ཡོངས་འཛིན་རིག་མཛོད། >མི་སྣ། >སྒྱུ་རྩལ་མི་སྣ། >སྒྲུང་པ།

གུ་རུ་རྒྱལ་མཚན།

གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་བཤད་པར་མཁས་པའི་མི་སྣ་གྲགས་ཅན་ཞིག་ཡིན། སྤྱི་ལོ1987ལོའི་ཟླ9བར་མཚོ་སྔོན་པོའི་འགྲམ་རྒྱུད་དུ་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྱི་ཐེངས་དང་པོའི་གེ་སར་སྒྲུང་གི་དམངས་ཁྲོད་སྒྲུང་པའི་ཚོགས་ཆེན་སྟེང་དུ་བྱ་དགའ་ཨང་དང་པོ་ཐོབ། ཁོར་གཟི་བརྗིད་ཀྱི་མཚན་སྙན་དང་བྱ་དགའ་དག་ཐོབ་ཀྱང་ང་རྒྱལ་སྤུ་ཙམ་ཡང་མེད་པར་སྔར་ལས་ལྷག་པའི་སྡུག་རུས་ཀྱིས་སྒྲུང་དཔེ་མུ་མཐུད་དུ་བྲིས་བརྟེན། ད་ལྟ་སྒྲུང་དཔེ་གསར་བ《མུ་མིན་དངུལ་རྫོང》དང་། 《ལི་ཁྲིའི་རྟ་རྫོང》 《སྨུག་པོ་ལྡོང་གི་རྒྱལ་རབས》བཅས་སྒྲུང་ཁག་བཅུ་ལྷག་བྲིས་ཡོད།

རིགས་དབྱེ།  

དཔའ་དགའ།

སྒྲུང་བ་གྲགས་ཅན་དཔའ་དགའ་ནི་བོད་ལྗོངས་ནག་ཆུ་ས་ཁུལ་ནག་ཆུ་རྫོང་ནག་ཆུ་གྲོང་རྡལ་གྱི་སྒྲུང་པ་ཞིག་ཡིན་ལ། ཁོས་སྒྲུང་སྣ་མི་གཅིག་པ55བློར་བཤད་ཤེས་ཤིང་། དེ་དག་ལས《སྟག་གླིང་གཡུལ་འགྱེད》དང《སྟག་གཟིག་ནོར་འགྱེད》《རྟ་རྒྱུག་རྒྱལ་འཇོག》《ཚུར་འཁོར་བཀྲ་ཤིས་མེ་ཏོག》བཅས་འོད་སྡེར་སྟེང་ཕབ་ནས་འགྲེམས་སྤེལ་བྱས་འདུག

རིགས་དབྱེ།  

བསྟན་པ་རྒྱལ་མཚན།

བསྟན་པ་རྒྱལ་མཚན་ནི་ཡུལ་ཤུལ་ཁུལ་དུ་སྐྱེས་པའི་གླིང་སྒྲུང་སྨྲ་བ་གྲགས་ཅན་ཞིག་ཡིན། ཁོས་སྒྲུང་སྣ་མི་གཅིག་པ་ཉིས་སྟོང་ཉིས་བརྒྱ་གྱ་གཉིས་ཤེས་ཟེར་ཡོད་ཀྱང་། སྒྲུང་དཔེའི་ཁ་བྱང་བཀོད་པ་ནི་སུམ་བརྒྱ་སུམ་ཅུ་ཡོད་ཟེར། ཁོང་ནི་ཐོག་མ་བབས་སྒྲུང་གི་སྒྲུང་བ་དང་རྗེས་སུ་པྲ་སྒྲུང་གི་སྒྲུང་བར་གྱུར་སྐད།

