ཁོང་ནི་སྤྱི་ལོ1990ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སྡེ་ཁག་ནས་སློབ་མཐར་ཕྱིན། སྔ་རྗེས་སུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་བོད་སྐད་བརྙན་འཕྲིན་གཉིས་སུ་སྙན་སྒྲོན་པ་དང་མདོ་འཛིན་པ། རྩོམ་སྒྲིག་པ་སོགས་ཀྱི་བྱ་བ་བསྒྲུབས།
སྤྱི་ལོ1993ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་ཁང་དུ་མདོ་འཛིན་དང་སྙན་སྒྲོན། གསར་འགོད་པ། རྩོམ་སྒྲིག་པ། ལོ་ཙཱ་བ་བཅས་ཀྱིས་བྱ་བ་སྒྲུབ་བཞིན་ཡོད།
ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་དུ་རིག་རྩལ་སྡེ་ཁག་གི་འགན་འཛིན་གཞོན་པ་དང《བྱམས་པའི་ཁ་བརྡ》ལེ་ཚན་གྱི་བརྙན་བཟོ་བ་སོགས་ཀྱི་བྱ་བ་སྒྲུབ་མུས་ཡོད།
སྤྱི་ལོ1984ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་མཚོ་སྔོན་བརྙན་འཕྲིན་ཁང་གི་གདན་ཞུས་ལྟར། མཚོ་སྔོན་བརྙན་འཕྲིན་ཁང་བོད་སྐད་ཚན་ཁག་ཏུ་ཕེབས་ཏེ་གསར་འགྱུར་རྒྱང་སྒྲོག་པ་དང་མདོ་འཛིན་པའི་ལས་ཀ་གཉེར།
སྤྱི་ལོ2009ལོར་ཁམས་པའི་བརྙན་འཕྲིན་ཁང་དུ་རྒྱུགས་འཕྲོད་པ་དང་། མདོ་འཛིན་པ་དང་གསར་འགོད་པ་སོགས་ཀྱི་བྱ་བ་སྒྲུབ་མུས་སུ་ཡོད།
སྤྱི་ལོ1993ལོ་ནས་ད་བར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས། བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་ལེ་ཚན་གྱི་གཙོ་འགན་སྙན་སྒྲོན་པའི་འགན་བཞེས་བཞིན་ཡོད།
སྤྱི་ལོ1993ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། ཐད་ཀར་དུ་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་དུ་ལས་བགོས་བྱས་ནས་སྙན་སྒྲོན་པ་དང་མདོ་འཛིན་པ། རྩོམ་སྒྲིག་པ་བཅས་ཀྱི་ལས་ཀ་གཉེར་ནས་མི་ལོ་ཉེར་གཉིས་ཙམ་འགོར་ཞིང་ད་ལྟ་ཀྲུའུ་རིན་རིམ་པའི་སྙན་སྒྲོན་པ་ཡིན།
སྤྱི་ལོ1986ལོར་སློབ་མཐར་ཕྱིན་རྗེས་ཐད་ཀར་དུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ལས་བགོས་བྱས་ཏེ། ད་ལྟའི་བར་སྙན་སྒྲོན་པ་དང་མདོ་འཛིན་པ། ལོ་ཙཱ་བ། གསར་འགོད་པ། རྩོམ་སྒྲིག་པ་བཅས་ཀྱི་བྱ་བ་གཅིག་ལྕོགས་སུ་གཉེར།
