དཔྱང་རྙོག་དང་འོ་རྣམ་གཤེར་ཁུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲ་གཟུགས་རིལ་བུ་ཆུང་བ་གཤེར་གཟུགས་ནང་དུ་དཔྱང་གཡེང་བྱས་ཏེ་གྲུབ་པའི་མཉམ་བསྲེས་རྫས་དེ་ལ་དཔྱང་རྙོག་གཤེར་ཁུ་ཟེར་ལ། སྣུམ་ཐིགས་ཆུང་བ་གཤེར་གཟུགས་ནང་དུ་བཀྲམ་ནས་གྲུབ་པའི་མཉམ་བསྲེས་རྫས་དེ་ལ་འོ་རྣམ་གཤེར་ཁུ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་སྐད་ཀྱི་མིང་།
悬浊液和乳状液
ངོ་བོ།
གཤེར་གཟུགས།
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
རྫས་འགྱུར།
1 ​དཔྱང་རྙོག་གཤེར་ཁུ།

གལ་ཏེ་ས་འདམ་ཞིག་ཆུ་ཡོད་པའི་དཀར་ཡོལ་ནང་དུ་བཏབ་ན།   ཐོབ་པ་ནི་གཤེར་གཟུགས་རྙོག་མ་ཡིན།   ཞིབ་ཏུ་བལྟས་ན་གཤེར་གཟུགས་ནང་དུ་སྲ་གཟུགས་རིལ་བུ་ཆུང་ཆུང་མང་པོ་ཞིག་དཔྱང་གཡེང་བྱས་ཡོད་པ་དང་།   ལྷིང་འཇགས་ངང་བཞག་ན་སྲ་གཟུགས་རིལ་བུ་གཏིང་དུ་ནུབ་པ་མཐོང་།   སྲ་གཟུགས་རིལ་བུ་ཆུང་བ་གཤེར་གཟུགས་ནང་དུ་དཔྱང་གཡེང་བྱས་ཏེ་གྲུབ་པའི་མཉམ་བསྲེས་རྫས་དེ་ལ་དཔྱང་རྙོགས་གཤེར་ཁུ་ཟེར། 

2     འོ་རྣམ་གཤེར་ཁུ།

གལ་ཏེ་རྩི་ཤིང་གི་སྣུམ་ཞིག་ཆུ་ཡོད་པའི་དཀར་ཡོལ་ནང་དུ་བླུགས་ཏེ།    དཀྲུགས་ན་གཤེར་གཟུགས་ནང་དུ་ཆེར་མི་ཞུ་བའི་སྣུམ་ཐིགས་བཀྲམ་ཡོད་པ་མཐོང་།   སྣུམ་ཐིགས་ཆུང་བ་གཤེར་གཟུགས་ནང་དུ་བཀྲམ་ནས་གྲུབ་པའི་མཉམ་བསྲེས་རྫས་དེ་ལ་འོ་རྣམ་གཤེར་ཁུ་ཟེར་ལ།   འོ་རྣམ་གཤེར་ཁུ་ཡང་ཟེར།  འོ་མ་དང་།  འཁྱག་ཟས་ཀ་ར།  ཞུའོ་ཧྭ་ཀོ་ངོ་ཕུར་སོགས་ཚང་མ་འོ་རྣམ་གཤེར་ཁུ་ཡིན། འོ་རྣམ་གཤེར་ཁུ་ནི་བཟོ་ལས་ཐོན་སྐྱེད་དང་།  སྨན་རྫས།   དུས་རྒྱུན་གྱི་འཚོ་བ་བཅས་སུ་ཁྱབ་གདལ་དུ་བཀོལ་བཞིན་ཡོད།


བརྡ་འགྲེལ་གདོང་འཛར།

འོ་རྣམ་གཤེར་ཁུ། དཔྱང་རྙོག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-09

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།