ཡོངས་འཛིན་རིག་མཛོད། >མི་སྣ། >སྒྱུ་རྩལ་མི་སྣ། >ལྷ་བཟོ།

གདུགས་དཀར།

ལྷ་རིས་པ་གདུགས་དཀར་ནི། མི་གཤིས་དྲང་ལ་ལྷ་རིས་འབྲི་རྩལ་ཁྱད་དུ་འཕགས་ལ། བྲིས་པའི་ཐང་གར་ཞིབ་ཚགས་ལྡན་པ་ཞིག་ཡིན་ཞིང་། ཁོས་ལོ་ངོ་ལྔ་བཅུའི་རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་ལག་ལེན་ཁྲོད་ཁོས་རང་གི་དད་པ་དང་དུངས་ཞེན་གྱིས་རེབ་གོང་ལྷ་རིས་སྒྱུ་རྩལ་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་ཐད་ལ་རང་གི་ནུས་ཤུགས་ཡོད་ཚད་བཏོན་ཡོད་པ་དང་། ཁོ་ལ་ཞིང་ཆེན་རིག་གནས་ཐིན་སོགས་འབྲེལ་ཡོད་སྡེ་ཁག་ནས་ཞིང་ཆེན་རིམ་པའི་མཛེས་རྩལ་སློབ་དཔོན་ཆེན་མོ་དང་། རྒྱལ་ཁབ་རིམ་པའི་མཛེས་རྩལ་སློབ་དཔོན་ཆེན་མོའི་མཚན་སྙན་ཐོབ་ཡོད།

རིགས་དབྱེ།  

གསང་བདག

གསང་བདག་ནི་ཆུང་ངུའི་དུས་ནས་རེབ་གོང་ལྷ་རིས་སྒྱུ་རྩལ་ལ་ལྷན་སྐྱེས་ཀྱི་བག་ཆགས་ཟབ་ཅིང་རིག་པ་རྣོ་ལ། རི་མོ་འབྲི་རྒྱུར་དགའ་མཁན་ཞིག་ཡིན། ཁོའི་ལྷ་རིས་སྒྱུ་རྩལ་ལ་སྲོལ་རྒྱུན་གྱི་ལག་ཐབས་ཀྱི་རྨང་གཞིའི་སྟེང་གསར་སྐྲུན་གྱི་ཆ་མངའ་བ་ཞིག་ཡིན་ཏེ། ཚོན་སྣ་འཛོམས་ཤིང་འཚམ་པ། གསེར་བྱུག་པ་ཞིབ་ཚགས་དང་གནད་ལ་འཁེལ་བ། མི་སྣས་མངོན་སུམ་གྱི་སྣང་བ་སྟེར་ཞིང་ཡིད་འགུགས་ཀྱི་ནུས་པ་ལྡན་པ་བཅས་རང་གི་ཐུན་མིན་གྱི་ཉམས་ཤིག་ཆགས་ཡོད། དེ་བས་གསང་བདག་ནི་རེབ་གོང་སྤྱི་དང་ནང་སྒོས་སུ་རྒྱལ་ཡོངས་ན་མིང་དུ་གྲགས་པའི་ལྷ་བཟོ་སྐད་གྲགས་ཅན་ཞིག་ཡིན། ད་ལྟ་ཁོས་རྒྱལ་ཁབ་ལས་རིགས་ནུས་རྩལ་གྱི་སྤུས་ཀ་གསལ་འབྱེད་དཔྱད་སྡུར་བ་དང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་ལག་ཤེས་པ་ཆེན་མོ་སོགས་ཀྱི་འགནཁུར་ཡོད།

རིགས་དབྱེ།  

ཆོས་སྐྱབས།

ཆོས་སྐྱབས་ནི་དུས་རབས་ཉི་ཤུ་བ་དང་ཉེར་གཅིག་པའི་སོ་མཚམས་སུ་བྱུང་བའི་བོད་ཀྱི་ལྷ་རིས་པ་གྲགས་ཅན་ཞིག་ཡིན་པ་དང་། ཁོ་ནི་རེབ་གོང་སྒྱུ་རྩལ་ཁང་གི་ཐོག་དང་པོའི་གྲས་ཀྱི་འབྲིང་རིམ་ལས་ཐོབ་ཐོབ་མཁན་དེ་ཡིན་ཞིང་། མཛེས་རྩལ་སློབ་དཔོན་ཆེན་མོའི་མིང་ཐོབ་ཀྱང་བསྩལ་ཡོད་པ་ཞིག་ཡིན། དུས་དེ་སྔར་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་ཁང་དུ་བྱ་བ་བསྒྲུབས། འབྲིང་རིམ་ལས་ཐོབ། 2000 ལོར་ལས་འཁྱུར་ངལ་གསོ་གནང་།

