ཡོངས་འཛིན་རིག་མཛོད། >མི་སྣ། >སྒྱུ་རྩལ་མི་སྣ། >རྩོམ་པ་པོ།

ཅི་ཏིས་མཱ་ཅ།

ཁོང་ནི་ལྷོ་ནུབ་མི་རིགས་སློབ་གླིང་རྒྱའི་སྐད་ཡིག་སྡེ་ཁག་གི་རྒྱའི་སྐད་ཡིག་དང་རྩོམ་རིག་ཆེད་ལས་སྦྱངས་ནས་མཐར་ཕྱིན། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་དྲིལ་སྒྲོག་པུའུ་པུའུ་ཀྲང་གི་འགན་བཞེས་ཡོད།

རིགས་དབྱེ།  

བསྟན་འཛིན།

ཁོང་ནི་ཧྥུ་ཏན་སློབ་ཆེན་གསར་འགྱུར་སྡེ་ཁག་གསར་འགྱུར་ཆེད་ལས་སྦྱངས་ནས་མཐར་ཕྱིན། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཀྲུང་གོ་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་།

རིགས་དབྱེ།  

གཉའ་ཟླ་བ་བློ་གྲོས་རྒྱལ་མཚན།

ཁོང་ནི་སྤྱི་ལོ1950ལོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་བཱ་ཡན་རྫོང་རྩ་བ་ཡུལ་ཚོའི་གཉའ་ཚང་ཞེས་པའི་བོན་ཁྱིམ་གྲགས་ཅན་ཞིག་ཏུ་སྐྱེས། སྤྱི་ལོ1971ལོ་ནས1974ལོའི་བར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་སློབ་གཉེར་མཛད་པ་དང་། 1983ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྐད་ཡིག་ཚན་ཁག་གི་བོད་ཡིག་རབ་འབྱམས་ཞིབ་འཇུག་སློབ་མ་མཐར་ཕྱིན། སྤྱི་ལོ1996ལོའི་ཟླ12པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རེ་ཞུས་ལྟར་བྱ་བའི་ལས་གནས་དེ་གར་སྤོས་ཏེ་ད་ལྟའི་བར་དུ《སྦྲང་ཆར》དུས་དེབ་ཀྱི་གཙོ་སྒྲིག་པ་དང་ཞུས་ཆེན་གཞོན་པའི་འགན་བཞེས་ཡོད།

རིགས་དབྱེ།  

གླང་མདུན་དཔལ་འབྱོར།

ཁོང་ནི་སྤྱི་ལོ1941ལོར་ལྷ་སའི་སྐུ་དྲག་གི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཆུང་ངུའི་དུས་སུ་རྒྱ་གར་དུ་ཕྱིན་ནས་དབྱིན་ཇིའི་ཡི་གེ་སྦྱངས། སྤྱི་ལོ1979ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས། ཁོང་ནི་བོད་ཀྱི་རིག་གཞུང་མཁས་པ་དང་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་ཞིག་ཡིན། ཁོང་སྤྱི་ལོ2013ལོའི་ཟླ11པའི་ཚེས28ཉིན་གྲོང་ཁྱེར་ལྷ་ས་རུ་སྐུ་གཤེགས།

རིགས་དབྱེ།  

དོན་གྲུབ་རྒྱལ།

ཁོང་ནི་དེང་རབས་བོད་ཀྱི་རྩོམ་རིག་གི་མཁའ་དབྱིངས་སུ་རྟག་ཏུ་འཚེར་བའི་སྐར་མ་འོད་ཆེན་ཞིག་ཡིན་ཞིང་། ཁོང་གི་མི་ཚེའི་བརྒྱུད་རིམ་དང་བློ་གྲོས་ཀྱི་རྩལ་ནི་ཧ་ཅང་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། དེ་བཞིན་དུ་ཁོང་གི་རྩོམ་རིག་བརྩམས་ཆོས་ལའང་གསར་གཏོད་ཀྱི་རང་བཞིན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། རིག་གཞུང་ཞིབ་འཇུག་ཐད་གྲུབ་འབྲས་མངོན་གསལ་བླངས་ཤིང་། བོད་ཀྱི་དེང་རབས་རྩོམ་རིག་གི་གར་སྟེགས་སྟེང་གསར་རྩོམ་གྱི་གར་སྟབས་ཐུན་མོང་མ་ཡིན་པ་ཞིག་བསྒྱུར་བ་དང་། ཁོའི་ཤིན་ཏུ་ཐུང་བའི་མི་ཚེའི་ཤོག་བྱང་ངོས་སུ་ཕུལ་དུ་བྱུང་བའི་རྩོམ་རིག་གི་གྲུབ་འབྲས་བླ་མེད་བསྐྲུན་ཡོད།

