ཧོར་ཁང་བྱམས་པ་བསྟན་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོར་ཁང་བྱམས་པ་བསྟན་དར།
ཧོར་ཁང་བྱམས་པ་བསྟན་དར་ལགས་ནི་བོད་ཀྱི་ལོ་ཙཱ་བ་གྲགས་ཅན་ཞིག་ཡིན་ལ། ལོ་ངོ་མང་པོའི་རིང་ལ་བོད་ཀྱི་ཡིག་སྒྱུར་བྱ་བར་བྱས་རྗེས་མི་དམན་པ་བཞག
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཧོར་ཁང་བྱམས་པ་བསྟན་དར།
འཁྲུངས་ཡུལ།
ལྷ་ས།
1 ​ངོ་སྤྲོད་མདོར་བསྡུས།

1945ལོར་ཧོར་ཁང་གསར་ཞེས་པའི་སྐུ་དྲག་གི་ཁྱིམ་ཚང་དུ་འཁྲུངས། 

1951ལོར་བོད་ཀྱི་སྒེར་བཙུགས་སྨོན་གྲོང་སློབ་གྲྭར་བོད་ཡིག་ལོ་གཅིག་ཙམ་སྦྱངས། 

1952ལོ་ནས་ལྷ་ས་སློབ་ཆུང་དང་པོ་དང་གཉིས་པ། ལྷ་ས་སློབ་འབྲིང་དང་པོ་བཅས་སུ་སློབ་གཉེར་གནང་། 

1963ལོ་ནས1965ལོའི་བར་པེ་ཅིང་མི་རིགས་སློབ་གྲྭའི་ལས་བྱེད་འཛིན་གྲྭར་སློབ་གཉེར་གནང་། 

1965ལོ་ནས1979ལོའི་བར་ཆབ་མདོ་དཔའ་ཤོད་རྫོང་དང་འཇོ་མདའ་རྫོང་དུ་གཞི་རིམ་ཆུས་ནང་རྩིས་པ་དང་། དྲུང་ཡིག བདག་གཉེར་སོགས་ལོ16ཙམ་གནང་།

1980ལོར་ཆབ་མདོ་ས་ཁུལ་ནས་ལྷ་སར་ལས་གནས་བསྒྱུར་ཏེ་ལྗོངས་མི་དམངས་སྲིད་གཞུང་གི་ཡིག་སྒྱུར་ཁྲུའུ་དང་ཅུད་ལ་ཡིག་སྒྱུར་ལས་ཀ་ལོ་བཅུ་གནང་བ་དང་། 

1991ལོར་ལས་འཁྱུར་ངལ་གསོ་གནང་། 《སྒེར་ཧོར་ཁང་གསར་མི་རྒྱུད་རིམ་བྱུང་གི་ལོ་རྒྱུས་རགས་བསྡུས་དང་ཧོར་ཁང་མི་ཐོག་བཅུ་གསུམ་པ་བྱམས་པ་བསྟན་དར་རང་ཉིད་ཀྱི་མི་ཚེའི་བྱུང་བ་དང་འབྲེལ་བའི་གཏམ་ཟོལ་མེད་ཡིད་ཀྱི་དྲན་གླུ》ཞེས་པ་འདི་ནི་ཁོང་གིས་ལས་འཁྱུར་ངལ་གསོའི་དུས་ཚོད་ནང་བྲིས་པ་ལགས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-18

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།