རིགས་དབྱེ།  

དགེ་འདུན་དར་རྒྱས།

དགེ་འདུན་དར་རྒྱས་ནི་ཐང་ག་བཞེངས་བཟོ་དང་ཞིབ་འཇུག་གི་ཐད་ལ་འབད་པ་ལྷུར་ལེན་གནངས་ཏེ། ཁོ་ནི་ཆོས་ལུགས་བརྗོད་བྱ་བྱས་པའི་རི་མོ་དང་གསེར་ཐང་གི་སྒྱུ་རྩལ་གསར་རྩོམ་ལ་ནང་བྱན་ཆུད་པ་ཞིག་ཡིན་པར་མ་ཟད། སྲོལ་རྒྱུན་གྱི་རྣམ་པའི་ར་བ་ལས་བརྒལ་ནས་གསར་རྩོམ་ལ་ཕྱོགས་ཤིང་འབྲི་ཐབས་སྣ་མང་སྤྱད་དེ་ཁྱད་ཆོས་མངོན་གསལ་དོད་པའི་སྣང་བརྙན་གསོན་ཉམས་ཅན་མང་པོ་གསར་བཞེངས་ལེགས་གྲུབ་བྱུང་ཡོད་མཁན་ཞིག་ཀྱང་ཡིན། ད་ལྟ་ཁོང་ནི་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་རེབ་གོང་སྒྱུ་རྩལ་གྱི་འཐུས་ཚབ་རྒྱུན་འཛིན་པ་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་མཛེས་རྩལ་སྐུལ་འདེད་ཚོགས་པའི་ཚོགས་མི། མཚོ་སྔོན་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་མི། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན། མཚོ་སྔོན་རིག་གནས་ཐོན་ལས་སྲུང་སྐྱོང་ཆེད་མཁས་པ། ཀྲུང་གོའི་མཛེས་རྩལ་སློབ་དཔོན་ཆེན་མོ། རེབ་གོང་རྫོང་སྲིད་གྲོས་ཨུ་ཡོན་བཅས་ཡིན།

རིགས་དབྱེ།  

ཕྱག་རྡོར།

ཕྱག་རྡོར་ནི་བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་ཕྱོགས་ལ་བྱས་རྗེས་ཆེ་བའི་ལྷ་རིས་པ་ཞིག་ཡིན་ཏེ། ཁོས་བོད་རང་གི་སྲོལ་རྒྱུན་འབྲི་རྩལ་རྒྱུད་འཛིན་དང་དར་སྤེལ་བྱས་པའི་རྨང་གཞིའི་སྟེང་། སྒྱུ་རྩལ་བ་མང་པོ་ཞིག་གི་ལེགས་ཆ་བསྡུ་ལེན་བྱས་ཏེ། རང་གི་བརྩམས་ཆོས་ལ་མཛེས་སྡུག་གི་སྣོན་པ་བརྒྱབ་ཡོད་པ་དང་། རི་མོའི་ངོས་ཀྱི་མཚོན་བྱ་ཞིབ་ཚགས་ལྡན་ལ། ཐིག་རིས་བཏབས་པ་གཟབ་ནན་ཆེ་ཞིང་ཞིབ་ཚགས་ལྡན་པ་ཞིག་ཡིན་པས། ཐང་གའི་སྟེང་གི་མི་སྣ་གསོན་ཉམས་དོད་ཅིང་ཕུན་སུམ་ཚོགས་པ་ཞིག་ཡིན།