རིགས་དབྱེ།  

དོར་ཞི།

ཁོང་གི་མཚན་ལ་དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་ལམ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་ཞུ་ཞིང་སྤྱི་ལོ1935ལོར་ཀན་སུའུ་དཔའ་རིས་སུ་འཁྲུངས། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོ་ཡིན།

རིགས་དབྱེ།  

བན་གོ།

ཁོང་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་འགོ་གཙོ་དང་། རབ་འབྱམས་ཆེན་མོའི་ཞིབ་འཇུག་པའི་མཛུབ་སྟོན་དགེ་རྒན་སོགས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

བསེ་ཚང་བློ་བཟང་དཔལ་ལྡན།

ཁོང་ནི་སྤྱི་ལོ1938ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་རོང་བོ་སྡེ་བདུན་དུ་གྲགས་པའི་ཡ་གྱལ་ཐེ་བུ་ཞེས་པར་སྐུ་འཁྲུངས་ཤིང་། ཀན་སུའུ་གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭའི་སློབ་སྤྱི་གཞོན་པ་དང་སློབ་དཔོན་ཆེན་མོ། སྲིད་གྲོས་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ཨུ། ཀན་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ། ཀན་སུའུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་སྤྱི་གཞོན་པ། ཀན་སུའུ་དམངས་སྲོལ་ཞིབ་འཇུག་ཚོགས་པའི་ཚོགས་སྤྱི་གཞོན་པ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུའི་ཞིབ་འཇུག་པ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན་ཆེན་མོ་སོགས་ཀྱི་འགན་བཞེས་མྱོང་།

རིགས་དབྱེ།  

བུ་བཞི་བསམ་པའི་དོན་གྲུབ།

ཁོང་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། བོད་རིག་པའི་སློབ་གླིང་གི་རིག་ཚན་དབུ་ཁྲིད་གཞོན་པ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བའི་འཐུས་མི་བཅས་ཡིན།

རིགས་དབྱེ།  

འཕྲིན་ལས་ཆོས་གྲགས།

ཁོང་ནི་སྤྱི་ལོ1937ལོའི་ཟླ2པར་བོད་ལྗོངས་ལྷ་སར་འཁྲུངས། སྤྱི་ལོ1958ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཐོན། དེ་སྔ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དབུ་འཛིན་དང་། སྤྱི་ཁྱབ་རྩོམ་སྒྲིག་པ། བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གི་དབུ་འཛིན། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ལྷོ་ནུབ་ཁུལ་གྱི་བོད་རིག་པའི་ལས་འཛིན་པ་བཅས་ཀྱི་འགན་བཞེས་མྱོང་ཡོད། ད་ལྟ་ལས་འཁྱུར་ངལ་གསོ་གནང་ནས་ཞིབ་འཇུག་གི་ཕྱག་ལས་གནང་བཞིན་ཡོད་པ་དང་དུས་མཚུངས་བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ་དང་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་གནང་བཞིན་ཡོད།

རིགས་དབྱེ།  

ཡེ་ཤེས་སྒྲོལ་མ།

ཁོ་མོ་ནི་སྤྱི་ལོ1925ལོར་མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོའི་ཅོ་ནེ་རྫོང་མཁར་ཆེན་ཤང་གི་ནུབ་གཟིག་སྡེ་བ་ནས་སྐྱེས་ཤིང་། ཆུང་དུས་ནས་བཟུང་། མོ་ལ་རིག་པ་ལྷན་སྐྱེས་སུ་མངའ་བ་དང་། ཆུང་དུས་སུ་སློབ་གྲྭ་འགྲིམས་ཏེ་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས། རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་རིག་གཞུང་ལ་སྦྱངས་པ་གང་ལེགས་གནང་སྟེ། ཞོར་དུ་བརྩམས་ཆོས་སྣ་མང་སྤེལ་བའི་འགོ་བརྩམས་ཤིང་། མཐར་འདིའི་ཕྱོགས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། སྤྱི་ལོ1983ལོར། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས་པ་མ་ཟད། ཆེད་ལས་རྩོམ་པ་པོའི་འགན་གཅིག་ལྕོགས་སུ་བཞེས།