སྤྱི་ལོ2001ལོར་མཚོ་སྔོན་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཞིང་། སྤྱི་ལོ2004 ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་། ཐད་གཏོང་བགྲོ་གླེང་ལེ་ཚན《375ཐད་གཏོང་ཁང》གི་རྩོམ་སྒྲིག་པ་དང་མདོ་འཛིན་པའི་འགན་གཅིག་ལྕོགས་ཀྱིས་ཁུར།
ཁོ་མོ་ནི་སྤྱི་ལོ1978ལོའི་ཟླ5ཚེས22ཉིན་ཧྥུའུ་ཅན་ཞིང་ཆེན་ཁྲང་ཐིང་རྫོང་དུ་སྐྱེས་ཤིང་། ཀྲུང་གོའི་ནང་ཁུལ་ལེ་ཚན་གྱི་མདོ་འཛིན་པ་ཡིན། སྤྱི་ལོ2003ལོར་ཧྥུའུ་ཅན་དགེ་འོས་སློབ་ཆེན་གྱི་རོལ་དབྱངས་རིག་པའི“གླུ་དབྱངས་འཁྲབ་སྟོན་དང་དེའི་སློབ་གསོའི”རབ་འབྱམས་པའི་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་མཐར་ཕྱིན་པ་དང་། ལོ་དེར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་སྲིད་དཔལ་འབྱོར་འཕྲིན་ལམ་དུ་ཞུགས་པ་རེད། སྤྱི་ལོ2010ལོར་སིང་ཀ་ཕོར་དུ་ཐོག་མར་ལུའུ་ཐུའུ་གསར་འགྱུར་ཁང་གི་གསོ་སྦྱོང་ནང་ཞུགས་པ་དང་ལོ་དེར་ཆིང་ཧྭ་སློབ་ཆེན་གྱི་འཛིན་གྲྭEMBAནས་སློབ་མཐར་ཕྱིན། སྤྱི་ལོ2011ལོ་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི3•15དགོང་ཚོགས་ཀྱི་མདོ་འཛིན་པའི་འགན་བཞེས་པ་རེད།
ཁོང་ནི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་སྲིད་དཔལ་འབྱོར་འཕྲིན་ལམ་གྱི་མདོ་འཛིན་པ་ཡིན། སྤྱི་ལོ1995ལོ་ནས་བཟུང་བརྙན་འཕྲིན་ལས་རིགས་གཉེར་འགོ་ཚུགས་པ་དང་། ད་ལྟ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་སྲིད་དཔལ་འབྱོར་འཕྲིན་ལམ《དཔལ་འབྱོར་ཆ་འཕྲིན་མཉམ་བསྒྲགས》དང་།《དཔལ་འབྱོར་ཆུ་ཚོད་ཕྱེད་ཀ》《གོ་ལ་ཧྲིལ་པོའི་ནོར་སྲིད་དཔལ་འབྱོར་སྦྲེལ་མཐུད》སོགས་ལེ་ཚན་གྱི་མདོ་འཛིན་བྱེད་ཀྱིན་ཡོད།
སྤྱི་ལོ1976ལོར་སྐྱེས་ཤིང་། དཔལ་འབྱོར་རིག་པའི་འབུམ་རམས་པ་དང་། ནོར་དཔལ་མདོ་འཛིན་པ་གྲགས་ཅན། ནོར་དཔལ་དཔྱད་གཏམ་པ་བཅས་ཡིན།
ཁོ་མོ་ནི་པེ་ཅིང་བརྙན་འཕྲིན་ལས་ཁུངས་ཀྱི་གཞོན་ནུའི་འཕྲིན་ལམ《གཞོན་ནུའི་སྤྱི་ཕན》(སྔོན་མིང་ལ《གཞོན་ནུའི་སྤྱི་ཕན་བསམ》ཟེར)གྱི་ལེ་ཚན་བཟོ་མཁན་དང་མདོ་འཛིན་པ་རེད།