རིགས་དབྱེ།  

བརྩོན་འགྲུས་རབ་རྒྱས།

བརྩོན་འགྲུས་རབ་རྒྱས་ནི་དུས་རབས་གསར་བའི་ནང་དུ་འཚར་ལོངས་བྱུང་བའི་རང་མི་རིགས་ཀྱི་ལྷ་རིས་གཙོ་བྱས་རྒྱལ་ཁབ་ཕྱི་ནང་གི་བྲིས་རིས་སྒྱུ་རྩལ་ལ་ཡང་བྱང་ཆ་ཡོད་པའི་བོད་ཀྱི་ལྷ་རིས་པ་གྲགས་ཅན་ཞིག་ཡིན་ལ། རྒྱ་བོད་ཟུང་འབྲེལ་གྱི་རི་མོ་མང་པོ་གསར་རྩོམ་མཛད་པ་དང་བྱ་དགའ་ཐེངས་མང་པོར་ཐོབ་མྱོང་བ་ཞིག་ཀྱང་ཡིན།

རིགས་དབྱེ།  

བྱང་ཆུབ་སྒྲོལ་མ།

བྱང་ཆུབ་སྒྲོལ་མ་ནི་བོད་ཀྱི་བུད་མེད་བྲིས་རིས་པ་མིང་དུ་གྲགས་པ་ཞིག་ཡིན་ཞིང་། མོ་ནི་ཀྲུང་གོའི་མཛེས་རྩལ་ཚོགས་པའི་ཚོགས་མི་དང་། སི་ཁྲོན་མཛེས་རྩལ་ཚོགས་པའི་ཚོགས་མི། ཨ་རིའི་རྒྱལ་སྤྱིའི་རིག་གནས་ཚན་རིག་ཚོགས་པའི་ཚོགས་མི། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཡིག་རིས་སློབ་གླིང་གི་ཡིག་རིས་པ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རིས་པ་བཅས་ཡིན།

རིགས་དབྱེ།  

བློ་བཟང་བསྟན་པ།

བློ་བཟང་བསྟན་པ་ནི་བོད་མདོ་སྨད་ཀྱི་ལྷ་རིས་སྒྱུ་རྩལ་སྟེང་བྱས་རྗེས་ཆེ་བའི་ལྷ་བཟོ་བ་ཞིག་ཡིན་ཞིང་། ཁོས་བྲིས་པའི་ལྷ་སྐུ་དག་ནི་ལྟ་ན་སྡུག་ཅིང་གསོན་ཉམས་དོད་པ་ཞིག་ཡིན་པས་ཀུན་གྱིས་བསྟོད་བསྔགས་འབུལ་ཡུལ་དུ་གྱུར་ཡོད། ད་ལྟ་ཁོང་ནི་རེབ་གོང་རྫོང་ཐང་གའི་སྤུས་ཀ་གསལ་འབྱེད་ལྟེ་གནས་ཀྱི་གསལ་འབྱེད་མི་སྣ་དང་། རྫོང་ནུས་རྩལ་གསལ་འབྱེད་ལྟེ་གནས་ཀྱི་དཔྱད་འཇོག་པ། ཀྲུང་གོ་ཡིག་རིས་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་མཛེས་རྩལ་སློབ་ཚོགས་ཀྱི་ཚོགས་མི་བཅས་ཡིན།

རིགས་དབྱེ།  

ཀརྨ་ཚུལ་ཁྲིམས།

དེང་གི་དུས་སུ་སྨན་གསར་ཞེས་གྲགས་སྙན་འཛིན་མའི་ཁྱོན་འདིར་ཁྱབ་པའི་ལྷ་བྲིས་པ་ཀརྨ་ཚུལ་ཁྲིམས་སམ་འོ་སེ་ཀརྨ་ནི། ལྷ་བྲིས་དང་མཆོད་ཆའི་མགར་ལས། ཐང་གའི་རིགས་སོགས་ཀྱི་བྲིས་ལ་མཁས་པར་གྱུར་བའི་བོད་ཀྱི་དེང་རབས་ལྷ་རིས་པ་ཞིག་ཡིན་ཞིང་། ཁོང་ནི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་མིང་བཏགས་ཀྱང་ཐོབ་ཡོད་པ་ཞིག་ཡིན།