རིགས་དབྱེ།  

ཚེ་རིང་དབང་འདུས།

ཚེ་རིང་དབང་འདུས་ནི་མཚོ་ནུབ་ཁུལ་གོར་ཁྱེར་གདང་ལ་ཞང་དུ་སྐྱེས་པའི་གེ་སར་སྒྲུང་སྨྲ་བ་བོ་གྲགས་ཅན་ཞིག་ཡིན། ཁོང་རང་ཉིད་ཀྱིས་བཤད་པ་ལྟར་ན། ཁོས་སྒྲུང་སྣ་མི་གཅིག་པ་ཆིག་བརྒྱ་ཉི་ཤུ་ལྷག་བཤད་ཤེས་ཟེར། ལོ་འདི་འགའི་རིང་ལ་ཁོང་གིས་འཇིག་རྟེན་ཐོག་ཁྱབ་མ་མྱོང་བའི་གེ་སར་སྒྲུང་བཅུ་གཅིག་བཤད་པ་དང་ད་ལྟ་སྒྲར་ཕབ་ཟིན་པ《ཨ་སྟག་ཤ་རྫོང》དང་། 《གནམ་ཐེའུ་གཏེར་རྫོང》 《བཀྲ་ཤིས་སྨོན་ལམ་ལྔ》 《མེ་མོ་ཤེལ་རྫོང》 《དུང་དཀར་སྟག་རྫོང》 《སྒ་སྡེ་ཤེས་རབ་ཁྲོ་རྫོང》སོགས་སྒྲ་ཐག697ལྷག་ཡོད།

རིགས་དབྱེ།  

སྲི་ཐར་རྡོ་རྗེ།

ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ས་དམ་ཡུལ་ཚོའི་དཔྲི་པ་སྡེ་བར་སྐྱེས་པའི་གེ་སར་སྒྲུང་བ་གྲགས་ཅན་ཞིག་ཡིན་ལ། ཁོས་བཤད་ཤེས་པའི་སྒྲུང་ལ《གཟི་མ་རྟ་རྫོང》དང《འཁྲུངས་གླིང་མེ་ཏོག་ར་བ》། 《ལྷ་གླིང་གབ་ཙེ་དགུ་སྐོར》།《རྟ་རྒྱུག་ནོར་བུ་ཆ་བདུན》།《ཤིང་རྩ་གོ་བོ་གཤོག་རྫོང》།《བེར་གླིང་གཡུལ་འགྱེད》སོགས་སྒྲུང་སྣ་ཉེར་དྲུག་ཡོད།

རིགས་དབྱེ།  

ངག་རིག

དུར་བུད་ངག་རིག་ནི་ཆུང་དུས་ནས་བཟུང་གླིང་གེ་སར་རྒྱལ་བློན་རྣམས་ཀྱི་རྟོགས་པ་བརྗོད་པའི་ངག་ལ་རང་དབང་ཐོབ་པའི་སྒྲུང་པ་གྲགས་ཆེན་ཞིག་ཡིན།

རིགས་དབྱེ།  

བུ་ཐུབ་དགའ།

བརྒྱུད་སྒྲུང་གི་སྒྲུང་པ་སྐད་གྲགས་ཅན་བུ་ཐུབ་དགའ་ནི་མི་རབས་གསུམ་ལ་བརྒྱུད་སྒྲུང་གི་སྒྲུང་པ་ཡོད་པའི་ཁྱིམ་ཚང་ཞིག་ནས་སྐྱེས་ཤིང་། 1991ལོར་རྒྱལ་ས་པེ་ཅིན་ནས་ཁོང་ལ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་པ་སྐད་གྲགས་ཅན་གྱི་མཚན་སྙན་གནང་བ་དང་། 1996ལོར་རྒྱལ་ས་པེ་ཅིན་དུ་བསྡུས་པའི་རྒྱལ་ཡོངས་ཀྱི《གེ་སར་སྒྲུང》གི་བྱ་བར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྟེང་ཁོང་ལ《གེ་སར་སྒྲུང》གི་བྱ་བར་བྱས་རྗེས་ཆེན་པོ་ཡོད་མཁན་ཞེས་གཟེངས་བསྟོད་བྱས།

རིགས་དབྱེ།  

གཡུ་སྨན།

སྒྲུང་པ་གཡུ་སྨན་ནི1957ལོར་བོད་ལྗོངས་ནག་ཆུ་ས་ཁུལ་སོག་རྫོང་དུ་སྐྱེས་པའི་སྐྱེས་མའི་སྒྲུང་པ་ཞིག་ཡིན་ཞིང་། 1986ལོ་དང1997ལོ་ལ་ཀྲུང་དབྱང་རིག་གནས་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་བཅས་སྡེ་ཁག་དག་གིས་ཐེངས་གཉིས་ལ་སྒྲུང་མཁན་ཕུལ་བྱུང་ཅན་གྱི་གཟི་བརྗིད་མཚན་སྙན་གནང་ཡོད། ཁོ་མོས་སྒྲུང་ཁག་མི་གཅིག་པ70ལྷག་བཤད་ཤེས།