རིགས་དབྱེ།  

རྒྱལ་མོ་འབྲུག་པ།

ཁོང་ནི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་འཛིན་དང་། རྩོམ་ཞུས་པ་ཆེན་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་དམིགས་བསལ་གསབ་ཕོགས་ཐོབ་པའི་ཆེད་མཁས་པ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་གདན་ཞུས་ཞིབ་འཇུག་པ། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་དར་སྤེལ་མཐུན་ཚོགས་ཀྱི་ལས་འཛིན། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་འདེམ་དབང་ཡོད་པའི་ཁོངས་མི་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།

རིགས་དབྱེ།  

རྡོ་རྗེ་མཁར།

ཁོང་ནི་ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས་ཀྱི་ཞུས་ཆུང་དང་དེའི་བོད་ཡིག་ཁང་གི་དཔྱད་གཞིའི་ཡིག་རིགས་བདག་གཉེར་ཚོ་ཆུང་གི་འགན་འཛིན་བཅས་ཀྱི་འགན་ཁུར་ཡོད།

རིགས་དབྱེ།  

སངས་རྒྱས།

ཁོང་ནི་སྤྱི་ལོ1951ལོའི་ཟླ8པར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རོང་བོ་གྲོང་རྡལ་དུ་འཁྲུངས། ཀྲུང་གུང་ཏང་ཡོན་ཡིན། སྤྱི་ལོ1975ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན། དེ་སྔ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པ་དང་། དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དང་ལོ་ཙཱ་བ་ཆེན་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ལོངས་སྤྱོད་པའི་ཆེད་མཁས་བཅས་ཡིན་ལ། སྔ་ཕྱིར་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་དང《གངས་རྒྱན་ན་ཆུང་ཚགས་པར》 《སྦྲང་ཆར》དུས་དེབ་ཀྱི་གཙོ་སྒྲིག་པ། 《མཚོ་སྔོན་མི་རིགས་སློབ་ཆེན་རིག་གཞུང་དུས་དེབ》བོད་ཡིག་མའི་གཙོ་སྒྲིག་པ། 《མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ》བོད་ཡིག་མའི་གཙོ་སྒྲིག་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་། མཁས་དབང་སངས་རྒྱས་ལགས་ལ་ནད་གཞི་བྱུང་སྟེ་བཅོས་ཐབས་མ་བྱུང་བར་བརྟེན། སྤྱི་ལོ2023ལོའི་ཟླ2པའི་ཚེས26ཉིན་གྱི་དགོང་མོའི་དུས་ཚོད23དང་སྐར་མ38སྟེང་མདོ་སྨད་རེབ་གོང་ནས་སྐུ་ཚེའི་འཕེན་པ་རྫོགས། དགུང་ལོ་དོན་གཅིག་ཡིན།

རིགས་དབྱེ།  

སྟག་འབུམ་རྒྱལ།

ཁོང་ནི་མཚོ་སྔོན་ཞིང་ཆེན་མང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན་ལ། ད་ལྟ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པའི་འགན་ཁུར་ཡོད།

རིགས་དབྱེ།  

འཇུ་སྐལ་བཟང་།

ཁོང་ནི་སྤྱི་ལོ1960ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དུ་སྐྱེས། སྤྱི་ལོ1987ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་ཀྱི་རྩོམ་རིག་རབ་འབྱམས་པའི་དམ་བཅའ་བཞག ད་ལྟ་ཁོང་གིས་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལས་ཁུངས་ཀྱི་གཙོ་འགན་པའི་འགན་ཁུར་ཞིང་། ལོ་ཙཱ་བ་ཆེན་མོའི་མིང་བཏགས་བླངས་ཡོད། ཁོང་ནི་བོད་ཀྱི་སྙན་ངག་པ་གྲགས་ཆེན་ཞིག་ཡིན་ཞིང་། སྙན་ངག་ཐད་ཀྱི་བརྩམས་ཆོས་མང་པོ་ཡོད་པ་ཡིན།

