབྱེ།  

སོལ་ནག

སོལ་ནག་ནི་ཕྲ་ཚིལ་ལ་མེ་སྒྲོན་ཏེ་ཅུང་ཙམ་འགོར་རྗེས་རྣམ་པ་གཞན་ཞིག་བྱུང་བའི་ཐཱན་གྱི་རྒྱུ་རྐྱང་གཞན་པ་ཞིག་གོ།

རིགས་དབྱེ།  

ཐྰན་རྒྱུ་རྐྱང་།

ཐཱན་རྒྱུ་རྐྱང་ནི་ཆགས་གཞི་དང་ངོ་བོ་མི་འདྲ་བ་ལ་བརྟེན་ནས་སྤྱོད་སྒོའང་མི་འདྲ་བའི་འཚོ་བའི་ཁྲོད་ཀྱི་ནུས་ལྡན་གྱི་རྒྱུ་ཆ་ཞིག་ཡིན།

རིགས་དབྱེ།  

གྲུང་གཤིས་སོལ།

གྲུང་གཤིས་སོལ་ནི་སོལ་གཞི་རྒྱུ་ཡིས་གྲུབ་ཆ་བྱས་ལ། དུག་འགོག་དང་འཚོ་བའི་ཁྲོད་རྫས་འགྱུར་གྱི་ནུས་པ་ཐོན་པའི་གཞི་རྒྱུ་ཞིག་ཡིན།

རིགས་དབྱེ།  

བུལ་ལྕགས་རིགས།

བུལ་ལྕགས་རིགས་ནི་གཞི་རྒྱུའི་འཁོར་ཡུན་རེའུ་མིག་ནང་གི་རྫས་འགྱུར་ངོ་བོ་ཤིན་ཏུ་གྲུང་པོའི་ལྕགས་རིགས་གཞི་རྒྱུ་ཞིག་གོ།

རིགས་དབྱེ།  

འཁྱགས་སྐམ།

འཁྱགས་སྐམ་ནི་འཁྱགས་དར་ལས་ཀྱང་ལེགས་པའི་འཁྱགས་བཟོ་བྱེད་རྫས་ཤིག་ཡིན་ལ། རྒྱུན་པར་མིའི་རིགས་ཀྱི་འཚོ་བའི་ཁྲོད་བཀོལ་སྤྱོད་བྱེད་པའི་གཞི་རྒྱུ་ཞིག་ཡིན།

རིགས་དབྱེ།  

ཆིང་།

ཧྥུལ་ནི་ལྕགས་རིགས་མིན་པའི་གཞི་རྒྱུ་དང་རྒྱུན་དྲོད་འོག་ཏུ་མདོག་སེར་སྐྱ་དང་ཟུག་གཟེར་གྱི་དྲི་ངན་ལྡན་པའི་རང་བཞིན་གྲུང་པོ་ཅན་གྱི་དུག་ལྡན་རླུང་གཟུགས་ཤིག་ཡིན།

རིགས་དབྱེ།  

ཆིང་།

ཆིང་ནི་ཆེས་ཡང་ཞིང་སྐར་རྒྱུད་རླུང་གཟུགས་ཁྲོད་ཁྱབ་ཆེ་བ། འཇིག་རྟེན་དུ་འདུས་ཚད་མང་བ་མ་ཟད། རྒྱུན་དྲོད་འོག་མདོག་དང་དྲི་ངན་གང་ཡང་མེད་པའི་རླུང་གཟུགས་ཤིག་ཡིན།

རིགས་དབྱེ།  

དཀུ་དབྱང་།

མཁའ་རླུང་ནང་དུ་འདུས་ཚད་ཆེས་ཉུང་བའི་རླུང་གཟུགས་ཤིག་ཡོད་པ་དེར་དཀུ་དབྱང་ཟེར་ལ། མདོག་སྔོ་སྐྱ་དང་ཉའི་དྲི་ངན་ལྡན་པའི་རླུང་གཟུགས་ཤིག་ཀྱང་ཡིན།

རིགས་དབྱེ།  

མཚོ་ཆུ་ཚྭ་མེད།

མཚོ་ཆུ་ཚྭ་མེད་ཅེས་པ་ནི་དངོས་ལུགས་སམ་རྫས་འགྱུར་བྱེད་ཐབས་སྤྱད་ནས་མཚོ་ཆུའི་ནང་གི་ཚྭའི་ཆ་དོར་ཏེ་ཚྭ་མེད་ཆུ་ལེན་པའི་ལག་རྩལ་གྱི་གོ་རིམ་ཞིག་ཡིན།