རིགས་དབྱེ།  

ཟླ་བ་གྲགས་པ།

ཟླ་བ་གྲགས་པ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་སྐྱེས་པའི་ན་གཞོན་གེ་སར་སྒྲུང་སྨྲ་བ་བོ་ཞིག་ཡིན་ཞིང་། ཁོ་རང་ཉིད་ཀྱིས་བཤད་པ་ལྟར་ན་ཁོས་གླིང་སྒྲུང་ཁག153བཤད་ཤེས་པ་ལས། སྒྲུང་ཁག52སུས་ཀྱང་གོ་མ་བྱུང་བའི་སྒྲུང་སྣ་གསར་བ་ཡིན་ཟེར། ད་ལྟ་སྒྲུང་ཁག26སྒྲར་ཕབ་ཟིན་པ་དང་སྒྲུང་ཁག5ཡི་གེར་བཀོད་ནས་དག་སྒྲིག་བྱས་ཟིན།

རིགས་དབྱེ།  

གྲགས་པ།

སྒྲུང་མཁན་སྐད་གྲགས་ཅན་གྲགས་པ་ནི་བོད་ལྗོངས་ཆབ་མདོའི་དཔལ་འབར་རྫོང་གི་ཞིང་པའི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས་ཤིང་། ཁོང་ལ་རང་སྐྱོང་ལྗོངས་ངལ་རྩོལ་མི་དོན་ཅུས་སྒྲུང་མཁན་སྐད་གྲགས་ཅན་གྱི་མཚན་སྙན་དང་འབྲིང་རིམ་པའི་ལག་རྩལ་ཐོབ་ཐང་གནང་། སྒྲུང་མཁན་གྲགས་པ་སྐུ་མ་གཤེགས་པའི་གོང་གི་ལོ་བཞིའི་ནང་དུ《ལྷ་གླིང་གབ་ཙེ་དགུ་སྐོར》 《སུམ་པ་མཛོ་རྫོང》 《བྷ་ཀ་ལ་འཕྲུལ་གྱི་རྒྱལ་པོ》 《མོན་གླིང་གཡུལ་འགྱེད》 《བྱང་བདུད་ཐེའུ་རང་རྐང་གཅིག》 བཅས་སྒྲུང་ཁག་གསར་པ25བཤད་དེ་སྒྲ་ཕབ་ཟིན་པ་དང་། སྒྲ་ཐག998ཡོད། གོང་ཞུའི་སྒྲ་ཕབ་པའི་སྒྲུང་ཁག25ལས《ལྷ་གླིང་གབ་རྩེ་དགུ་སྐོར》 《མོན་གླིང་གཡུལ་འགྱེད》 《བྱང་བདུད་ཐེའུ་རང་རྐང་གཅིག》བཅས་སྒྲུང་ཁག་བཞི་བོད་ལྗོངས་དང་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བཏབ་ནས་འགྲེམས་སྤེལ་བྱས།

རིགས་དབྱེ།  

ཁ་ཚེ་གྲགས་པ་ངག་དབང་རྒྱ་མཚོ།

སྒྲུང་པ་སྐད་གྲགས་ཅན་ཁ་ཚེ་གྲགས་པ་ངག་དབང་རྒྱ་མཚོར་འབོད་པ་ནི་བོད་ལྗོངས་ཆབ་མདོའི་རི་བོ་ཆེ་རུ་སྐྱེས་ཤིང་། ཁོང་གིས་བོད་རང་སྐྱོང་ལྗོངས་ཀྱི《གེ་སར་སྒྲུང》གཞུང་ལས་ཁང་ལ་སྒྲུང་ཁག་བཅུ་གཅིག་སྤྲད་ནས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་འབྲི་སྤེལ་གསུམ་གྱི་ཕྱོགས་ལ་བསུབས་ཀྱང་སུབ་ཐབས་མེད་པའི་མཛད་རྗེས་ཕུལ་ཡོད་པས་རྒྱལ་ཁབ་དང་མི་དམངས་ཀྱིས་ཀྱང་ཁོ་ལ་འཐོབ་འོས་པའི་གདེང་འཇོག་དང་ཐོབ་ཐང་ལ་སོགས་གནང་ཡོད་པ་རེད།

