བརྙན་འཕྲིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྙན་འཕྲིན།
བརྙན་འཕྲིན་རྒྱང་བསྒྲགས་སུ་རྒྱུན་པར་སྨི་རླབས་སྤྱོད་པ་ཡིན། དེ་གེགས་དངོས་ལས་ལྡོག་འཕྲོ་བྱེད(དཔེར་ན་རི་བོ་དང་། བཟོ་བཀོལ་སོགས་ལྟ་བུ)སླ། བརྙན་འཕྲིན་གནམ་སྐུད་ཀྱིས་བརྡ་རྟགས་དྲག་པོ་སྡུད་ལེན་བྱས་རྗེས། ཡང་མུ་མཐུད་དུ་གེགས་དངོས་ལས་ལྡོག་འཕྲོ་བྱས་པའི་བརྡ་རྟགས་ཞན་པ་སྡུད་ལེན་བྱེད་པ་ཡིན། བརྡ་རྟགས་འདི་གཉིས་བསླེབས་པའི་དུས་ཚོད་ཧ་ཅང་ཉེ་བས་བརྙན་ཡོལ་སྟེང་དུ་གྲིབ་བརྙན་དྲག་ཞན་གཉིས་མངོན་པ(བརྩེགས་བརྙན)ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电视
ཕྱི་ཡིག་གི་མིང་།
television、tv、video
1 བརྙན་འཕྲིན།

日日日哥哥.png

བརྙན་འཕྲིན་གཏོང་སྣེ་རུ་བརྙན་ལེན་སྦུ་གུས་ཡུལ་ལྗོངས་པར་དུ་ལེན་པ་མ་ཟད་ཡུལ་ལྗོངས་ལས་ལྡོག་འཕྲོ་བྱས་པའི་འོད་དེ་གློག་གི་བརྡ་རྟགས་སུ་བརྗེ་སྤོར་བྱས་པ་རེད། བརྙན་ལེན་ཤེལ་མགོ་ཡིས་ཡུལ་ལྗོངས་ཀྱི་གཟུགས་བརྙན་དེ་བརྙན་ལེན་སྦུ་གུའི་སྟེང་དུ་ཤར་དུ་འཇུག་པ་དང་། གློག་རྡུལ་མདའ་ལས་བཏག་བའི་གློག་རྡུལ་མདའ་ལས་བཏང་བའི་གློག་རྡུལ་ཆུན་པོས་ཤེལ་ཡོལ་སྟེང་གི་བརྙན་རིས་བཤར་ཕབ་བྱེད་པ་ཡིན་། བཤར་ཕབ་བྱེད་པའི་ལམ་ཐིགаནས་འགོ་བརྩམས་ཏེ་ཕྲེང་སྟར་རེ་རེ་བཞིནbབར་དུ་བཤར་ཕབ་བྱས། གློག་རྡུལ་ཆུན་པོས་བརྙན་རིས་ཤིག་ཚེག་སོ་སོའི་གསལ་མུན་གྱི་གནས་ཚུལ་ལྟར། ཚེག་རེ་རེ་བཞིན་དྲག་ཞན་མི་འདྲ་བའི་བརྡ་རྟགས་གློག་རྒྱུན་དུ་སྒྱུར་བ་རེད། གནམ་སྐུད་ཀྱིས་བརྙན་རིས་བརྡ་རྟགས་ལྡན་པའི་གློག་ཁབ་ལེན་རླབས་ཕྱིར་བཏང་བ་རེད། བརྙན་འཕྲིན་གྱི་སྡུད་ལེན་སྣེ་རུ་གནམ་སྐུད་ཀྱིས་གློག་ཁབ་ལེན་རླབས་བསྡུས་རྗེས་ལྟོས་འབྱུང་གློག་རྒྱུན་འབྱུང་བ་དང་། དེ་ནས་མཐུན་སྦྱོར་དང་བསྒྲིགས་བཀྲོལ་སོགས་བྱས་ཏེ་ཐོབ་པའི་བརྙན་རིས་བརྡ་རྟགས་དེ་བརྙན་སྦུག་ཏུ་བསྐྱལ་ནས། ཡུལ་ལྗོངས་ཀྱི་གཟུགས་བརྙན་དུ་སོར་ཆུད་བྱས་པ་རེད། བརྙན་སྦུག་ནང་གི་གློག་རྡུལ་མདའ་ལས་བཏང་བའི་གློག་རྡུལ་ཆུན་པོའང་ཆེམ་འོད་བརྙན་ཡོལ་སྟེང་དུ་བཤར་ཕབ་བྱེད་ཅིང་། བཤར་ཕབ་བྱེད་སྟངས་དང་གོམ་སྟོབས་བརྙན་ལེན་སྦུ་གུའི་བཤར་ཕབ་དང་འགྲོས་མཐུན་ཡིན། དུས་མཚུངས་སུ། བརྙན་སྦུག་གློག་རྡུལ་མདའ་ལས་བཏང་བའི་གློག་རྡུལ་ཆུན་པོའི་དྲག་ཞན་ལ་བརྙན་རིས་བརྡ་རྟགས་ཀྱི་ཚོད་འཛིན་ཐེབས་པ་རེད། འདི་ལྟར་ཆེམ་འོད་བརྙན་ཡོལ་སྟེང་དུ་བརྙན་ལེན་ཤེལ་ཡོལ་ཐོག་གི་པར་དང་འདྲ་བའི་འདྲ་རིས་མངོན་པ་རེད།