ཞའོ་ཆོན། ཕོ། སྤྱི་ལོ1959ལོར་སི་ཁྲོན་ཁྲེང་ཏུའུ་རུ་སྐྱེས་པ་དང་དེ་སྔ་ཧྲེན་ཀྲེན་གྱི《ཁྲོམ་གཞུང》དུས་དེབ་ཀྱི་པར་ལེན་གསར་འགོད་པའི་འགན་འཁུར་མྱོང་ཡོད། “ཀྲུང་གོའི་ག་ཤོས་ཀྱི་པར་ལེན་པ”ཞེས་བརྗོད་ཀྱིན་ཡོད། སྤྱི་ལོ1980ལོའི་དུས་དཀྱིལ་ནས“ང་ཚོའི་མི་རབས་འདི”པར་ལེན་བྱེད་འགོ་བརྩམས། སྤྱི་ལོ1991ལོར《ལྷ་ཡུལ་གྱི་བྱ》ཞེས་པའི་སན་མའོ་པར་ལེན་ཆེད་སྒྲིག་ཕྱོགས་བསྒྲིགས་དཔེ་སྐྲུན་བྱས། སྤྱི་ལོ1992ལོར་སུའེ་ཙེར་དུ་འགྲེམས་སྟོན་ཞིག་སྤེལ། སྤྱི་ལོ1993ལོར་ཧྥ་རན་སི་ནས་པར་ལེན་མཉམ་འབྲེལ་འགྲེམས་སྟོན་ལ་ཞུགས། སྤྱི་ལོ1997ལོར《ང་ཚོའི་མི་རབས་འདི》ཞེས་པ་པར་སྐྲུན་བྱས། སྤྱི་ལོ2000ལོར《ངའི་པར་མིག་འོག་གི་མཛེས་མ》ཞེས་པ་པར་དུ་བསྐྲུན།
ལི་ཀྲེན་ཧྲེང་། ཀྲུང་གོའི་པར་ལེན་མཁས་ཅན་གྱི་གསར་འགོད་པ། སྤྱི་ལོ1940ལོའི་ཟླ8པར་ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་དུ་སྐྱེས་པ་དང་ཕ་ཡུལ་ཧྲན་ཏུང་རུང་ཁྲེང་ཡིན། སྤྱི་ལོ1963ལོར་ཁྲང་ཁྲུན་གློག་བརྙན་སློབ་གླིང་གི་པར་ལེན་ཚན་ཁག་ནས་མཐར་ཕྱིན་པ་དང་། ཧེ་ལུང་ཅང་ཉིན་རེའི་ཚགས་པར་ཁང་དུ་གསར་འགོད་པ་ལོ་སྤྱི་ལོ20བྱས་པ་དང་། ཀྲུང་གོ་མི་དམངས་ཉེན་རྟོག་དཔོན་སློབ་ཆེན་གསར་འགྱུར་ཚན་ཁག་ཏུ་ལོ15སློབ་ཁྲིད་བྱས།
ཝང་ཝུན་ལན། སྐྱེས་པ། རྒྱ་རིགས། སྤྱི་ལོ1953ལོའི་ཟླ9པར་པེ་ཅིང་གྲོང་ཁྱེར་དུ་སྐྱེས། ཧོ་པེ་ཞིན་ལེ་ནས་ཡིན། སྤྱི་ལོ1968ལོའི་ཟླ12པར་ལས་ཀར་ཞུགས། སྤྱི་ལོ1976ལོའི་ཟླ9པར་ཏང་ནང་ཞུགས། མཐོ་རིམ་གསར་འགོད་པ་ཡིན། ད་ལྟ《ཀྲུང་གོའི་ཉིན་རེའི་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་རོགས་དང་ཀྲུང་གོའི་པར་ལེན་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་བཞིན་ཡོད། ཀྲུང་གོའི་ཉིན་རེའི་ཚགས་པར་པར་ལེན་པུའུ་ཡི་ཀྲུའུ་རེན་དང་། ཀྲུང་གོའི་པར་ལེན་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། པར་ལེན་མཁས་ཅན་ཝང་ཝུན་ལན་གྱིས་མི་རྣམས་ཀྱི་སེམས་ནང་ཁོང་གི《པེ་ཅིང་གི་བྲོ་བ》དང་།《གྲགས་ཅན་མི་སྣའི་མཐོང་ཐོས》 