རིགས་དབྱེ།  

ཚེ་རིང་བསོད་ནམས།

སྒྲུང་པ་ཚེ་རིང་བསོད་ནམས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་གི་འབྲོག་ཁྱིམ་ཞིག་གི་མི་ཡིན་ཞིང་། ཁོས་རྒྱ་ཚ་དང་འདན་མ་ལ་སོགས་ཁྲ་མོ་གླིང་གི་དཔའ་རྟུལ་རྣམས་ཀྱི་ལོ་རྒྱུས་རེ་རེ་བཞིན་ཆ་ཚང་ཞིང་མགོ་རྔ་ཡོད་པ་ཞིག་བཤད་ཤེས་པར་མ་ཟད། ད་དུང་ཁོས་བཤད་པའི་གླིང་སྒྲུང་ཕལ་ཆེར་དེང་གི་དུས་འདིར་རྒྱུན་ཆད་ཟིན་པ་དང་ཡང་ན་འགྲོ་བ་མིས་གོ་ཐོས་མ་བྱུང་བའི་སྒྲུང་གསར་པ་ཞེ་གཅིག་ཡིན་པ་རེད། 《ལྡོང་རབས་སྲིད་པ་ཆགས་རྫོང》དང་། 《ལྷ་གླིང་གབ་ཙེ་དགུ་སྐོར》 《འཁྲུངས་གླིང་སྐྱེས་བུའི་བྱོན་ཚུལ》སོགས་སྒྲུང་ཁག186བཤད་ཤེས་པ་རེད།

རིགས་དབྱེ།  

སྒྲུང་པ་སྐལ་བཟང་གྲགས་པ།

སྒྲུང་བ་སྐལ་བཟང་གྲགས་པ་ནི་སྤྱི་ལོའི་དུས་རབས་20བའི་དུས་དཀྱིལ་དུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་ས་ཆའི་མི་ཡིན་ཞིང་། ཆུང་དུས་སུ་སློབ་གྲྭ་འགྲིམ་པའི་སྐལ་བ་མ་ཐོབ་ཀྱང་། མི་རིགས་ལ་ཤ་ཞེན་དང་དུང་བ་ཟབ་པའི་རྐྱེན་གྱིས་བོད་ཀྱི་ཟློས་གར་འཁྲབ་སྟོན་དང་གླིང་སྒྲུང་བཤད་པ་སོགས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

རིགས་དབྱེ།  

གླིང་བླ་མ་འཇིགས་མེད་ཆོས་ཀྱི་རྡོ་རྗེ།

​གླིང་བླ་མ་འཇིགས་མེད་ཆོས་ཀྱི་རྡོ་རྗེ་ནི་མདོ་ཁམས་རྨ་ཡུལ་མཐོང་བ་ཀུན་སྨོན་མགོ་ལོག་དར་ལག་རྫོང་དུ་རབ་བྱུང་བཅོ་ལྔ་པའི་མེ་གླང་སྟེ་སྤྱི་ལོ1877ལོའི་དབོ་ཟླའི་ཡར་ངོས་ཚེས་བཅུའི་ཉིན་གླིང་ཆུང་རྒྱུད་ཀྱི་གདུང་རིགས་ལས་མཆེད་པའི་ཡབ་གླིང་རི་ལོ་དང་། མ་ཡུམ་སོག་བཟའ་ཚེ་ལྷ་གཉིས་ཀྱི་སྲས་སུ་ཡ་མཚན་དགེ་བའི་མཚན་བཟང་དུ་མ་དང་བཅས་སྐུ་འཁྲུངས།

རིགས་དབྱེ།  

སྒྲུང་པ་དིལ་ཆུང་དཔལ་ཆེན།

ཁོང་ནི་སྤྱི་ལོ1931ལོར་ཡབ་བསོད་ནམས་རབ་བརྟན་དང་ཡུམ་སྐལ་བཟང་ཚེ་འཚོ་གཉིས་ཀྱི་སྲས་སུ་ཁམས་སྡེ་དགེ་ཨ་ལོ་ཁབ་སྟེང་དུ་སྐུ་འཁྲུངས་ཤིང་། དགུང་གྲངས་ཆུང་དུས་ནས་ཞང་པོ་ཚེ་དབང་རབ་བརྟན་གྱི་མདུན་དུ་བོད་ཡིག་བསླབས་འགོ་བརྩམས་པ་དང་མཉམ་དུ་གཅེན་པོ་དིལ་ཆུང་བློ་ཆོས་ཀྱི་མདུན་ནས་གླིང་སྒྲུང་ཀློག་འདོན་གནང་བ་རེད། ཕྱིས་སུ་བོད་ཀྱི་གེ་སར་སྒྲུང་པ་གྲགས་ཅན་ཞིག་ཏུ་གྱུར།

