ཡོངས་འཛིན་རིག་མཛོད། >མི་སྣ། >སྒྱུ་རྩལ་མི་སྣ། >ལོ་ཙཱ་བ།

ལོ་ཙཱ་བ་རབ་དགུ

བཙན་པོའི་དུས་ཀྱི་ལོ་ཙཱ་བ་རབ་དགུ་ནི་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་གོ་ར་བེེ་རོ་ཙ་ན་དང་། ལྡན་མ་རྩེ་མང་། ཁ་ཆེ་ཨ་ན་ནྟ་སྟེ་རྒན་གསུམ། གཉགས་ཛྙ་ན་ཀུ་མ་ར་དང་། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་པ་གསུམ། སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའིརྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་གཞོན་གསུམ་བཅས་དགུ་ལ་ཟེར།

རིགས་དབྱེ།  

རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ།

རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ་ནི་ཡབ་སྔགས་པའི་རྒྱུད་རྭ་སྟོན་དཀོན་མཆོག་རྡོ་རྗེ་དང་ཡུམ་རྡོ་རྗེ་དཔལ་འཛོམས་གཉིས་ཀྱི་སྲས་སུ་བོད་མེ་འབྲུག་སྤྱི་ལོ1016ལོའི་ཧོར་ཟླ12པའི་ཚེས10ཉིན་ལ་སྟོད་ལྷོའི་ཆ་སྙེ་ནམ་གླང་ཡུལ(གཉའ་ནམ་ཡང་ཟེར)དུ་སྐུ་འཁྲུངས། མཚན་ལ་ངོ་མཚར་འབྱུང་གནས་སུ་བཏགས།

རིགས་དབྱེ།  

ཐུབ་བསྟན་འཇམ་དབྱངས།

ཐུབ་བསྟན་འཇམ་དབྱངས་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་ཡོས་ལོར་བོད་ལྗོངས་གཞིས་རྩེ་ས་ཁུལ་ས་སྐྱ་རྫོང་དུ་སྐུ་འཁྲུངས། བཅིངས་འགྲོལ་ཐོབ་པའི་ཚུན་ཆད་དུ་ཡིག་སྒྱུར་ཐད་ལ་ཕྱག་ལས་མང་པོ་མཛད།

རིགས་དབྱེ།  

བསོད་ནམས་རྡོ་རྗེ།

བོད་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཁྲུངས། བཅིངས་འགྲོལ་ཐོབ་ཚུན་གྱི་ཡིག་སྒྱུར་ཐད་ལ་ཕྱག་ལས་མང་པོ་གནང་མྱོང་།

རིགས་དབྱེ།  

བསྟན་ཆོས།

བོད་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཁྲུངས། བཅིངས་འགྲོལ་ཐོབ་ཚུན་གྱི་ཡིག་སྒྱུར་ཐད་ལ་ལས་ཀ་སྣ་ཚོགས་གནང་།

རིགས་དབྱེ།  

བསྟན་པ་ཆོས་དར།

བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཁྲུངས། བཅིངས་འགྲོལ་ཐོབ་ཚུན་གྱི་ཡིག་སྒྱུར་བྱ་བའི་ཐད་ལ་ཕྱག་ལས་མང་པོ་གནང་མྱོང་།

རིགས་དབྱེ།  

བསྟན་པ་དར་རྒྱས།

བོད་རབ་བྱུང་བཅུ་དྲུག་པའི་ས་བྱི་ལོའི་ཟླ་དང་བོའི་ཚེས་བཅུ་བདུན་ཉིན་ལྷ་ས་གྲོང་ཁྱེར་དུ་འཁྲུངས། བཅིངས་འགྲོལ་ཐོབ་ཚུན་གྱི་ཡིག་སྒྱུར་ཐད་ལ་ཕྱག་ལས་སྣ་ཚོགས་གནང་མྱོང་།

རིགས་དབྱེ།  

བསྟན་པ་སྐལ་བཟང་།

བོད་རབ་བྱུང་བཅུ་དྲུག་པའི་ས་གླང་ལོར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་འཁྲུངས། བཅིངས་འགྲོལ་ཐོབ་ཚུན་གྱི་ཡིག་སྒྱུར་ཐད་ལ་ཕྱག་ལས་མང་པོ་གནང་མྱོང་།