《སྐོར་སྐྱོད་ཀྱི་ལྕགས་རི་རིང་མོ》 《རྐང་འཁོར་གྱི་ཉིན་མོ》སོགས་ཀྱི་རྣམ་པ་རང་ཤུགས་སུ་འཆར་གྱི་ཡོད། དེ་དག་ནི་མི་དཀྱུས་མའི་འཚོ་བའི་སྐད་ཅིག་ཙམ་དང་རྒྱུན་དུ་མཐོང་བའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཡིན་མོད། འོན་ཀྱང་ཁོང་གི་པར་ལེན་ལ་ནང་དོན་སྙིང་ཟབ་མོ་ལྡན་ཡོད། ལོ་ངོ30ཡི་རིང་པར་ལེན་སྐབས་པར་རིས་ཤིག་གི་ཁྲོད་ནས་དུས་རབས་ཀྱིས་བསྐྱོད་མྱོང་བའི་རྗེས་ཤུལ་རྙེད་ཡོད། སྤྱི་ལོ2019ལོའི་ཟླ12པར་རྒྱལ་སྤྱིའི་གློག་བརྙན་སྒྱུ་རྩལ་མནའ་འབྲེལ་དང་། ཁོ་མེ་དབྱི་གྲོང་ཁྱེར་སྲིད་གཞུང་། ཏ་ཀའེར་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་ཧྥ་རན་སེའི་ཁོ་མེ་དབྱི་རུ་གཉེར་བའི“པར་ལེན་ལག་རྩལ་ཐོན་ནས་ལོ་ངོ180འཁོར་བར་དྲན་གསོ་ཞུ་བའི”བྱེད་སྒོའི་ནང་ཝང་ཝུན་ལན་པར་ལེན་ལག་རྩལ་ཐོན་ནས་ལོ་ངོ180ཡི་མི180ཡི་གྲས་སུ་བདམས་པ།
ཁྲེན་ལིང་ནི་ཨན་ཧུའེ་སུའུ་ཀྲོའུ་ནས་ཡིན་པ་དང་། སྔ་རྗེས་སུ་ཀྲེ་ཅང་སྨྱན་སྦྱོར་སློབ་གླིང་དང་། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་གསོ་སྦྱོང་ལྟེ་གནས་བཅས་སུ་སློབ་གཉེར་གནང་བ་དང་། སྤྱི་སྐད་ཀྱི་ཚད་རིམ་དང་པོ་དང་། སྤྱི་ཁྱབ་ཅུའུ་ཡི་འགན་འཁུར་བའི་ལས་གནས་ཐོབ་ཐང་། དངུལ་འཛིན་ལས་ཞུགས། གླེང་ཕྱོགས་དོ་དམ་སོགས་ཀྱི་འབྲེལ་ཡོད་ཐོབ་ཐང་ཡོད། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ནོར་སྲིད་དཔལ་འབྱོར་ལེ་ཚན་གྱི་མདོ་འཛིན་པའི་འགན་ཁུར་བ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཞིང་ལས་ལེ་ཚན་གྱི་གསར་འགོད་པ། BTVསྐུ་མགྲོན་བཅས་ཡིན། ཀྲུང་གོའི་དམངས་གཙོའི་རྒྱལ་འཛུགས་ལྷན་ཚོགས་ཀྱི་ཚོགས་མི་དང་། པེ་ཅིང་གྲོང་ཁྱེར་ཏང་ཨུའི་གཞོན་ནུའི་ལས་དོན་ཨུ་ལྷན་གྱི་ཨུ་ཡོན། ཏ་ཞིན་ལས་དོན་ཨུ་ཡོན་ལྷན་ཁང(དབྱི་ཀྲོང་དཔལ་འབྱོར་གསར་སྤེལ་ཁུལ)གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། པེ་ཅིང་ཏ་ཞིང་ཁུལ་གྱི་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཨན་ཧུའེ་ཞིང་ཆེན་གཞོན་ནུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཀྲུང་གོའི་འཕྲལ་སྡོམ་དོ་དམ་རིག་གཞུང་ལྷན་ཚོགས(ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་གཙོ་འགན་འཁུར་མཁན)གླེང་ཕྱོགས་ཆེད་ལས་ཨུ་ཡོན་བཅས་ཡིན།