རིགས་དབྱེ།  

ཡེ་ཤེས་ཤེས་རབ།

བྲིས་འབུར་གྱི་སྒྱུ་རྩལ་ལ་མངའ་བརྙེས་པའི་མཁས་དབང་ཡེ་ཤེས་ཤེས་རབ་མཆོག་ནི་འཕན་ཡུལ་ཞོག་ཁུལ་དུ་འཁྲུངས་པའི་བོད་ཀྱི་ལྷ་རིས་པ་ཞིག་ཡིན་པ་དང་། ཁོང་ནི“བྲིས་འབུར་གཉིས་ཀྱི་ལག་རྩལ་འདི་ཉིད་རང་སྦྱོང་དང་རྟོག་ཞིབ་ཁོ་ནའི་ལམ་ནས་ཐོབ་པ་ཞིག་ལས་དམིགས་བསམ་གྱི་དགེ་རྒན་འདི་ཡིན་ཟེར་བ་མེད། བྲིས་འབུར་གཉིས་ལ་མངའ་བ་བརྙེས་པའི་མཁས་པ་ཚང་མ་ང་རང་གི་སློབ་དཔོན་ཡིན”ཞེས་པ་ལྟར་དམིགས་བསལ་གྱིས་དགེ་རྒན་བསྟེན་མ་མྱོང་བར་གཙོ་བོ་རང་གི་རང་སྦྱོང་གི་ནུས་པར་བསྟེན་ནས་བོད་ཀྱི་ལྷ་རིས་འབྲི་རྩལ་བྱང་ཆུབ་པའི་ལྷ་རིས་པ་ཞིག་ཡིན།

རིགས་དབྱེ།  

ཤ་བོ་ཚེ་རིང་།

ལྷ་རིས་པ་ཤ་བོ་ཚེ་རིང་ནི་བོད་ཀྱི་ལྷ་རིས་པ་མིང་དུ་གྲགས་པ་ཞིག་ཡིན་ལ། ད་ལྟ་ཁོང་ནི་མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན། ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་པའི་མཚོ་སྔོན་ཡན་ལག་ཚོགས་པའི་རྒྱུན་ལས་ལས་འཛིན། མཚོ་སྔོན་ཞིང་ཆེན་གྱི་བཟོ་བཀོད་མཛེས་རྩལ་ལྷན་ཚོགས་ཀྱི་བློ་འདྲི་ས་ཡིན།

རིགས་དབྱེ།  

ཤ་བོ་སྐྱབས།

ཤ་བོ་སྐྱབས་ནི་དེང་རབས་ཀྱི་མིང་དུ་གྲགས་པའི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཞིག་ཡིན་ལ། རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་ཚབ་མཚོན་མི་སྣ་གལ་ཆེན་ཞིག་ཀྱང་ཡིན། ཁོང་གི་བརྩམས་ཆོས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངའ་ལ་གསོན་ཉམས་ལྡན་པས་ཆོས་ལུགས་ཀྱི་ཡང་སྙིང་མི་རྣམས་ལ་བརྒྱུད་སྤྲོད་ཐུབ་ལ། སྒྱུ་རྩལ་ལོངས་སྤྱོད་བླ་ན་མེད་པ་ཞིག་ཀྱང་ཡིན། ཁོ་ལ་རྒྱལ་ནང་དུ་བྱ་དགའ་ཐེངས་མང་པོར་ཐོབ་མྱོང་བ་དང་། མིག་སྔར་ཁོང་ནི་རྒྱལ་ཁབ་རིམ་པའི “གཟུགས་འདས་ཤུལ་བཞག་རིག་གནས” ལས་གཞིའི་སྒྱུ་རྩལ་རྒྱུན་འཛིན་པ་ཡིན།

རིགས་དབྱེ།  

སངས་རྒྱས་འབུམ།

སངས་རྒྱས་འབུམ་ནི་བོད་ལྷ་རིས་སྒྱུ་རྩལ་གྱི་ཕྱོགས་ལ་མཁས་པར་གྱུར་བའི་ལྷ་རིས་པ་མིང་དུ་གྲགས་པ་ཞིག་ཡིན་པ་དང་། ཁོའི་བརྩམས་ཆོས་མི་ཉུང་བ་ཞིག་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་མི་ཉུང་བ་ཞིག་ཐོབ་ཡོད་ཅིང་། སྤྱི་ལོ2010 ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་ལག་ཤེས་མཛེས་རྩལ་པ་ཆེན་མོའི་མིང་བཏགས་གནང་། ད་ལྟ་རེབ་གོང་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་ལས་རིགས་སློབ་གྲྭའི་ཆེད་བསྐོས་དགེ་རྒན་ཆེན་མོ་ཡིན།