རིགས་དབྱེ།  

བསྟན་འཛིན་དབང་རྒྱལ།

རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལོར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་འཁྲུངས། བཅིངས་འགྲོལ་ཐོབ་ཚུན་གྱི་ཡིག་སྒྱུར་ཐད་ལ་ལས་ཀ་སྣ་ཚོགས་གནང་མྱོང་ངོ་།།

རིགས་དབྱེ།  

བསྟན་འཛིན་འཇིགས་མེད།

བོད་རབ་བྱུང་བཅུ་དྲུག་པའི་མེ་བྱི་ལོའི་ཟླ་ལྔ་བར་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཁྲུངས། བཅིངས་འགྲོལ་ཐོབ་ཚུན་གྱི་ཡིག་སྒྱུར་ཐད་ལ་ཕྱག་ལས་མང་པོ་གནང་མྱོང་།

རིགས་དབྱེ།  

ཕེའི་ཏཱི.ཉེའུ་མ་ཁོ།

ཕེའི་ཏཱི.ཉེའུ་མ་ཁོ། 1916ལོར་ཅེ་ཁེའི་པོར་ནོ་གྲོང་ཁྱེར་དུ་སྐྱེས། ལོ་ཙཱ་བ་དང་ལོ་ཙཱའི་གཞུང་ལུགས་པ་གྲགས་ཅན་ཞིག་ཡིན་ལ་ཡོ་རོབ་གླིང་གི་སྐད་རིགས་མང་པོའི་ལོ་ཙཱའི་བྱ་བར་ཞུགས་མྱོང་། ཕུལ་དུ་བྱུང་བའི་ཡིག་སྒྱུར་མཁན་དང་རྩོམ་སྒྲིག་པ་ཞིག་ཡིན་པར་མ་ཟད་སྐད་བརྡ་རིག་པ་བ་ཞིག་ཀྱང་ཡིན། དབྱིན་ཇུའི་སྐད་བརྡ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས་ལ། ཁོང་གི་དགའ་ཕྱོགས་གཙོ་བོ་ནི་སྐད་བརྡ་རིག་པའི་འབྲེལ་ཡོད་གཞུང་ལུགས་ལོ་ཙཱའི་ལག་ལེན་ཁྲོད་སྤྱོད་པ་དང་། ལོ་ཙཱའི་ཞིབ་འཇུག་དང་དབྱིན་ཡིག་སྐད་བརྡའི་ཞིབ་འཇུག་གཉིས་ཟུང་དུ་སྦྲེལ་པ་དེ་རེད།

རིགས་དབྱེ།  

རུའོ་མན.ཡ་ཁུ་པུའུ་སུང་།

རུའོ་མན.ཡ་ཁུ་པུའུ་སུང་། ཁོང་ནི་སྤྱི་ལོ1896ལོར་ཨུ་རུ་སུའི་མོ་སི་ཁོ་རུ་སྐུ་འཁྲུངས། ཨུ་རུ་སུའི་ཕུལ་དུ་བྱུང་བའི་སྐད་བརྡ་རིག་པ་བ། སྙན་ངག་དཔྱད་བརྗོད་པ། མོ་སི་ཁོའི་སྐད་བརྡ་ཚན་ཆུང་གི་མགོ་གཙོ་ཡིན།

རིགས་དབྱེ།  

ཧོར་ཁང་བྱམས་པ་བསྟན་དར།

ཧོར་ཁང་བྱམས་པ་བསྟན་དར་ལགས་ནི་བོད་ཀྱི་ལོ་ཙཱ་བ་གྲགས་ཅན་ཞིག་ཡིན་ལ། ལོ་ངོ་མང་པོའི་རིང་ལ་བོད་ཀྱི་ཡིག་སྒྱུར་བྱ་བར་བྱས་རྗེས་མི་དམན་པ་བཞག

