འཕྲུལ་ཆས་རླབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཕྲུལ་ཆས་རླབས།
འཕྲེད་མདའ(χམདའ)དང་གཞུང་མདའ(yམདའ)བཀོད་ན། འཕྲེད་རླབས་འདིའི་དཔེ་རིས་ཤིག་ཐོབ་པ་ཡིན། སྤུས་གནས་སོ་སོའི་དོ་མཉམ་གནས་ཚང་མχམདའ་ཐིག་སྟེང་དུ་གནས་པ་དང་། འཁྱོག་ཐིག་སྟེང་གི་གནས་སོ་སོའི་གཞུང་གནས་ཚད་ཀྱིས་དུས་མཚམས་གཅིག་གི་སྤུས་གནས་སོ་སོའི་དོ་མཉམ་གནས་སྤོ་མཚོན་པ་ཡིན། སྤུས་གནས་འདར་འགུལ་བྱེད་པའི་ཁ་ཕྱོགས་དེ་རླབས་ཁྱབ་སྤེལ་བྱེད་པའི་ཁ་ཕྱོགས་དང་དྲང་འཕྱང་དུ་གནས། རླབས་འདི་ལྟ་བུ་ལ་འཕྲེད་རླབས་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
机械波
ཕྱི་ཡིག་གི་མིང་།
mechanical wave
1 རླབས།

发图.png

རླབས་གླེང་ན། ཚང་མས་ཆུ་རླབས་ཡིད་ལ་འཆར་ངེས། ཆུ་ངོས་སུ་རྡེའུ་ཞིག་འཕངས་ན། ཆུ་ངོས་ལ་རྡེའུ་ཡི་རྡེབ་རྡེག་ཐེབས་ནས་ཡར་མར་འདར་འགུལ་བྱེད་འགོ་རྩོམ་པ་དང་། ཆུ་ངོས་ཀྱི་འདར་འགུལ་ཕྱོགས་བཞིར་ཁྱབ་སྤེལ་བྱས་ཏེ་ཆུ་གཉེར་ཆགས་པ་རེད། ཅུང་མ་འགོར་བར་རྒྱང་རིང་གི་ཆུ་ངོས་ཀྱང་ཡར་མར་འདར་འགུལ་བྱེད་འགོ་རྩོམ་པ་རེད། ཆུ་ནི་རླབས་ཁྱབ་སྤེལ་བྱེད་པའི་སྨྱན་བྱེད་དངོས་པོ་ཡིན། ཆུ་ལ་བར་རྫས་ཟེར། འཕྲུལ་ཆས་འདར་འགུལ་བར་རྫས་ནང་དུ་ཁྱབ་སྤེལ་བྱས་ཏེ་འཕྲུལ་ཆས་རླབས་ཆགས་པ་རེད། གལ་ཏེ་ཆུ་ངོས་སུ་སྡོང་ལོ་ཞིག་ཡོད་ན། རླབས་ཁྱབ་པའི་སྐབས་སུ་སྡོང་ལོ་ཆུ་ངོས་དང་བསྟུན་ནས་ཡར་མར་འདར་འགུལ་བྱེད་པ་ཡིན་མོད། འོན་ཀྱང་དེ་རླབས་ཁྱབ་སྤེལ་བྱེད་པའི་ཕྱོགས་སུ་གཡེངས་ནས་འགྲོ་མི་སྲིད། འདིས་འཕྲུལ་ཆས་རླབས་ནི་འཕྲུལ་ཆས་འདར་འགུལ་གྱི་འགུལ་སྐྱོད་རྣམ་པ་འདི་ཁྱབ་སྤེལ་བྱེད་པ་ལས། བར་རྫས་རང་ཉིད་རླབས་ཀྱི་ཁྱབ་སྤེལ་ཕྱོགས་སུ་སྤོར་འགུལ་མི་བྱེད་པ་མཚོན།

2 གཞུང་རླབས།

哥哥让人.png

ཐག་པའི་སྣེ་ཞིག་ནས་བཟུང་སྟེ་རྒྱུན་ཆད་མེད་པར་ཡར་མར་དུ་སྤྲུགས་ན། རླབས་ཐག་པ་དེད་ནས་ཁྱབ་སྤེལ་བྱེད་པ་མཐོང། ཐག་པ་ནི་སྤུས་གནས་མང་པོ་འབྲེལ་བ་ལས་གྲུབ་པ་ཡིན་པར་བལྟས་ཆོག སྤུས་གནས་རེ་རེ་ཡར་མར་གྱི་ཁ་ཕྱོགས་དེད་ནས་འདར་འགུལ་བྱེད་པ་དང་རླབས་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་ཁྱབ་སྤེལ་བྱེད་པ། སྤུས་གནས་འདར་འགུལ་བྱེད་པའི་ཁ་ཕྱོགས་དེ་རླབས་ཁྱབ་སྤེལ་བྱེད་པའི་ཁ་ཕྱོགས་དང་དྲང་འཕྱང་དུ་གནས། རླབས་འདི་ལྟ་བུ་ལ་འཕྲེད་རླབས་ཟེར། འཕྲེད་རླབས་ནང་དུ། འབུར་བའི་ཆེས་མཐོ་སར་རླབས་རྩེ་ཟེར་བ་དང་། ཀོང་བའི་ཆེས་དམའ་སར་རླབས་གཤོང་ཟེར།

3 འཕྲེད་རླབས།

的点点滴滴.png

ཐག་པ་སྤྲུགས་ན་འཕྲེད་རླབས་ཤིག་འབྱུང་ཐུབ། འཕྲེད་མདའ(མདའ)དང་གཞུང་མདའ(yམདའ)བཀོད་ན། འཕྲེད་རླབས་འདིའི་དཔེ་རིས་ཤིག་ཐོབ་པ་ཡིན། སྤུས་གནས་སོ་སོའི་དོ་མཉམ་གནས་ཚང་1མདའ་ཐིག་སྟེང་དུ་གནས་པ་དང་། འཁྱོག་ཐིག་སྟེང་གི་གནས་སོ་སོའི་གཞུང་གནས་ཚད་ཀྱིས་དུས་མཚམས་གཅིག་གི་སྤུས་གནས་སོ་སོའི་དོ་མཉམ་གནས་སྤོ་མཚོན་པ་ཡིན། གལ་ཏེ་རླབས་ཀྱི་དཔེ་རིས་ནི་དྲང་རྒྱུད་འཁྱོག་ཐིག་ཡིན་ན། རླབས་འདི་ལྟ་བུ་ལ་དྲང་རྒྱུད་རླབས་ཟེར།


བརྡ་འགྲེལ་གདོང་འཛར།

ཚན་རིག དངོས་ལུགས། འཕྲུལ་ཆས་རླབས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-02

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།