རིགས་དབྱེ།  

བྱམས་པ།

ཨ་མདོ་བྱམས་པ་ནི་བོད་ཀྱི་སྲོལ་རྒྱུན་རི་མོ་བ་མཁས་ཆེན་ཞིག་ཡིན་ཞིང་། རྒན་བྱམས་པ་ལགས་ཀྱི་རི་མོ་ནི་པར་རྒྱབ་པ་དང་ཁྱད་པར་མེད་པ་བྲིས་པས་གང་སར་སྐད་གྲགས་ཁྱབ་ཡོད། བོད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཐིགས་དང་ཆ་ཚད་གཞིར་བཞག་སྟེ། རང་གིས་རི་མོའི་ཁྱད་ཆོས་དམིགས་གསལ་ཅན་ཞིག་གསར་སྤེལ་གནང་བར་བརྟེན་བོད་ཀྱི་རི་མོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་ཐེབས་ཡོད། ཁོང་ནི་དུས་རབས་གསར་རྙིང་གཉིས་ཀྱི་བྲིས་རྩལ་འཛོམས་པའི་རི་མོ་བ་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

གེ་སར་ལྷ་རིས་པ་ཐུབ་བསྟན་འོད་ཟེར།

ཁོང་ནི་སྤྱི་ལོ1968ལོར་མདོ་སྨད་བཀྲ་ཤིས་སྒོ་མང་གི་ཉེ་འདབས་སུ་ཞིང་བ་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། རིམ་བཞིན་ལྷ་རིས་ལ་སྦྱངས་པ་མཐར་ཕྱིན་མཛད་ནས་ལྷ་བཟོ་ཞིག་ཏུ་གྱུར་བ་མ་ཟད། གེ་སར་ལྷ་རིས་རྒྱུད་འཛིན་པ་གཅིག་པུ་ཡིན།

རིགས་དབྱེ།  

རྡོ་རྗེ་རིན་ཆེན།

རྡོ་རྗེ་རིན་ཆེན་ནི་སྤྱི་ལོ1963ལོར་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྟོད་ནས་སྐྱེས་ཤིང་། ཁོ་ནི་བོད་ཀྱི་གནའ་དེང་ཟུང་འབྲེལ་གྱི་རྩིག་བཟོ་བ་ཆེན་མོ་ཞིག་ཡིན།

རིགས་དབྱེ།  

མཁྱེན་བརྩེ་ཆེ་མོ།

མཁྱེན་བརྩེ་ཆེ་མོ་ནི་ད་ཡོད་དཔྱད་གཞིའི་ཡིག་རིགས་འགའ་ཞིག་ལ་དཔྱད་བསྡུར་བྱས་པར་གཞིགས་ན། རབ་བྱུང་བདུན་པའི་ཆུ་བྱི་སྤྱི་ལོ༡༤༣༢ལོར་གོང་དཀར་སྒང་སྟོད་དུ་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ཤེས་རབ་ཀྱི་རྩལ་དང་ལྡན་ཞིང་། སྲོག་ཆགས་དང་རྩི་ཤིང་མེ་ཏོག་ལ་སོགས་སློབ་དཔོན་མ་བསྟེན་ཡང་རང་བཞིན་གྱིས་གཟུགས་སུ་ཐོན་པ་འབྲི་མཁྱེན་པ་དང་། སྐུ་གཞོན་ནུའི་དུས་བོད་ཀྱི་རིག་གནས་སྤྱི་ལ་སྦྱང་པ་གང་ལེགས་མཛད་པ་མ་ཟད། ཁྱད་པར་དུ་ལྷའི་སྐུ་བརྙན་འབྲི་རྒྱུར་སྐོམ་པ་ཆུ་འདོད་ལྟར་སྦྱང་པ་མཛད་དེ་གཙང་སྟོད་དུ་བྱོན་ནས་རྡོ་པ་བཀྲ་ཤིས་རྒྱལ་པོའི་ཞབས་ལ་གཏུགས་ཏེ་བྲིས་འབུར་གྱི་གཞུང་ལུགས་དང་ཕྱག་རྩལ་ལེགས་པར་སྦྱངས་པས་མཁས་པའི་རྩེ་མོར་སོན། མཁས་པའི་གཙུག་རྒྱན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཀྱང་སྨན་མཁྱེན་གཉིས་ཞེས་གངས་ཅན་ཡུལ་དུ་ཉི་ཟླ་ལྟར་གྲགས་པའི་ཤིང་རྟའི་སྲོལ་སོ་སོ་བར་གྱུར་ཞེས་བསྔགས་བརྗོད་ཡང་ཡང་མཛད།