རིགས་དབྱེ།  

ཨ་སྔགས་ཚེ་རིང་བཀྲ་ཤིས།

​ཨ་སྔགས་ཚེ་རིང་བཀྲ་ཤིས་སམ་བརྡ་སྤྲོད་བཏགས་མིང་དུ་སྒྲ་དབྱངས་སྨྲ་བའི་རྡོ་རྗེ་འབོད་པ་ནི1970ལོར་མདོ་སྨད་ཤར་ཁོག་སྐྱང་སྨད་སྡེ་བའི་གདུང་རུས་ཨ་སྔགས་ཚང་དུ་སྐྱེས། བོད་ཀྱི་ན་གཞོན་ལོ་ཙཱ་བ་དང་རྩོམ་པ་པོ་གྲགས་ཅན་ཞིག

རིགས་དབྱེ།  

ལྷ་བཙུན་ཆོས་ཀྱི་རིན་ཆེན།

བོད་ཀྱི་ཆོས་བསྒྱུར་ལོ་རྒྱུས་སྟེང་ཁོང་ལ་ལྷ་བཙུན་ཆོས་ཀྱི་རིན་ཆེན་ཞེས་འབོད་དེ། རྒྱའི་རྒྱལ་རབས་སུང་ལྷོ་མ་ཡི་ཆེས་མཐའ་མཇུག་གི་རྒྱལ་པོ་དེ་ཡིན། ཁོང་ནི་སྤྱི་ལོ1271ལོར་ཡབ་ཏའོ་ཙུང(度宗)དང་རྒྱལ་ཡུམ་རུས་ཆོན (全)ཅན་གཉིས་ཀྱི་སྲས་འབྲིང་བར་འཁྲུངས་ཤིང་སྤྱི་ལོ1274ལོར་རྒྱལ་བོའི་ཁྲིར་བཀོད་པས་མཚན་ལ་ཡང་སུང་གུང་ཏི(宋恭帝)ཞེས་འབོད། སྤྱི་ལོ1276ལོར་སོག་པོའི་དམག་དཔུང་སུང་ལྷོ་མའི་རྒྱལ་ས་ལིན་ཨན(临安)དུ་འབྱོར་ཞིང་སུང་ལྷོ་མ་དབང་དུ་བསྒྱུར། ལོ་དེའི་ཟླ་ལྔ་པར་ཡོན་གོང་མ་ཆེན་པོས་སུང་གུང་ཏིར་དབྱིན་གོ་གུང(瀛国公)ཞེས་པའི་བློན་གྱི་གོ་གནས་བསྩལ་བར་གྲགས།

རིགས་དབྱེ།  

ཅིས་ཤན་ལིན།

ཅིས་ཤན་ལིན། (1911ལོའི་ཟླ8པའི་ཚེས6----2009ལོའི་ཟླ7པའི་ཚེས11)ཀྲུང་གོའི་ཧྲན་ཏུང་ཞིང་ཆེན་ལོའོ་ཁྲིན་གྲོང་ཁྱེར་གྱི་ལིན་ཆིན་གྱི་མི་ཡིན། རྒྱལ་སྤྱིའི་སྐད་གྲགས་ཅན་གྱི་ཤར་ཕྱོགས་རིག་པའི་དེད་དཔོན་ཆེན་མོ། སྐད་བརྡ་རིག་པ་བ། རྩོམ་རིག་པ། ནང་ཆོས་ཞིབ་འཇུག་པ། ལོ་རྒྱུས་མཁས་པ། སློབ་གསོ་བ་དང་སྤྱི་ཚོགས་བྱེད་སྒོ་སྤེལ་མཁན་གྲགས་ཅན་ཞིག་ཡིན། ཀྲུང་གོའི་ཚན་རིག་གླིང་རྟོག་གེ་ཚན་རིག་ཚན་ཁག་གི་ཁོངས་མི། ལོའོ་ཁྲིན་སློབ་ཆེན་གྱི་མཚན་འཛིན་སློབ་གཙོ་དང་པེ་ཅིན་སློབ་ཆེན་གྱི་སློབ་གཙོ་གཞོན་པ། ཀྲུང་གོའི་ཚན་རིག་གླིང་གི་ཡ་གླིང་ལྷོ་མའི་ཞིབ་འཇུག་ཁང་གི་འགོ་འཛིན། པེ་ཅིན་སློབ་ཆེན་གྱི་ཚེ་གང་སློབ་དཔོན་ཆེན་པོ་བཅས་གྱི་འགན་སོགས་བཞེས་ཡོད།