རིགས་དབྱེ།  

ཡི་དམ་ཚེ་རིང་།

ཁོང་ནི་སྤྱི་ལོ1933ལོའི་ཟླ2ཚེས10ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཕིང་ཨན་རྫོང་དུ་སྐུ་འཁྲུངས་པ་དང་སྤྱི་ལོ2004ལོའི་ཟླ10ཚེས12ཉིན་གྲོང་ཁྱེར་ལན་གྲུ་རུ་སྐུ་གཤེགས། ཁོང་ནི་བོད་ཀྱི་མིང་དུ་གྲགས་པའི་སྙན་ངག་པ་ཞིག་ཡིན།

རིགས་དབྱེ།  

ཁ་ཧྥི་ཁ།

ཧྥུ་ལན་ཚི.ཁ་ཧྥི་ཁ་ནི(སྤྱི་ལོ1883-1924ལོ)ཅེ་ཁེའི་སྒྲུང་གཏམ་པ་མཁས་ཅན་དང་། དུས་རབས་ཉི་ཤུ་བའི་ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་མེས་པོ། མངོན་མཚོན་རིང་ལུགས་རྩོམ་རིག་གི་ཚབ་མཚོན་མི་སྣ་བཅས་ཡིན།

རིགས་དབྱེ།  

ཀོར་ཅི།

མ་ཁི་ཞི་མུ•ཀོར་ཅི་ནི་འབྱོར་མེད་གྲལ་རིམ་གྱི་རྩོམ་པ་པོ་དང་། སུའུ་ལེན་རྩོམ་རིག་གི་སྲོལ་གཏོད་པ་པོ། སྤྱི་ཚོགས་རིང་ལུགས་དངོས་ཡོད་རིང་ལུགས་རྩོམ་རིག་གི་རྨང་འདིང་མཁན་དང་འབྱོར་མེད་གྲལ་རིམ་གསར་བརྗེའི་རྩོམ་རིག་གི་སློབ་དཔོན་བཅས་ཡིན།

རིགས་དབྱེ།  

ཆི་ཧོ་ཧྥུ།

ཨན་ཏུང.ཆི་ཧོ་ཧྥུ་ནི་དུས་རབས་བཅུ་དགུ་པའི་ཨུ་རུ་སུའི་སྒྲུང་ཐུང་མཁས་ཅན་དང་། དངོས་ཡོད་རིང་ལུགས་རྩོམ་རིག་གི་ཕུལ་བྱུང་འཐུས་ཚབ་པ་དེ་ཡིན་ལ། འཛམ་གླིང་ཐོག་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་བརྩམས་སྒྲུང་ཐུང་གྲས་ཀྱི་སྒྱུ་རྩལ་མཁན་ཆེན་དང་། ཕུལ་དུ་བྱུང་བའི་ཟློས་གར་མཁན་པོ་ཞིག་ཀྱང་ཡིན།

རིགས་དབྱེ།  

པོ་ཏེ་ལེར།

ཧྲར.པོ་ཏེ་ལེར་ནི་ཧྥ་རན་སེའི་དུས་རབས་བཅུ་དགུ་བའི་སྙན་གྲགས་ཆེ་བའི་དེང་རབས་སྨྲ་བའི་སྙན་ངག་པ་དང་། མཚོན་བྱེད་སྨྲ་བའི་སྙན་ངག་གི་མེས་པོ་ཡིན།

རིགས་དབྱེ།  

མོ་པོ་སང་།

ཅུའེ་དབྱེ.ཏུ.མོ་པོ་སང་ནི་དུས་རབས་བཅུ་དགུ་བའི་སྨད་ཀྱི་ཧྥ་རན་སེའི་ཕུལ་ཏུ་བྱུང་བའི་མཐའ་དཔྱོད་དངོས་ཡོད་རིང་ལུགས་ཀྱི་རྩོམ་པ་པོ་ཞིག་ཡིན། ཁོང་དང་ཆི་ཁུ་ཧྥུ་དང་ཨོ་ཧེང་རེས་གསུམ་ལ་འཛམ་གླིང་སྒྲུང་ཐུང་མཁས་ཆེན་གསུམ་དུ་འབོད།