རིགས་དབྱེ།  

སྤྲུལ་སྐུ་བྱིའུ་སྒང་པ།

སྤྲུལ་སྐུ་བྱིའུ་སྒང་པ་ནི་བཟོ་གནས་འདིའི་ཆེད་དུ་ངལ་བ་མེད་པར་ཉུལ་བས་སྤྲུལ་སྐུ་བྱིའུར་གྲགས་པ་རིག་རྩལ་བླ་ན་མེད་པས་བཟོ་རྒྱུན་སྔ་མ་གཉིས་ཀ་དང་མི་གཅིག་པ། ཚོན་མདངས་ནི་གཞན་ལས་ཀྱང་ཁྱད་པར་དུ་འཕགས་པ་ཞིག་བྱུང་ (སྟོད་ཆ་ཤོག་༥༧༦)ཞེས་གསུངས་པ་ལྟར། དུས་རབས་བཅུ་གསུམ་པའི་ལྷ་འབྲི་མཁས་ཅན་བྱིའུ་སྒང་པ་ནི་ལྷོ་ཁ་ཡར་ལུང་དུ་སྐུ་འཁྲུངས། སྐུ་ཆུང་དུས་རིག་གནས་སྤྱི་དང་། ཁྱད་པར་བལ་རིས་ཀྱི་བྲིས་རྒྱུན་ལ་སྦྱང་པ་མཐར་ཕྱིན་མཛད་དེ་མཁས་པའི་ཡང་རྩེར་སོན། བྱིའུ་སྒང་པའི་ལུགས་ཞེས་པའི་བྲིས་རྒྱུན་གསར་དུ་བཏོད། ཁོང་གིས་སྐུ་ཚེ་ཧྲིལ་པོར་རི་མོ་ལ་འབད་པ་ལྷོད་མེད་དང་། པིར་དང་ཤོག་བུ་འབྲལ་མེད་བསྣམས་ཏེ་རི་མོ་ཡོད་ཚད་ལ་ཉུལ་གཟིགས་མཛད་ཆེད་སྲོག་ཆགས་བྱིའུ་དང་འདྲ་བར་རང་དགར་ཕེབས་སྟབས་མཚན་དུའང་སྤྲུལ་སྐུ་བྱིའུ་ཞེས་གསོལ།

རིགས་དབྱེ།  

དབུ་ཆེན་ཚེ་རིང་རྒྱའུ།

དབུ་ཆེན་ཚེ་རིང་རྒྱའུ་ནི་རབ་བྱུང་བཅོ་ལྔ་པའི་ཆུ་སྦྲེལ(སྤྱི་ལོ1872)ལོར་ཨེ་གོང་སྨད་ཁ་དོག་ལྷོ་མའི་ཁྱིམ་དུ་ཡབ་ལྷ་འབྲི་མཁས་ཅན་འཇམ་དབྱངས་ནོར་བུ་དང་ཡུམ་ལྷ་མོ་ཚེ་རིང་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་ཆུང་དུས་ཁྱིམ་གྱི་ར་ལུག་སོགས་འཚོ་བར་ཕེབས། དགུང་ལོ་བཅུ་གཅིག་ཙམ་དུ་ཞང་པོ་སེར་བྱིས་གྲྭ་ཚང་བློ་བཟང་དོན་ལྡན་གྱི་དྲུང་དུ་ཡི་གེ་འབྲི་ཀློག་སོགས་ལ་སྦྱང་པ་མཛད། དགུང་ལོ་བཅུ་གསུམ་སྐབས་ཕ་ཡི་དྲུང་ནས་ལྷ་སྐུའི་ཐིག་རྩ་གསན་སྦྱོང་གནང་སྐབས་སྐྱེས་སྟོབས་ཤེས་རབ་ཀྱི་རྩལ་དང་ལྡན་པས་ཚེགས་མེད་དུ་རི་མོའི་དཀའ་གནད་གསལ་བར་མཁྱེན། དགུང་ལོ་བཅོ་བརྒྱད་ཙམ་དུ་རི་མོའི་གཞུང་དང་ལག་ལེན་གང་དུའང་མཁས་པར་གྱུར། སྙན་པའི་མཚན་བཟང་རིམ་བཞིན་ཁྱབ། བོད་ས་གནས་སྲིད་གཞུང་གི་བཀའ་བཀོད་ལྟར། ལྷ་སར་བསྐོངས་ཏེ་བཟོ་ལྗོངས་ལྷ་འབྲི་བའི་སྐྱིད་སྡུག་ཏུ་ཞུགས། ཁོང་ནི་སྨན་ལུགས་པའི་རི་མོའི་སྲོལ་རྒྱུན་ལ་བྱང་ཆུབ་པ་ཞིག་ཡིན་སྟབས་དབུ་ཆུང་དང་དབུ་ཆེན་གྱི་མཚན་གནས་རིམ་པར་ཐོབ།