རིགས་དབྱེ།  

ཞྭ་ལུ་ཆོས་སྐྱོང་བཟང་པོ།

ལོ་ཆེན་འདི་ཉིད་ནི་གཙང་ཞྭ་ལུ་གསེར་ཁང་གི་ཁང་གསར་གོང་མར་རབ་བྱུང་བདུན་པའི་ལྕགས་བྱ(སྤྱི་ལོ1441)ལོར་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཞྭ་ལུ་དགོན་པའི་ཆོས་སྒོར་ཞུགས་ཤིང་། སྔོན་གྱི་བག་ཆགས་དབང་གིས་དད་བརྩོན་ཤེས་རབ་སྙིང་རྗེ་ལ་སོགས་པ་ཕུན་སུམ་ཚོགས་ཤིང་། དགེ་བའི་བཤེས་གཉེན་བཀྲ་ཤིས་དཔལ་ལྡན་གྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་རིག་གནས་དག་ལ་ཐོས་པ་རྒྱ་ཆེར་མཛད། དགུང་ལོ་བཅོ་བརྒྱད་པར་རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་མཁན་ཆེན་དཀོན་མཆོག་བཟང་པོའི་དྲུང་དུ་རབ་ཏུ་བྱུང་། མཚན་ལ་རིན་ཆེན་ཆོས་སྐྱོང་བཟང་པོ་ཞེས་སུ་གསོལ།

རིགས་དབྱེ།  

ལྷ་ལུང་རྡོ་རྗེ་དཔལ།

ལོ་ཙཱ་བ་འདི་ནི་སྲོང་བཙན་སྒམ་པོའི་སྐབས་སུ་བྱུང་བའི་སློབ་དཔོན་ཐོན་མི་སཾ་བྷོ་ཊའི་མཆན་བུའི་གྲས་ཤིག་ཡིན།

རིགས་དབྱེ།  

བྲན་ཀ་མུ་ལེ་ཀོ་ཥ།

ཁོང་ཉིད་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བྱོན་པའི་ལོ་ཙཱ་བ་ཞིག་ཡིན།

རིགས་དབྱེ།  

གཉགས་ཛྙཱ་ན་ཀུ་མཱ་ར།

བོད་སྐད་དུ་གཉགས་ཡེ་ཤེས་གཞོན་ནུ་ཞེས་པ་ཁོང་ཉིད་གདུང་རུས་གཉགས་སམ་སྙགས་སུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན།

རིགས་དབྱེ།  

སེང་གོ་ལྷ་ལུང་གཟིགས།

ཧ་ལམ་དུས་རབས་བརྒྱད་པའི་ནང་བྱོན་ཞིང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་གི་ལོ་ཙཱ་བ་ཞིག་ཡིན།

རིགས་དབྱེ།  

བནྡེ་དཔལ་དབྱངས།

སྤྱི་ལོ་དུས་རབས་བརྒྱད་པའི་ནང་དུ་བྱོན་པའི་ལོ་ཙཱ་བ་ཕུལ་དུ་ཕྱིན་པ་ཞིག་ཡིན།

རིགས་དབྱེ།  

ངམ་ལམ་རྒྱལ་བ་མཆོག་དབྱངས།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་སད་མི་བདུན་གྱི་ཡ་གྱལ་དང་། གྲུབ་ཐོབ་རྗེ་འབངས་ཉེར་ལྔའི་གྲས་ཀྱི་ལོ་ཙཱ་བ་ཞིག་ཡིན།

རིགས་དབྱེ།  

སྦ་ཁྲི་བཞེར།

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་བྱོན་པའི་ལོ་ཙཱ་བ་ཞིག་ཡིན་པ་མ་ཟད། བུ་སྟོན་ཆོས་འབྱུང་སོགས་ཀྱི་ལུགས་སུ་སད་མི་བདུན་གྱི་གྲས་སུའང་བགྲངས་ཡོད།

རིགས་དབྱེ།  

སྣ་ནམ་རྡོ་རྗེ་བདུད་འཇོམས།

གྲུབ་ཐོབ་རྗེ་འབངས་ཉེར་ལྔའི་ཡ་གྱལ་ཞིག་སྟེ། སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་གྲུ་ཤུལ་ལ་སྐུ་འཁྲུངས་ཤིང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་དུ་གྱུར། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ངག་ཞུས་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད་པས་གྲུབ་ཐོབ་ཆེན་པོར་གྱུར།