རིགས་དབྱེ།  

སྒྲུང་པ་བསམ་འགྲུབ།

བོད་ཀྱི་སྒྲུང་མཁན་སྐད་གྲགས་ཅན་བསམ་འགྲུབ་ལགས་ནི་བོད་ལྗོངས་བྱང་ཐང་སྟེང་ཆེན་གྱི་ཁྱིམ་ཚང་ཕལ་བ་ཞིག་ནས་སྐུ་འཁྲུངས། ཁོང་ཆུང་དུས་ནས་ཡིད་འཛིན་གྱི་ནུས་པ་ཁྱད་དུ་འཕགས་པ་དང་རིག་རྒོད་ཅིག་ཡིན། ཁྱིམ་གྱི་ཨ་མྱེས་བློ་བཟང་དགེ་ལེགས་ནི་སྒྲུང་པ་ཞིག་ཡིན་པས་དུས་རྒྱུན་ཨ་མྱེས་ཀྱི་མདུན་ནས་གེ་སར་སྒྲུང་བཤད་པར་སློབ་སྦྱོང་བྱས་པ་དང་རྗེས་སུ་རྨི་ལམ་ཞིག་དང་བསྟུན་ནས་སྒྲུང་བཤད་ནས་རིམ་བཞིན་སྒྲུང་པ་སྐད་གྲགས་ཅན་ཞིག་ཏུ་གྱུར།

རིགས་དབྱེ།  

པྲ་སྒྲུང་བ་སྤྲུལ་ཚེ་སྒྲུབ།

​པྲ་སྒྲུང་བ་བེེ་སྤྲུལ་ཚེ་སྒྲུབ་ལགས་ནི་བོད་རབ་བྱུང་བཅུ་དྲུག་པའི་མེ་ལུག་སྟེ། སྤྱི་ལོ1967ལོར་མགོ་ལོག་ཁང་རྒན་ཡུལ་ཚོ་རུ་སྐྱེས། དགུང་ལོ་བདུན་ཀྱི་སྟེང་ནས་ས་གནས་ཀྱི་དམངས་སྒེར་སློབ་ཆུང་དག་ནས་འབྲི་ཀློག་སོགས་རིམ་པར་བསླབ། དགུང་ལོ་བཅུ་གསུམ་སྟེང་ལུང་དཀར་དགོན་དགའ་ལྡན་ཆོས་འཕེལ་གླིང་གི་གྲྭ་སར་ཞུགས། སྒུ་རུ་བླ་མ་ཐུབ་ཚེ་མཆོག་གིས་སྒུ་རུ་བླ་མ་དཔལ་རྡོར་གྱི་ཡང་སྤྲུལ་དུ་ངོས་འཛིན་གནང་།

རིགས་དབྱེ།  

འཇམ་དཔལ་རྒྱ་མཚོ།

ཁོང་ནི་སྤྱི་ལོ1938ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འབའ་ཐང་རྫོང་གི་དུད་ཚང་དཀྱུས་མ་ཞིག་ནས་འཁྲུངས་ཤིང་། སྤྱི་ལོ1950ལོར་བཅིངས་འགྲོལ་དམག་ལ་ཞུགས།

