རྫས་འགྱུར་གཞི་རྒྱུ།

གཞི་རྒྱུ་ནི་དངོས་པོའི་གྲུབ་ཚུལ་གྱི་རྨང་གཞིའི་གྲུབ་ཆ་ཡིན་ལ། གཞི་རྒྱུ་སྟེ་རིགས་གཅིག་མ་རྡུལ་ལམ་ཉིང་གློག་ཁུར་གྲངས(དེའང་ཉིང་ནང་གི་རྒྱུ་རྡུལ་གྲངས་ཡིན)གཅིག་པ་ལྡན་པའི་མ་རྡུལ་རིགས་གཅིག་གི་སྤྱི་མིང་ཡིན། སྤྱི་ལོ2012བར་གསེར་རྙེད་བྱུང་བའི་གཞི་རྒྱུ་རིགས118ལྷག་ཡོད། དེ་ལས་སའི་གོ་ལའི་སྟེང་གནས་པའི་གཞི་རྒྱུ་རིགས94ལྷག་ཡོད།

རིགས་དབྱེ།  

ནུས་ཁུངས་ཚན་རིག

ནུས་ཁུངས་ཚན་རིག་ནི་ནུས་ཁུངས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ལ། གཙོ་བོར་ནུས་ཁུངས་སྣ་ཚོགས་ཀྱི་གསར་སྤེལ་དང་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་གཞུང་ལུགས་ཀྱི་ལག་རྩལ་དང་སྲིད་ཇུས་ལ་ཞིབ་འཇུག་བྱེད་པ་དེ་རྒྱལ་དམངས་དཔལ་འབྱོར་དང་འབྲེལ་བ་དམ་པོ་ཡོད། ནུས་ཁུངས་ཚན་རིག་ཞིབ་འཇུག་བྱེད་པ་དེས་འཛམ་གླིང་གི་དཔལ་འབྱོར་གོང་དུ་འཕེལ་བ་དང་དེ་བཞིན་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བར་ནུས་པ་ཧ་ཅང་ཆེན་པོ་ཐོན་གྱིན་ཡོད།

རིགས་དབྱེ།  

སྐྱེ་མེད་ལྷད་རྫས།

སྐྱེ་མེད་ལྷད་རྫས(inorganic impurity)ནི་སྤྱི་ལོ2014ལོར་ཁྱབ་བསྒྲགས་བྱས་པའི་སྨན་རྫས་རིག་པའི་ཐ་སྙད་ཅིག་ཡིན།

རིགས་དབྱེ།