རིགས་དབྱེ།  

སི་ཐང་ཏཱ།

སི་ཐང་ཏཱ་ནི་ཁོང་གི་པིར་མིང་ཡིན་ལ། དངོས་མིང་ལ་མཱ་ལི.ཧེང་ལི.པེར་ཟེར་ཞིང་། ཁོང་ནི་ཧྥ་རན་སེའི་དུས་རབས་བཅུ་དགུ་པའི་མཐའ་དཔྱོད་དངོས་ཡོད་རིང་ལུགས་ཀྱི་རྨང་འདིང་མཁན་གྱི་གྲས་ཡིན་ལ། ཁོང་གསོན་དུས་སྐད་གྲགས་མེད་ཀྱང་གྲོངས་རྗེས་མི་རྣམས་ཀྱིས་ག་ལེར་ངོས་ཟིན། ནུབ་ཕྱོགས་དེང་རབས་མཐའ་དཔྱོད་པའི་སྡེ་རུ་ཁོང་ནི་དུས་རབས་བཅུ་དགུ་པའི་ཧྥ་རན་སེའི་རྩོམ་པ་པོ་རྩེ་གྲས་ཡིན།

རིགས་དབྱེ།  

ཨའེ་ལུའེ་ཐུ།

ཐུའོ་མཱ་སི.སི་ཐུ་ཨེར་ནཱ་སི.ཨའེ་ལུའེ་ཐུ་ནི་དུས་རབས་ཉི་ཤུ་པའི་སྙན་ངག་མཁན་དང་འཁྲབ་གཞུང་རྩོམ་མཁན། རྩོམ་རིག་དགག་སྒྲུབ་མཁན། སྙན་ངག་དེང་རབས་སྨྲ་བའི་ལས་འགུལ་གྱི་གཙོ་འཛིན་བཅས་ཡིན།

རིགས་དབྱེ།  

ཨའེ་ཐུ་མཱ་ཐུའོ་ཧྥུའུ།

ཆིན་ཅི་སི.ཨའེ་ཐུ་མཱ་ཐུའོ་ཧྥུའུ་ནི་འཛམ་གླིང་ནས་སྐད་གྲགས་ཡོད་པའི་སུའུ་ལེན་གྱི་རྩོམ་པ་པོའི་གྲས་ཡིན། ཁོང་གི་བརྩམས་ཆོས་ལས་འཚོ་བའི་རང་བཞིན་དང་མི་རིགས་ཀྱི་ཁྱད་ཆོས་མངོན་ཡོད་ལ། ཀུན་སྤྱོད་དང་སྤྱི་ཚོགས་ཀྱི་གནད་དོན་བཏོན་ཡོད། ཁོང་གི་རྩོམ་རིག་གི་ཁྱད་ཆོས་ཀྱིས་ཀྲུང་གོའི་དེང་རབས་རྩོམ་པ་པོར་ཤན་ཤུགས་ཆེན་པོ་ཐེབས་ཡོད།

རིགས་དབྱེ།  

ཧའེ་མིང་ཝེ།

ཨོའུ་ནེ་སི་ཐུ•སྨི་ལུ་ཨེར•ཧའེ་མིང་ཝེ་ནི་ཨ་རིའི་རྩོམ་པ་པོ་དང་གསར་འགོད་པ་ཞིག་ཡིན་ལ། ནུབ་ཕྱོགས་ཀྱི་དཔྱད་གཏམ་པས་འཁྲུག་ཆེན་གཉིས་ཀྱི་ནང་འཛམ་གླིང་ཐོག་སྐད་གྲགས་ཆེ་ཤོས་ཀྱི་རྩོམ་པ་པོ་རུ་འབོད་ཅིང་། ཁོང་གི་བརྩམས་ཆོས་སྐད་གྲགས་ཆེ་བ་མ་ཟད། ཚེ་གང་གི་མྱོང་བརྒྱུད་ལའང་ངོ་མཚར་གྱིས་ཁེངས་སོ།།