རིགས་དབྱེ།  

ཡེ་ཤེས་རྒྱ་མཚོ།

སྨན་ལུགས་སྲོལ་རྒྱུན་འཛིན་པ་ལྷ་འབྲི་མཁས་ཅན་རྩེ་དྲུང་ལས་ཚན་ཡེ་ཤེས་རྒྱ་མཚོ་ནི། རབ་བྱུང་བཅོ་ལྔ་པའི་ལྕགས་སྦྲུལ་སྤྱི་ལོ༡༨༨༡ལོར་ལྷོ་ཁ་ཨེ་ཁུལ་དུ་སྐུ་བལྟམས། ཆུང་བྱིས་པའི་དུས་ནས་སྐྱེས་སྟོབས་ཤེས་རབ་ཀྱི་རྩལ་དང་ལྡན་པས་རི་མོ་ཚེགས་མེད་དུ་མཁྱེན། དུས་དེར་ཡི་གེ་འབྲི་ཀློག་སོགས་ལ་བྱུང་པ་གང་ལེགས་གནང་། དེ་རྗེས་ཡབ་ཀྱི་ཕྱག་རྒྱུན་བཟང་པོ་མི་ཉམས་གོང་དུ་སྤེལ་ཆེད་དངོས་སུ་རི་མོའི་བྲིས་རྩལ་དང་གཞུང་ལུགས་བསླབས། དེ་རྗེས་འབྲས་སྦྱངས་བློ་གླིང་དུ་ཆོས་ཞུགས་གནང་ནས་མཚན་ལ་ཡེ་ཤེས་རྒྱ་མཚོ་ཞེས་གསོལ།

རིགས་དབྱེ།  

ཚེ་རིང་དོན་གྲུབ།

རི་མོ་མཁས་ཅན་ལས་ཚན་ཚེ་རིང་དོན་གྲུབ་ནི། ལྷོ་ཁ་ཡེ་ཁུལ་ཚོ་སྟོད་ཁང་གསར་འོག་མར་ཡབ་ལྷ་འབྲི་པདྨ་ཀུན་བཟང་དང་། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་ཁྱིམ་དུ་རབ་བྱུང་བཅོ་ལྔ་པའི་ཆུ་སྟག(སྤྱི་ལོ1903)ལོར་འཁྲུངས། དགུང་ལོ་བརྒྱད་ལ་ཕེབས་སྐབས་གོང་དཀར་ཆོས་སྡེར་ཞང་པོའི་དྲུང་དུ་བོད་ཡིག་ལོ་གཉིས་ཙམ་སྦྱངས་པས་ཚེགས་མེད་དུ་མཁྱེན། དེ་ནས་ཁྱིམ་ཚང་གི་གནས་བབས་ཞན་པས་དགུང་ལོ་བཅུར་ཕེབས་སྐབས་ནང་གི་བ་ཕྱུགས་དང་ར་ལུག་འཚོ་བར་ཕེབས། སྔོན་གྱི་བག་ཆགས་བཟང་པོས་རི་མོ་སློབ་མཁན་མེད་ཀྱང་རང་བཞིན་གྱིས་སྲོག་ཆགས་དང་སྐྱེ་དངོས་མེ་ཏོག་སྣ་ཚོགས་ལ་སོགས་འབྲི་མཁས་པར་གྱུར།