ཁོང་གི་དངོས་མིང་ལ་ཁྲེན་ཅ་ཁྲོན་ཟེར། སྤྱི་ལོ1964ལོའི་ཟླ10པའི་ཚེས15ཉིན་སྐྱེས་ཤིང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་གཙོ་གཏོང་མཁན་ཡིན། ཁྲང་ཞའོ་ལ་མཐོ་རིམ་རྒན་པའི་རྒྱང་བསྒྲགས་མཛུབ་སྟོན་གྱི་གོ་མིང་ཡོད་པ་དང་། རྒྱལ་ཡོངས་རྒྱང་བསྒྲགས་དང་དཔྱད་རྩོམ་མདོ་འཛིན་གྱི་བྱ་དགའ་ཨང་དང་པོ་ཐེངས་གསུམ་ཐོབ་པ་དང་། བརྩམས་ཆོས་ཀྱི་དཔྱད་རྩོམ་ལ་ཆེད་ལས་སྨྲ་བའི་རྩོམ་ཡིག་ཕྱོགས་མང་པོར་བསྡུས་ཡོད། འགན་འཁུར་བའི་རྒྱང་བསྒྲགས་གཙོ་སྐྱོང་བྱས་པའི་བརྩམས་ཆོས་དང་ལྷག་པར་དུ་བརྙན་འཕྲིན་གྱི་ཆེད་དོན་དངོས་མཚོན་གློག་བརྙན་ཆེ་གྲས་ཀྱི་བྱ་དགའ་བཅུ་གྲངས་དཔེར་ན། སྤྱི་ལོ1996ལོའི་རྒྱལ་ཡོངས་བརྙན་འཕྲིན་གྱི“སྐར་འོད་བྱ་དགའ”ཞེས་པའི་ཆེད་དོན་བྱ་དགའ་ཨང་དང་པོ《ལིའུ་ལིང་ཐུང》ལ་ཐོབ་པ་དང་། སྤྱི་ལོ1997ལོའི་ཀྲུང་གོའི་བརྙན་འཕྲིན་བྱ་དགའ“སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རིགས”ཀྱི་ལེའུ་དང་པོའི་བརྙན་འཕྲིན་ཆེད་དོན《འཛམ་གླིང་གི་ཡང་རྩེ》 སོགས་ཡོད། སྤྱི་ལོ2004ལོ་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལེ་ཚན་བཞི་པ《ལུས་རྩལ་དྲ་ཐོག》གི་ལས་འགན་གཅིག་ལྕོགས་སུ་འཁུར། སྤྱི་ལོ2006ལོའི་ཟླ9པར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་ལྟེ་གནས་སུ་དངོས་སུ་ཞུགས་པ་དང་། སྔ་རྗེས་སུ《གནམ་འོག་གི་གསར་འགྱུར》དང《གསར་འགྱུར་སྐར་མ30》ཞེས་པའི་གཙོ་གཏོང་གི་འགན་ཁུར། དེའི་རིང་ཐད་གཏོང་དོན་རྐྱེན་ཆེ་གྲས་ཀྱིས་ལྟད་མོ་བར་བག་ཆགས་ཟབ་མོ་བཞག་ཡོད།