རིགས་དབྱེ།  

སྐལ་བཟང་གྲགས་པ།

སྒྲུང་པ་སྐལ་བཟང་གྲགས་པ་ལགས་ནི་སྤྱི་ལོ1953ལོར་བསང་ཆུ་རྫོང་བླ་བྲང་གྲོང་རྡལ་གྱི་སྔོན་མཆོག་སྡེ་བ་རུ་སྐྱེས་ཤིང་། ཆུང་དུས་སུ་ལོ་གཅིག་གཉིས་ཙམ་ལ་སློབ་གྲྭར་འགྲིམས་མོད་སློབ་ཆུང་མཐར་མ་ཕྱིན། ཕྱིས་སུ་མདོ་སྨད་ཆོས་སྡེ་ཆེན་པོ་དཔལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་ནས་རབ་ཏུ་བྱུང་སྟེ་སློབ་གཉེར་བྱེད་པའི་གོ་སྐབས་ཐོབ་མོད་ཀྱང་། དུས་ཀྱི་གོད་ཆག་གི་དབང་གིས་དགོན་པ་ནས་བུད་དེ་སྐྱ་སར་བབས། ལོ་བཅུའི་རིག་གནས་གསར་བརྗེ་ཆེན་མོ་མཇུག་བསྒྲིལ་རྗེས། སྤྱི་ལོ1982ལོ་ནས་བཟུང་ཁོང་གིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྣམ་ཐར་འཁྲབ་སྟོན་རུ་ཁག་ལ་རམ་འདེགས་དང་བསང་ཆུ་རྫོང་རྒྱོའུ་རྒྱ་ཤང་ཨ་མཆོག་སྡེ་བའི་འཁྲབ་སྟོན་རུ་ཁག་བསྐྱར་འཛུགས་དང་བཅོས་སྒྲིག་སྒོས་བོད་ཀྱི་རིག་གནས་ཡར་སྐུལ་གྱི་བྱ་བར་འཇུས་ཏེ་གེ་སར་རྒྱལ་པོའི་རྣམ་ཐར《བདུད་འདུལ》དང་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་སོགས་འཁྲབ་སྟོན་བྱས། ཁོང་གིས་རང་གི་འཁྲབ་སྟོན་རུ་ཁག་ལ་མགོ་འཛིན་མཛད་ཅིང་རང་ས་གནས་གཙོས་ཉེ་འབྲེལ་གྱི་མཚོ་སྔོན་དང་ཀན་སུའུ་སོགས་སུ་ཁྲིད་པ་དང་འཁྲབ་སྟོན་བྱས་ནས་རྣམ་ཐར་ཟློས་གར་ཁྱབ་སྤེལ་དང་རྒྱུན་འཛིན་བྱས།

རིགས་དབྱེ།  

འཇམ་དབྱངས།

ཁོང་ནི་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་སྐྱེས་ཤིང་། ཆུང་དུས་ནས་བོད་ཀྱི་རིག་གནས་ལ་དུང་བའི་བག་ཆགས་ཤིག་གིས་དུས་འགྱུར་སོགས་གང་གིས་ཀྱང་བསམ་བློའི་སྟོབས་ཤུགས་གཞོམས་པར་མ་ནུས་པར་བོད་ཀྱི་རིག་གཞུང་ལ་སྔར་ལས་ལྷག་པའི་གཟི་མདངས་ཤིག་འཕྲོ་བར་བྱས་ཡོད།

རིགས་དབྱེ།  

དབང་ཕྱུག་བྱམས་།

སྐུ་ཞབས་དབང་ཕྱུག་བྱམས་ལགས་ནི་དུས་རབས་ཉི་ཤུ་བའི་དུས་འགོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཱ་ཙེ་རྫོང་མའོ་ཏེ་ཕོ་སྡེ་བར་སྐྱེས། ཁོང་གིས་བོད་ཀྱི་གེ་སར་སྒྲུང་ལ་ཞིབ་འཇུག་དང་སྒྲ་ཕབ། ཡིག་སྒྱུར་བཅས་ཀྱི་ཐད་ལ་བྱས་རྗེས་མི་དམན་པ་བཞག་ཡོད།

རིགས་དབྱེ།  

འཇམ་དབྱངས།

ཁོང་ནི་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་སྐྱེས་ཤིང་། ཆུང་དུས་ནས་བོད་ཀྱི་རིག་གནས་ལ་དུང་བའི་བག་ཆགས་ཤིག་གིས་དུས་འགྱུར་སོགས་གང་གིས་ཀྱང་བསམ་བློའི་སྟོབས་ཤུགས་གཞོམས་པར་མ་ནུས་པར་བོད་ཀྱི་རིག་གཞུང་ལ་སྔར་ལས་ལྷག་པའི་གཟི་མདངས་ཤིག་འཕྲོ་བར་བྱས་ཡོད།

རིགས་དབྱེ།  

རིན་ཆེན་རྡོ་རྗེ།

སྤྱི་ལོའི་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་བཅུ་བར་ཀན་ལྷོ་བླ་བྲང་ས་ཆར་སྐྱེས། ཁོང་གིས་ལོ་ངོ་དུ་མའི་རིང་གི་འབད་པ་ལ་བརྟེན་ནས་བོད་ཀྱི་རིག་གཞུང་གི་སྟེང་ལ་འོད་སྟོང་འབར་བའི་བྱས་རྗེས་བཞག་ཡོད།

