ཐཱན60
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐཱན60
སྤྱི་ལོ1985ལོར། དབྱིན་ཇིའི་རྫས་འགྱུར་རིག་པའི་མཁས་པ་ཧ་རོལ་དི་ཁི་རོ་ཐོ་དང་། ཨ་རིའི་རྫས་འགྱུར་རིག་པའི་མཁས་པ་རི་ཆར་དི་སི་མ་ལེའི། རོ་བེར་ཏི་ཁོར་ལི་གསུམ་གྱིས་ལཱ་ཟེར་དྲག་པོ་རྡོ་སྣག་ལ་སྤྲོ་སྐབས་དངོས་རྫས་གསར་པ་ཞིག་རྙེད་པ་རེད། དངོས་རྫས་གསར་པ་དེའི་ཆ་རྡུལ་རེ་རེ་བཞིན་ཐཱན་མ་རྡུལ60རེས་གྲུབ་ཡོད། དེ་ནི་ཐཱན60རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
足球烯
ཕྱི་ཡིག་གི་མིང་།
Fullerene
མིང་གཞན།
པཱ་ཅི་གྲུ་གུ
རྫས་འགྱུར་གྲུབ་ཚུལ།
C60
1 ངོ་སྤྲོད།

C60ནི་ཐཱན་མ་རྡུལ60ཡིས་གྲུབ་པའི་ཆ་རྡུལ་ཡིན། དབྱིབས་ནི་སྤོ་ལོ་དང་འདྲ་བ་ཡིན། དེ་བས་སྤོ་ལོ་ཞིའང་ཟེར་བ་ཡིན། C60ནི་ཐཱན་མ་རྡུལ་རྐྱང་མ་མཉམ་འདྲེས་ལས་གྲུབ་པའི་གཏན་འཇགས་ཀྱི་ཆ་རྡུལ་ཡིན། དེ་ལ་རྩེ་གནས60ཡོད་པ་དང་ངོས32ཡོད་པ་རེད། དེའི་ནང་གི12ནི་ཚད་ལྡན་མཐའ་ལྔ་དབྱིབས་དང་། 20ནི་ཚད་ལྡན་མཐའ་དྲུག་དབྱིབས་ཡིན། དེའི་ལྟོས་བཅས་ཆ་རྡུལ་གྲངས་ཚད་ནི་ཕལ་ཆེར720ཡིན།

རྫས་འགྱུར་ཚུལC60ཡིན། འདིའི་མ་རྡུལ་སྒྲིག་སྟངས་གཞན་དང་མི་འདྲ། སྤྱི་ལོ1985ལོར། ཚན་རིག་པས་སྐུལ་འོད་རྡོ་སྣག་སྟེང་འཕྲོ་རུ་བཅུག་པ་ན་སྤུས་ཤལ་ཐབས་ཀྱིས་ཐོག་དང་པོརསོགས་ཐཱན་མ་རྡུལ་རྟོགས་པ་རེད། ཡིན་ནའངཆ་རྡུལ་གྱི་ཆགས་གཞི་ཡིས་ཚན་རིག་པ་རྣམས་ལ་དཀའ་ཁག་ཆེན་པོ་བཟོས། རྗེས་སུ། ཨར་ལས་པཧྥུའུ་ལེ་ཡིས་ཇུས་འགོད་བྱས་པའི་གཞུ་དབྱིབས་ཀླད་གོར་ཨར་ལས་ཆགས་གཞི་ལས་བློ་སྐྱེད་ཐོབ་ནས་དབྱིན་ཇིའི་ཚན་རིག་པཁེ་ལའོ་ཐོ་ཡིསཆ་རྡུལ་ལ་ཁ་ཟུམ་ཟླུམ་དབྱིབས་ཆགས་གཞི་ཡོད་པའི་བསམ་ཚུལ་བཏོན་ལ། མཐར་ཁོའི་བསམ་ཚུལ་དེ་འོད་ཤལ་ཚད་ལེན་བརྒྱུད་ནས་བདེན་དཔང་བྱས། ཆ་རྡུལ་གྱི་དབྱིབས་དང་ཆགས་གཞི་ནི་རྐང་རྩེད་སྤོ་ལོ་ཞིག་དང་འདྲ་བས། གསོན་ཉམས་ལྡན་པའི་སྒོ་ནསརྐང་རྩེད་སྤོ་ལོ་སེནཞེས་ཟེར། ཧྥུའུ་ལེ་ཡི་བློ་སྐྱེད་ལ་བརྟེན་ནས། རྗེས་སུ་རྟོགས་པའིདངསོགས་ཐཱན་མ་རྡུལ་རིགས་སྐོར་ཞིག་ལ་ཧྥུའུ་ལེ་སིན་ཟེར། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-06-29

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།