ཀྲང་ཐེང་ཡུའེ་ནི་སྤྱི་ལོ1975ལོའི་ཟླ11པའི་ཚེས8ཉིན་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་སྐྱེས་ཤིང་། ཀྲུང་གོའི་ནང་ཁུལ་ལེ་ཚན་གྱི་མདོ་འཛིན་པ་ཡིན། སྤྱི་ལོ1997ལོར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཚན་སློབ་པུའུ་ཡི《ཚན་རིག་དང་ཉེ་བར་བཅར་བ》ཞེས་པའི་ལེ་ཚན་གྱི་མདོ་འཛིན་པའི་འགན་བཞེས་པ་དང་། སྤྱི་ལོ2002ལོར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཚན་རྩལ་པུའུ་ཡི《སྤྱི་དམངས་དང་ཚན་རིག》ཞེས་པའི་ལེ་ཚན་ནང་མདོ་འཛིན་པའི་འགན་བཞེས། སྤྱི་ལོ2003ལོར་ཚན་རིག་འཚོལ་ཞིབ་ལེ་ཚན《གསང་བའི་འཚོལ་ཞིབ》ཞེས་པའི་མདོ་འཛིན་པའི་འགན་བཞེས། སྤྱི་ལོ2009ལོར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཚན་སློབ་འཕྲིན་ལམ་དུ་ཚན་རིག་ཁྱབ་གདལ་གྱི་ལེ་ཚན《ང་གསར་གཏོད་ལ་དགའ》ཞེས་པའི་མདོ་འཛིན་གནང་། སྤྱི་ལོ2014ལོར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་བཏོན་པའི་སྲོལ་རྒྱུན་རིག་གནས་རིགས་ཀྱི་ལེ་ཚན་ཆ་ཚང་ཞིག་ལ་མདོ་འཛིན་གནང་། སྤྱི་ལོ2015ལོར་སྐབས་གཉིས་པའི《ཀྲུང་གོའི་གཏམ་དཔེའི་ཚོགས་ཆེན》བཅས་ལ་མདོ་འཛིན་གནང་།
ཁོང་ནི་སྤྱི་ལོ1982ལོའི་ཟླ7པའི་ཚེས7ཉིན། ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་སྐྱེས་ཤིང་། ཀྲུང་གོའི་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པ་ཡིན། སྤྱི་ལོ2004ལོར་ཀྲུང་དབྱང་གི་ལེ་ཚན་གསུམ་པའི《མདོ་འཛིན་པར་འགྲན་སློང་བ》ནང་ཞུགས་ནས་ལོ་འཁོར་གྱི་སྤྱིའི་ཨང་དང་པོ་བླངས་པ་དང་། སྤྱི་ལོ2006ལོར་ཞང་ཀང་ཧྥུང་ཧོང་བརྙན་འཕྲིན་ལས་ཁུངས་ལ་དངོས་སུ་མིང་རྟགས་བཀོད། སྤྱི་ལོ2011ལོར་ཝེ་ཁྲེ་ལིན་ཅ་ཡིས་ཧྥང་ཧོང་སྲུང་སྐར་བརྙན་འཕྲིན་ལེ་ཚན་གྱི་ལེ་ཚན་གྱི་མདོ་འཛིན་པའི་འགན་འཁུར་བ་དང་འབྲེལ་ལེ་ཚན་དེར་བརྟེན་ནས་སྤྱི་ལོ2011ལོའི་ཀྲུང་གོའི་བརྙན་འཕྲིན་མིང་ཐོའི་ནང་གི་མདོ་འཛིན་པ་ཡག་ཤོས་ཀྱི་མཚན་སྙན་ཐོབ་པ་རེད།