རིགས་དབྱེ།  

ལྷ་བཟོ་ཨ་ཆུང་།

བོད་ཀྱི་རིག་གནས་དང་ཁྱད་པར་ལྷ་རིས་སྒྱུ་རྩལ་ལ་ནང་བྱན་ཆུད་པའི་མཁས་མཆོག་ཨ་ཆུང་ལགས་ནི་སྤྱི་ལོ1968འཁྲུངས་ཤིང་། ཁོང་ནི་བཟོ་རིག་སྒྱུ་རྩལ་གྱི་འཇིམ་སྐུ་དང་མེ་ཏོག་མཆོད་པ། དཀྱིལ་འཁོར། འཆམ་འབག རྡོ་བརྐོས། ཤིང་བརྐོས། ཚེམ་དྲུབ། ཐང་ག། རྡུང་བཟོ། བླུག་བཟོ་སོགས་བཟོ་རིག་གི་ཁྱབ་ཁོངས་མང་པོར་འཇོན་པའི་མིང་དོན་མཚུངས་པའི་ལྷ་རིས་སྒྱུ་རྩལ་པ་ཞིག་ཡིན།

རིགས་དབྱེ།  

ནོར་བུ་གཡུལ་རྒྱལ།

ཁོང་དགུང་ལོ་དྲུག་བདུན་ཙམ་ནས་སློབ་གྲྭར་འགྲིམས་ཤིང་། ལོ་ངོ་ཁ་ཤས་རིང་ཡི་གེ་འདོན་ཀློག་དང་། ཚུགས་ཆེན། ཚུགས་ཆུང་སོགས་བྲིས་འབྲི་རྒྱུ། སྡོམ་འཐེན་བགོ་སྒྱུར་སོགས་རྩིས་རིག་སྐོར་བཅས་ལ་སློབ་སྦྱོང་གནང་མྱོང་། དེ་རྗེས་ཆོས་དད་རང་མོས་ཀྱི་དབུ་ཚུགས་པ་དང་ལྷན་དུ་ཞིང་ཕྱུགས་ཀྱི་ལས་ཀའི་བར་གསེང་རྣམས་སུ་ཁོང་གི་ཨ་མྱེ་དང་། ཡབ་ཚེ་དབང་དོན་གྲུབ་གཉིས་ཀྱི་དྲུང་ནས་བོན་ཆོས་འདོན་ཀློག་སྐོར་ལ་སློབ་སྦྱོང་གནང་། དགུང་གྲངས་བཅུ་གཉིས་ཙམ་སོན་པ་དང་ཕ་མ་རྣམས་ཀྱི་རེ་འདུན་བཞིན་ལྡོང་མདོ་དབུ་ཆེན་ཚེ་རིང་གཡང་འཕེལ(ཁོང་གི་ཨ་མྱེ་ཡིན)གྱིས་སློབ་བུ་རུ་གཅེས་ཉར་གནང་སྟེ། ཁོང་དང་ཁོང་གི་སློབ་གྲོགས་ཡག་བཟའི་བུ་འབངས་སོགས་སློབ་ཕྲུག་ཁ་ཤས་དང་ལྷན་དུ་ལོ་ངོ་བཅུ་ཕྲག་རིང་ལྡོང་མདོ་དབུ་ཆེན་དང་རྒྱུན་དུ་འབྲལ་མེད་གནང་ནས་སྲོལ་རྒྱུན་ལྷ་བྲིས་ལག་ཤེས་སྦྱངས་ཡོད་པ་དང་། ལོ་ངོ་དེ་དག་གི་རིང་ལྡོང་མདོ་དབུ་ཆེན་གྱིས་ཀྱང་ལྷ་ཡི་ཐིག་དཔེ་ཚགས་པར་ལག་ལེན་གནང་སྟངས་དང་། འབྲི་རྒྱུ། ཚོན་གཏོང་རྒྱུ། ཐང་ཀ་བཞེངས་རྒྱུ་སོགས་ལྷ་བཟོའི་རྒྱུན་ལྡན་གྱི་ལག་ཤེས་རྣམས་ཕ་ངག་བུ་ལ་གདམས་པ་བཞིན་བསླབས་གནང་བས་མཐར་སློབ་བུ་རྣམས་ལྡོང་ལུགས་རི་མོའི་སྒྱུ་རྩལ་མཁས་ཅན་དུ་གྱུར་ནས་དབུ་མཛད་ཅེས་པའི་མཚན་གྱི་ཅོད་པན་སྤྱི་བོའི་གཙུག་རྒྱན་དུ་ཐོབ་ཡོད་པ་རེད། ད་ལྟ་སྟེང་ཆེན་རྫོང་གི་རི་མོའི་དགེ་རྒན་ཡིན།

རིགས་དབྱེ།