རིགས་དབྱེ།  

སྐལ་ཁོ།

ཁོང་ནི་ཀན་ལྷོ་རྨ་ཆུ་ས་ཆར་སྐྱེས་ཤིང་། བོད་ཀྱི་དམངས་ཁྲོད་རིག་གནས་དང་སྒོས་སུ་གེ་སར་སྒྲུང་བཤད་པ་ལ་མཁས་པའི་མི་སྣ་ཞིག་ཡིན།

རིགས་དབྱེ།  

སྐལ་བཟང་གྲགས་པ།

སྒྲུང་པ་སྐལ་བཟང་གྲགས་པ་ལགས་ནི་སྤྱི་ལོ1953ལོར་བསང་ཆུ་རྫོང་བླ་བྲང་གྲོང་རྡལ་གྱི་སྔོན་མཆོག་སྡེ་བ་རུ་སྐྱེས་ཤིང་། ཆུང་དུས་སུ་ལོ་གཅིག་གཉིས་ཙམ་ལ་སློབ་གྲྭར་འགྲིམས་མོད་སློབ་ཆུང་མཐར་མ་ཕྱིན། ཕྱིས་སུ་མདོ་སྨད་ཆོས་སྡེ་ཆེན་པོ་དཔལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་ནས་རབ་ཏུ་བྱུང་སྟེ་སློབ་གཉེར་བྱེད་པའི་གོ་སྐབས་ཐོབ་མོད་ཀྱང་། དུས་ཀྱི་གོད་ཆག་གི་དབང་གིས་དགོན་པ་ནས་བུད་དེ་སྐྱ་སར་བབས། ལོ་བཅུའི་རིག་གནས་གསར་བརྗེ་ཆེན་མོ་མཇུག་བསྒྲིལ་རྗེས། སྤྱི་ལོ1982ལོ་ནས་བཟུང་ཁོང་གིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྣམ་ཐར་འཁྲབ་སྟོན་རུ་ཁག་ལ་རམ་འདེགས་དང་བསང་ཆུ་རྫོང་རྒྱོའུ་རྒྱ་ཤང་ཨ་མཆོག་སྡེ་བའི་འཁྲབ་སྟོན་རུ་ཁག་བསྐྱར་འཛུགས་དང་བཅོས་སྒྲིག་སྒོས་བོད་ཀྱི་རིག་གནས་ཡར་སྐུལ་གྱི་བྱ་བར་འཇུས་ཏེ་གེ་སར་རྒྱལ་པོའི་རྣམ་ཐར《བདུད་འདུལ》དང་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་སོགས་འཁྲབ་སྟོན་བྱས། ཁོང་གིས་རང་གི་འཁྲབ་སྟོན་རུ་ཁག་ལ་མགོ་འཛིན་མཛད་ཅིང་རང་ས་གནས་གཙོས་ཉེ་འབྲེལ་གྱི་མཚོ་སྔོན་དང་ཀན་སུའུ་སོགས་སུ་ཁྲིད་པ་དང་འཁྲབ་སྟོན་བྱས་ནས་རྣམ་ཐར་ཟློས་གར་ཁྱབ་སྤེལ་དང་རྒྱུན་འཛིན་བྱས།

རིགས་དབྱེ།  

པདྨ་ཡེ་ཤེས།

ཁོང་ནི་སྤྱི་ལོ1947མེ་ཕག་ལོར་རྫོགས་ཆེན་དུ་ཡབ་རིག་འཛིན་པདྨ་འཕྲིན་ལས་དང་ཡུན་ཁྲ་ལོ་ཞེས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་ཐོག་ནས་མཁན་པོ་ཐུབ་བསྟན་སྙན་གྲགས་ཀྱི་སྐུ་མདུན་དུ་བོད་ཡིག་སྦྱོང་འགོ་བརྩམས་ཤིང་། དགུང་ལོ་ཉི་ཤུ་རྩ་གཉིས་ནས་བཟུང་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་འདོན་འགོ་ཚུགས།

རིགས་དབྱེ།  

སྒྲུང་བ་གྲགས་པ།

ཁོང་ནི་སྤྱི་ལོ1906ལོར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་ཞིང་བའི་ཁྱིམ་ཚང་དབུལ་བོ་ཞིག་ཏུ་འཁྲུངས། སྤྱི་ལོ1986ལོར་གཤེགས།

རིགས་དབྱེ།