རིགས་དབྱེ།  

པ་གོར་བེེ་རོ་ཙ་ན།

བེེ་རོ་ཙ་ན་ཞེས་པ་ལེགས་སྦྱར་སྐད་དེ། བོད་སྐད་དུ་རྣམ་པར་སྣང་མཛད་ཟེར་ཞིང་། ཁོང་ཉིད་པ་གོར་རྡོ་རྗེ་རྒྱལ་པོ་དང་ཡུམ་བྲན་ཀ་བཟང་སྒྲོན་སྐྱིད་བྱ་བ་གཉིས་ཀྱི་སྲས་སུ་བོད་མེ་ཡོས་སྟེ་སྤྱི་ལོ727ལོར་གཙང་གི་སྙེ་མོ་བྱེ་མཁར་ཏེ་ད་ལྟ་ལྷ་སའི་སྙེ་མོ་རྫོང་ཟངས་རི་ཆུས་སུ་ངོས་འཛིན་པ་དེར་སྐུ་འཁྲུངས་ཤིང་། ཁོང་ནི་བསྟན་པ་སྔ་དར་སྐབས་ཡོངས་གྲགས་ཀྱི་ལོ་ཙཱ་བ་ཆེན་པོ་རྒན་གྲས་གསུམ་གྱི་ཡ་གྱལ་དང་། བོད་ཀྱི་རབ་བྱུང་ཐོག་མར་སྒྲུབ་པའི་སད་མི་བདུན་གྱི་ནང་ཚན་བཅས་ཡིན།

རིགས་དབྱེ།  

ཨ་ནན་ཏ།

འདི་ཉིད་ཀྱི་མཚན་དེ་ཕྱིའི་པཎྜི་ཏ་བལ་པོ་ཨ་ནན་ཏ་སོགས་དང་འདྲ་བར་མཐོང་ཡང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་བསྟན་པ་སྔ་དར་སྐབས་བྱོན་པའི་བོད་ཀྱི་ལོ་ཙཱ་བའི་མཚན་གྱི་གྲས་སུ་འདི་ཉིད་བགྲངས་ཡོད་ཅིང་། དེ་ལ་ཁ་ཆེ་ཨཱ་ནནྡ་ཞེས་འཁོད་འདུག

རིགས་དབྱེ།  

འདན་མ་རྩེ་མང་།

འདི་ལ་ཁྱུང་པོ་རྩེ་མངས་དང་ལྡན་མ་རྩེ་མང་སོགས་སུ་བྲིས་པའང་ཡོད་མོད། དེ་རྣམས་ལོ་པཎ་གཅིག་ཏུ་ངེས་ཤིང་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བྱོན་པའི་ལོ་ཙཱ་བ་ཞིག་ཡིན།

རིགས་དབྱེ།  

འཁོན་ཀླུའི་དབང་པོ།

ལོ་ཙཱ་བ་འདི་ཉིད་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཀྱི་ཙམ་དུ་ཡབ་དཀོན་པ་རྗེ་གུང་སྟག་གམ་འཁོན་དཔལ་པོ་ཆེ་དང་། ཡུམ་རླངས་ཁམས་པ་གོ་ཆའི་གཅེན་མོ་རླངས་བཟའ་ནེ་ཆུང་ལ་བུ་གཉིས་ཡོད་པའི་ཆེ་བ་དེ་ཡིན་ལ། སད་མི་བདུན་གྱི་ཡ་གྱལ་ཡིན་པར་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཕལ་ཆེ་བ་ཞལ་མཐུན།

རིགས་དབྱེ།  

རྨ་རིན་ཆེན་མཆོག

འདི་ལ་རྨ་གཅོ་རིན་ཆེན་མཆོག་དང་ཨཱ་ཙཱརྱ་རིན་ཆེན་མཆོག་སོགས་སུ་འབོད་པའང་ཡོད། སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་དབུ་རུ་འཕན་ཡུལ་གྱི་རྨ་གཅོ་ཞེས་པར་སྐུ་འཁྲུངས།

རིགས་དབྱེ།