སྤྱི་ལོ1978ལོའི་ཟླ9པའི་ཚེས25ཉིན་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་དུ་སྐྱེས། ཀྲུང་གོའི་བརྙན་འཕྲིན་ལེ་ཚན་གྱི་བུད་མེད་མདོ་འཛིན་པ་ཡིན་ཞིང་། ཧྭ་ཀྲུང་དགེ་འོས་སློབ་ཆེན་རྒྱ་ཡིག་ཚན་ཁག་ནས་སློབ་མཐར་ཕྱིན། སྤྱི་ལོ2004ལོའི་ལོ་མཇུག་ཏུ། ཧྲེན་ཞིན་ནི་ཁྲེན་ཞའོ་ནན་གྱི་རྗེས་ཀྱི་ཧྥེང་ཧོང་བརྙན་འཕྲིན་ཁང་གི་མདོ་འཛིན་པ་གཉིས་པར་གྱུར། ཁོང་གིས་ཧྥེང་ཧོང་བརྙན་འཕྲིན་རྒྱ་ཡིག་ལས་ཁུངས་སུ་ལེ་ཚན་གཉིས་ཀྱི་མདོ་འཛིན་གནང་བ་དང་། གཅིག་ནི་ཝེ་ཁྲེ་ལིན་ཅ་དང་མཉམ་དུ《རོལ་རྩེད་ཀྱི་རླུང་འཚུབ་ཆེན་པོ》ལ་མདོ་འཛིན་བྱེད་པ་དང་། གཞན་ཞིག་ནི་ཟས་མཆོག་ལེ་ཚན《མཛེས་མའི་སྒེར་གྱི་སྔོ་ཚལ》ཞེས་པ་དེ་རེད།
མོ་ནི་སྤྱི་ལོ1983ལོའི་ཟླ5པའི་ཚེས2ཉིན་ལེའོ་ཉིང་ཏ་ལེན་དུ་སྐྱེས་ཤིང་། ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་གྱི་རྒྱང་བསྒྲགས་ཚན་ཁག་ནས་སློབ་མཐར་ཕྱིན། མདོ་འཛིན་པ་དང་། འཁྲབ་སྟོན་པ། དེ་སྔའི་པེ་ཅིང་བརྙན་འཕྲིན་ལས་ཁུངས་ཀྱི་མདོ་འཛིན་པ། པེ་ཅིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། པེ་ཅིང་ནའེ་ཧྥེ་ཚན་རྩལ་ཚད་ཡོད་ཀུང་སིའི་སྲོལ་གཏོད་པ་དངCEOབཅས་ཀྱི་འགན་བཞེས་ཡོད།
མོ་ནི་སྤྱི་ལོ1972ལོའི་ཟླ11པའི་ཚེས30ཉིན་ཀྲེ་ཅང་ཞིང་ཆེན་ཧྲའོ་ཞིང་གྲོང་ཁྱེར་དུ་སྐྱེས་ཤིང་། ཧྥུའུ་ཏན་སློབ་ཆེན་ནས་སློབ་མཐར་ཕྱིན། ཀྲུང་གོའི་ནང་ཁུལ་ལེ་ཚན་གྱི་མདོ་འཛིན་པ་དང་། གསར་འགྱུར་རྒྱང་བསྒྲགས་པ། གསར་འགོད་པ་བཅས་ཡིན།
ཁོང་ནི་སྤྱི་ལོ1967ལོར་ཐའེ་ཝན་ཞིང་ཆེན་ཀའོ་ཞུང་གྲོང་ཁྱེར་དུ་སྐྱེས་པ་དང་ཕ་ཡུལ་ཨན་ཧུའེ་ཐུང་ཁྲེང་ནས་ཡིན། དེ་སྔ་ལོ5བསྟུད་མར“ཐའེ་ཝན་དུ་དགའ་བསུ་ཆེ་ཤོས་ཐོབ་པའི་གཙོ་གཏོང་ཆེ་གྲས་བཅུ”ཡི་གྲས་སུ་གྱུར། དར་སྲོལ་དུས་དེབ《COSMOPOLITAN》ཀྱི་བུད་མེད་ཀློག་པ་པོས་དེ“ཐའེ་ཝན་ཡོངས་ཀྱི་ཆེས་ཡིད་དབང་འཕྲོག་པའི་སྐྱེས་པའི་གཙོ་གཏོང་བྱེད་མཁན”དུ་བདམས་པ་རེད། སྤྱི་ལོ2001ལོར་ཧྥུང་ཧོང་བརྙན་འཕྲིན་ཁང་དུ་བསྐྱོད་དེ་ཁོང་གིས་ངོགས་གཉིས་དང་ས་ཁུལ་གསུམ་གྱི་གསར་འགྱུར་སྐབས་དོན་ལེ་ཚན་མདོ་འཛིན་བྱས་ནས་འཛམ་གླིང་ཡོངས་ཀྱི་ཀྲུང་གོ་བའི་བར་ཐག་ཉེ་རུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། དེ་སྔ་མི་སྒེར་ནས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་མན་ཏེ་ལ་ཆེད་དོན་བཅར་འདྲི་ཞུས་པ་རེད།