2 རཱ་ཏར།

太太太.png

到底v.png

རཱ་ཏར་ནི་སྐུད་མེད་གློག་རླབས་སྤྱད་ནས་དངོས་གཟུགས་ཀྱི་གནས་ས་འཇལ་བའི་སྐུད་མེད་གློག་གི་སྒྲིག་ཆས་ཤིག་ཡིན། གློག་ཁབ་ལེན་རླབས་གལ་ཏེ་ཚད་གཞི་རླབས་ཐག་ལས་མངོན་གསལ་གྱིས་ཆེ་བའི་གེགས་དངོས་དང་འཕྲད་ན་ལྡོག་འཕྲོ་བྱེད་ངེས། རཱ་ཏར་ནི་གློག་ཁབ་ལེན་རླབས་ཀྱི་ཁྱད་གཤིས་འདི་སྤྱད་ནས་བྱ་བ་བྱེད་པ་ཡིན། གློག་ཁབ་ལེན་རླབས་ཀྱི་རླབས་ཐག་ཇི་ལྟར་ཐུང་ན། ཁྱབ་སྤེལ་བྱེད་པའི་དྲང་ཐིག་རང་བཞིན་དེ་ལྟར་ལེགས་པ་དང་། ལྡོག་འཕྲོའི་རང་བཞིན་གྱི་ནུས་པ་དེ་ལྟར་དྲག་པ་རེད། དེའི་ཕྱིར་རཱ་ཏར་ལ་ཕྲ་རླབས་སྤྱད་པ་རེད། རཱ་ཏར་གྱི་གནམ་སྐུད་འཁོར་འགུལ་བྱེད་ཐུབ། དེས་ཕྱོགས་ངེས་ཅན་དུ་བསྟུད་མར་མིན་པའི་སྐུད་མེད་གློག་རླབས(རྩ་འཕར་ཟེར)འཕྲི་གཏོང་བྱེད་པ་རེད། ཐེངས་རེར་འཕྲོ་གཏོང་བྱས་པའི་དུས་ཚོད1ལས་མི་བརྒལ་ཞིང་། ཐེངས་གཉིས་ལ་འཕྲོ་གཏོང་བྱས་པའི་དུས་ཚོད་ཀྱི་བར་མཚམས་ཧ་ལམ་དུས་ཚོད་འདིའི་ལྡབ100ཡིན། འདི་ལྟར་ན། ཕྱིར་འཕྲོ་གཏོང་བྱས་པའི་སྐུད་མེད་གློག་རླབས་གེགས་དངོས་དང་འཕྲད་རྗེས་ཕྱིར་ལྡོག་འཕྲོ་བྱེད་སྐབས། དུས་ཚོད་བར་མཚམས་འདིའི་ནང་དུ་གནམ་སྐུད་ཀྱིས་སྡུད་ལེན་བྱེད་ཐུབ། སྐུད་མེད་གློག་རླབས་འཕྲོ་གཏོང་བྱས་པ་ནས་ལྡོག་འཕྲོའི་རླབས་སྡུད་ལེན་བྱེད་པའི་དུས་ཚོད་བཅལ་ན། གེགས་དངོས་ཀྱི་བར་ཐག་བརྩི་ཐུབ་པ་དང་། དེ་ནས་རླབས་འཕྲོ་གཏོང་བྱེད་པའི་ཁ་ཕྱོགས་དང་གྱེན་ཟུར་གཞིར་བཟུང་ན། གེགས་དངོས་ཀྱི་གནས་ས་གཏན་ཁེལ་བྱེད་ཐུབ། 

བརྡ་འགྲེལ་གདོང་འཛར།

ཚན་རིག དངོས་ལུགས། བརྙན་འཕྲིན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-07

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།