གློག་གཏོང་སྣང་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་གཏོང་སྣང་ཚུལ།
གནོན་མཐོ་གློག་ལྡན་གཟུགས་འདྲེན་གཟུགས་དང་བཅར་བ་ཧ་ཅང་ཉེ་སྐབས། གློག་ར་དྲག་པོས་དེ་དག་བར་གྱི་མཁའ་རླུང་སྐད་ཅིག་ཙམ་ལ་གློག་གྱེས་འབྱུང་དུ་འཇུག་སྲིད། གློག་གྱེས་པའི་མཁའ་རླུང་བརྒྱུད་དེ་གློག་ཁུར་གློག་རྒྱུན་དུ་གྲུབ་པ་རེད། གློག་ལྡན་སྤྲིན་ཕུང་ཆགས་རིམ་བར་རམ་ཡང་ན་གློག་ལྡན་སྤྲིན་ཕུང་ཆགས་རིམ་དང་ས་ངོས་བར་གློག་གཏོང་དྲག་པོ་འབྱུང་སྐབས། མིག་འཚེར་བའི་འཁྱུག་འོད་དང་སྒྲ་ཆེན་པོ་འབྱུང་བ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
放电
དབྱིན་ཡིག་གི་མིང་།
discharging
1 ས་སྦྲེལ་གློག་གཏོང་།

是是是.png

སའི་གོ་ལ་ནི་འདྲེན་གཟུགས་ལེགས་པོ་ཞིག་ཡིན། དེ་ཧ་ཅང་ཆེ་བའི་རྐྱེན་གྱིས་གློག་ཁུར་འབོར་ཆེན་སྡུད་ལེན་བྱེད་ཐུབ་པར་མ་ཟད་སའི་གོ་ལའི་གློག་སྟོབས་བསྒྱུར་བ་མངོན་གསལ་མིན། འདི་ནི་རྒྱ་མཚོ་ཆེན་པོ་ནང་གི་ཆུ་ཕྱིར་འདྲེན་པའམ་ཡང་ན་ནང་དུ་ཆུ་བཏང་ན་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་འགྱུར་བ་མངོན་གསལ་མིན་པ་ལྟ་བུ་ཡིན། གལ་ཏེ་འདྲེན་གཟུགས་དེ་སའི་གོ་ལ་དང་སྦྲེལ་ན། གློག་ཁུར་གློག་ལྡན་གཟུགས་ལས་སའི་གོ་ལར་རྒྱུ་སྟེ། འདྲེན་གཟུགས་ལ་གློག་ཧ་ཅང་ཉུང་ཚེ་དེར་གློག་མི་ལྡན་པར་སྙམ་ཆོག

2 མེ་སྟག་གློག་གཏོང་།

火星.png

གནོན་མཐོ་གློག་ལྡན་གཟུགས་འདྲེན་གཟུགས་དང་བཅར་བ་ཧ་ཅང་ཉེ་སྐབས། གློག་ར་དྲག་པོས་དེ་དག་བར་གྱི་མཁའ་རླུང་སྐད་ཅིག་ཙམ་ལ་གློག་གྱེས་འབྱུང་དུ་འཇུག་སྲིད། གློག་གྱེས་པའི་མཁའ་རླུང་བརྒྱུད་དེ་གློག་ཁུར་གློག་རྒྱུན་དུ་གྲུབ་པ་རེད། གློག་རྒྱུན་ཧ་ཅང་ཆེ་བའི་དབང་གིས་ཚ་བ་འབོར་ཆེན་བྱུང་སྟེ། མཁའ་རླུང་ལས་སྒྲ་ཐོན་ཞིང་འོད་འཁྱུག་པ་དང་། གློག་གི་མེ་སྟག་མཆེད་པ་རེད། གློག་གཏོང་སྣང་ཚུལ་འདི་རིགས་ལ་མེ་སྟག་གློག་གཏོང་ཟེར། འཚོ་བའི་ཁྲོད་དུ་རྒྱུན་པར་མེ་སྟག་གློག་གཏོང་ལ་འཕྲད་སྲིད། སྐམ་གཤིས་ཆེ་བའི་དགུན་ཁར། སྐུད་བསླེས་སྟོད་གོས་རྫས་འགྱུར་ཚི་སྣའི་གོན་པ་གྱོན་ནས་ཡུན་རིང་སོང་རྗེས། གཙུབ་བརྡར་བྱས་པའི་རྐྱེན་གྱིས་ལུས་པོའི་སྟེང་དུ་ཞུ་གློག་ཁུར་གསོག་འཇོག་བྱེད་སྲིད། སྐབས་འདིར་གལ་ཏེ་ལག་པ་ལྕགས་རིགས་དངོས་རྫས་ཀྱི་གམ་དུ་བཅར་ན། ཁྱོད་ལ་ལག་པར་ཁབ་གཙགས་པ་ལྟ་བུའི་ན་ཟུག་གི་ཚོར་སྣང་སྐྱེ་སྲིད། འདི་ནི་མེ་སྟག་གློག་གཏོང་ལས་བྱུང་བ་ཡིན། གལ་ཏེ་སྔ་མོ་ནས་ལྡེ་མིག་བཟུང་ནས་ལྡེ་མིག་གི་རྩེ་མོ་ལྕགས་རིགས་གཞན་པར་བཅར་ན་ན་ཟུག་གཡོལ་སྲིད། ཅུང་མིན་པའི་གནས་སུ་ཚོད་ལྟ་བྱས་ན། ལྡེ་མིག་གི་རྩེ་མོ་ལྕགས་རིགས་ལ་གཅོར་བའི་སྐབས་སུ། སྒྲ་ཐོས་ཐུབ་པ་མ་ཟད་མེ་སྟག་ཀྱང་མཐོང་ཐུབ།             