རིགས་དབྱེ།  

དབྱང་འདོར་རྫས།

དབྱང་འདོར་རྫས་ནི་སོར་ལོག་རང་བཞིན་ལྡན་པའི་རྫས་འགྱུར་ཚོད་རྫས་ཤིག་ཡིན་ལ། མིའི་རིགས་ཀྱི་འཚོ་བའི་ཁྲོད་བཀོལ་བའི་རྫས་འགྱུར་གྱི་གཞི་རྒྱུ་ཞིག་ཡིན།

རིགས་དབྱེ།  

དཀོན་པོའི་ལྕགས་རིགས།

མི་རྣམས་ཀྱིས་རང་བྱུང་ཁམས་སུ་དཀོན་ཞིང་ཁྱབ་པ་ཐ་ཐོར་དང་། རྒྱུ་རྐྱང་དང་དེའི་འདྲེས་འགྱུར་རྫས་སྔོག་འདོན་དང་གསར་སྤེལ་འཕྱི་བའི་ལྕགས་རིགས་ཐམས་ཅད་ལ་དཀོན་པོའི་ལྕགས་རིགས་ཟེར།

རིགས་དབྱེ།  

ཧང་བསྲེས་ལྕགས།

ཧང་བསྲེས་ལྕགས་ནི་རྒྱུ་ཡང་བ་དང་། སྲ་ཞིང་མཉེན་པ། འཕྲུལ་ཆས་གཤིས་ནུས་ལེགས་པའི་ཁྱད་ཆོས་ལྡན་པའི་ཐོན་སྐྱེད་འཚོ་བའི་ཁྲོད་སྤྱོད་སྒོ་ཆེ་བའི་རྒྱུ་ཆ་ཞིག་གོ།

རིགས་དབྱེ།  

དྲོད་ཁང་ནུས་སྣང་།

རླུང་ཁམས་ཆེན་མོས་ཉི་མ་དང་ས་ངོས་ལས་བྱུང་བའི་རླབས་རིང་ཁྱབ་འགྱེད་དྲག་ཏུ་བསྡུ་ཐུབ་པ་དང་། དུས་མཚུངས་སུ་ས་ངོས་སུ་རླུང་ཁམས་ཆེན་མོའི་ཁྱབ་འགྱེད་ལྡོག་མ་གནས་པར་བྱས་ཏེ་ས་ཁའི་དྲོད་ཚད་འཕར་དུ་བཅུག སྣང་ཚུལ་འདིར་དྲོད་ཁང་ནུས་སྣང་ཟེར།

རིགས་དབྱེ།  

རྫས་འགྱུར་ཚན་རིག་གི་འཇོན་ནུས།

རྫས་འགྱུར་ཚན་རིག་འཇོན་ནུས་ཞེས་པ་ནི་རིག་གནས་ཀྱི་འཇོན་ནུས་ལས་འཕྲོས་ཏེ་བྱུང་བ་ཡིན། དེར་ཚན་རིག་གི་རྩ་བའི་ལྟ་ཚུལ་སྤྱད་ནས་རང་བྱུང་ཁམས་ངོས་འཛིན་པར་མ་ཟད། སྤྱི་ཚོགས་འཚོ་བ་དང་། དཔལ་འབྱོར་འཚོ་བ། ཐོན་སྐྱེད་ལག་ལེན་ཐག་གཅོད་བཅས་ལ་མཁོ་བའི་རྫས་འགྱུར་གྱི་དོན་སྤྱི་ཞིག་གོ།

རིགས་དབྱེ།  

རུལ་འགོག་རྫས།

རུལ་འགོག་རྫས་ནི་སྐྱེ་དངོས་ཕྲ་རབ་སྐྱེ་བ་དང་རྒྱུད་སྤེལ་འགོག་ཐུབ་ཅིང་སྐྱེ་ལྡན་གཟུགས་རུལ་བ་འགོག་པའི་འདྲེས་འགྱུར་རྫས་ཤིག་ཡིན།

རིགས་དབྱེ།