ཁོང་ནི་ཧྲན་ཏུང་ཀྲང་ཆིའུ་ནས་ཡིན་པ་དང་། སྤྱི་ལོ1967ལོའི་ཟླ8པའི་ཚེས21ཉིན་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་སྐྱེས། ད་ལྟ་ཀྲུང་གོའི་ནང་ཁུལ་གྱི་མདོ་འཛིན་པའི་ལས་གནས་གཉེར་གྱིན་ཡོད།
མོ་ནི་སྤྱི་ལོ1973ལོའི་ཟླ11པའི་ཚེས17ཉིན་ཧྲང་ཧའེ་གྲོང་ཁྱེར་དུ་སྐྱེས། ཧྲང་ཧའེ་ཟློས་གར་སློབ་གླིང་གི་སྤྱི་ལོ1999ལོའི་དངོས་གཞིའི་ཚན་ཁག་འཛིན་གྲྭ་དང་ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་སྤྱི་ལོ2002ལོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་སློབ་མཐར་ཕྱིན། ཧྲང་ཧའེ་ཟློས་གར་སློབ་གླིངMFAསྒྱུ་རྩལ་རབ་འབྱམས་པའི་བསླབ་གནས་ཐོབ་པ་དང་ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ། ཀྲུང་གོའི་ནང་ལོགས་ཀྱི་ལེ་ཚན་མདོ་འཛིན་པ་དང་གློག་བརྙན་བཟོ་མཁན་བཅས་ཡིན།
ཁོང་ནི་སྤྱི་ལོ1963ལོའི་ཟླ7པའི་ཚེས27ཉིན་ཧྲང་ཧའེ་རུ་སྐྱེས། ཧྲང་ཧའེ་ཝུན་ཀོང་གསར་འགྱུར་སྨྱན་སྦྱོར་ཚོགས་པའི་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པ་དང་། ཐུང་ཅི་སློབ་ཆེན་གྱི་གདན་ཞུས་དགེ་རྒན་ཆེན་མོ་ཡིན།
ཁོང་ནི་ཧེ་ལུང་ཅང་ནས་ཡིན་པ་དང་། དེ་སྔ་ཧྭ་པེ་གློག་ཤུགས་སློབ་ཆེན་གྱི་འཕྲུལ་ཆས་ཚན་ཁག་དང་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་བརྙན་འཕྲིན་ཚན་ཁག་ཏུ་སློབ་གཉེར་གནང་བ་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ནོར་སྲིད་དཔལ་འབྱོར་འཕྲིན་ལམ《དཔལ་འབྱོར་དང་བཅའ་ཁྲིམས》དང་།《ཚོང་དོན་བརྙན་འཕྲིན》《ཚོང་དོན་དུས་ཚོད》《CCTVབརྙན་འཕྲིན་འགྲན་བསྡུར་ཆེ་མོ》《ཀྲུང་ཧྭ་ཡི་བརྩེ་བ》བཅས་ཀྱི་ལེ་ཚན་མདོ་འཛིན་པའི་འགན་ཁུར་ཡོད།
མོ་ནི་སྤྱི་ལོ1978ལོའི་ཟླ2པའི་ཚེས13ཉིན་ཧྲང་ཧའེ་རུ་སྐྱེས། པེ་ཅིན་བརྙན་འཕྲིན་ལས་ཁུངས་ཀྱི་མདོ་འཛིན་པ་དང་། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཡིན། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་རྒྱང་བསྒྲགས་ཚན་ཁག་ནས་མཐར་ཕྱིན།
མདོ་འཛིན་པ། བརྡ་འགྲེལ 38 ཡོད། |