3 གློག་འཁྱུག་པ།

QQ截图20151126152719.png

གློག་ལྡན་སྤྲིན་ཕུང་ཆགས་རིམ་བར་རམ་ཡང་ན་གློག་ལྡན་སྤྲིན་ཕུང་ཆགས་རིམ་དང་ས་ངོས་བར་གློག་གཏོང་དྲག་པོ་འབྱུང་སྐབས། མིག་འཚེར་བའི་འཁྱུག་འོད་དང་སྒྲ་ཆེན་པོ་འབྱུང་བ་རེད། འདི་ནི་གློག་འཁྱུག་པ་ཟེར་བ་དེ་ཡིན། གློག་འཁྱུག་ལས་བྱུང་བའི་གློག་གཏོང་གློག་རྒྱུན་དེ་ཨམ་ཕེར་ཁྲི་ཚོ་བཅུ་ཕྲག་འགར་སླེབ་ཐུབ་པས། བཟོ་བཀོད་ལ་གནོད་པ་ཚབས་ཆེན་ཐེབས་སྲིད། འདི་ནི་ཐོག་རྒྱག་པ་ཟེར་བ་དེ་ཡིན། ཐོག་རྒྱག་པ་ལས་གཡོལ་ཆེད། མི་རྣམས་ཀྱིས་ཐོག་འགོག་ཁབ་ཇུས་འགོད་བྱས་ཡོད། ཐོག་འགོག་ཁབ་ནི་ཁབ་ལྟ་བུའི་ལྕགས་རིགས་དངོས་རྫས་ཤིག་ཡིན་ཞིང་། བཟོ་བཀོལ་ཀྱི་རྩེ་མོར་སྤྲད་དེ། འདྲེན་སྐུད་སྦོམ་པོས་ས་འོག་ཏུ་བཅུག་པའི་ལྕགས་རིགས་ལེབ་མོ་དང་སྦྲེལ་ནས་ས་གཞི་དང་འཕྲོད་སྦྱོར་བྱས་ཡོད། གློག་ལྡན་སྤྲིན་ཕུང་ཆགས་རིམ་དང་གཅོར་སྐབས། ས་གཞིའི་ཁྲོད་ཀྱི་ཐ་དད་གློག་ཁུར་ཐོག་འགོག་ཁབ་ཀྱི་རྩེ་མོར་འགུག་འདྲེན་བྱེད་པ་མ་ཟད། རྩེ་མོ་ལས་མཁའ་རླུང་ནང་དུ་གློག་བཏང་སྟེ། སྤྲིན་ཕུང་ཆགས་རིམ་ནང་གི་གློག་ཁུར་དང་བཏང་སྙོམས་བྱས་པས་ཐོག་འགོག་པའི་དམིགས་ཡུལ་གྲུབ་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-07

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།