རིགས་དབྱེ།  

ཁྲོན་ཏོན་ཁང་ཁྲེང་།

ཁྲོན་ཏོན་ཁང་ཁྲེང་ནི་ལྗར་པན་གྱི་དེང་རབས་སྒྲུང་གཏམ་མཁས་ཅན་ཞིག་ཡིན། སྐུ་ཚེ་གང་པོར་སྒྲུང་རིང་དང་། སྒྲུང་འབྲིང་། སྒྲུང་ཐུང་བསྡོམས100ལྷག་ཙམ་བརྩམས། ཁོང་གི་ཕུལ་དུ་བྱུང་བའི་བརྩམས་ཆོས《ཁ་བའི་རྒྱལ་ཁབ》《ཁྲུང་ཁྲུང་ཆིག་སྟོང》《གནའ་མཁར》སྤྱི་ལོ(1961-1962)སོགས་ཀྱིས་མྱོང་ཚོར་བརྗོད་འདས་དང་ཚད་མཐོའི་མཚོན་ཐབས་བརྒྱུད་ནས་ལྗར་པན་གྱི་མིའི་སེམས་ཁོང་གི་ཡང་སྙིང་དེ་ལེགས་པར་མཚོན་ལ། མིའི་རིགས་རིག་གནས་ཀྱི་བང་མཛོད་ཀྱང་ཕུན་སུམ་ཇེ་ཚོགས་སུ་བཏང་། རྩོམ་པ་པོ་ཞིག་གི་གནས་བབ་ནས་ལྗར་པན་ལ་འཛམ་གླིང་རང་བཞིན་གྱི་ཚད་མཐོའི་གདེང་འཇོག་ཀྱང་བསུས་ཡོད། སྤྱི་ལོ1968ལོར་ནོ་པེར་རྩོམ་རིག་བྱ་དགའ་བསྩལ།

རིགས་དབྱེ།  

ཆའོ་དབྱི་སི།

ཀྲན་མུའུ་སི•ཆའོ་དབྱི་སི་ནི་ཨིར་ལན་རྒྱལ་ཁབ་ཀྱི་རྩོམ་པ་པོ་དང་སྙན་ངག་པ། དུས་རབས་ཉི་ཤུ་བའི་ཆེས་རླབས་ཆེ་བའི་རྩོམ་པ་པོ་ཞིག་དང་། དེང་རབས་ཕྱི་མའི་རྩོམ་རིག་གི་རྨང་འདིང་མཁན་གྱི་གྲས་ཡིན་ཞིང་། ཁོང་གི་བརྩམས་ཆོས་དངསེམས་རྒྱུན(意识流)བསམ་བློས་འཛམ་གླིང་རྩོམ་སྟེགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།

རིགས་དབྱེ།  

ཧའེ་ལུ།

ཡུའེ་སེ་ཧྥུའུ . ཧའེ་ལུ་ནི་ཨ་མེ་རི་ཁའི་དེང་རབས་ཀྱི་ཆེས་མིང་དུ་གྲགས་པའི་སྒྲུང་གཏམ་པ་ཞིག་ཡིན་ལ། ཨ་རིའི་མུན་པའི་འཕྱ་དགོད(黑色幽默)སྨྲ་བའི་ཚབ་མཚོན་རྩོམ་པ་པོ་ཞིག་ཀྱང་ཡིན། ཁོང་གི་སྒྲུང་རིང《དམག་གི་གཏན་འབེབས་ཉེར་གཉིས》ཞེས་པ་མུན་པའི་འཕྱ་དགོད་ཀྱི་གསུང་རྩོམ་གྲགས་ཅན་དུ་བཞེད་ཅིང་། དུས་རབས་ཉི་ཤུ་བའི་འཛམ་གླིང་རྩོམ་སྟེགས་སུ་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད།

རིགས་དབྱེ།  

ཏི་ཀེང་སི།

ཁྲ་ཨེར་སི•ཏི་ཀེང་སི་ནི་དུས་རབས་བཅུ་དགུ་པའི་དབྱིན་ཇིའི་མཐའ་དཔྱོད་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་པ་ཞིག་ཡིན་ལ། ཁོང་གིས་དབྱིན་ཇིའི་མཐའ་དཔྱོད་དངོས་ཡོད་རིང་ལུགས་རྩོམ་རིག་གི་སྲོལ་འབྱེད་དང་འཕེལ་རྒྱས་ལ་བྱས་རྗེས་རྨད་དུ་བྱུང་བ་བཞག་ཡོད།

རིགས་དབྱེ།