ཡོངས་འཛིན་རིག་མཛོད། >མི་སྣ། >སྒྱུ་རྩལ་མི་སྣ། >གཞན་དག

རིག་འཛིན་སྒྲོལ་མ།

རིག་འཛིན་སྒྲོལ་མ་ནི་དཔའ་རིས་བལ་བཟའ་ནས་སྐྱེས་པའི་བོད་ཀྱི་ན་གཞོན་གཞས་མ་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

རྡོ་བ་ཚེ་སྐྱིད།

རྡོ་བ་ཚེ་སྐྱིད་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སྐྱེས་བའི་བོད་ཀྱི་གཞས་མ་ཞིག་ཡིན།

རིགས་དབྱེ།  

ཀུན་དགའ།

ཀུན་དགའ་ཕུན་ཚོགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ནས་སྐྱེས་པའི་བོད་ཀྱི་ན་གཞོན་གཞས་པ་ཞིག་ཡིན།

རིགས་དབྱེ།  

ཀུན་དགའ་ཚེ་བརྟན།

ཀུན་དགའ་ཚེ་བརྟན་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་སྐྱེས་པའི་བོད་ཀྱི་སྙན་གྲགས་ཅན་གྱི་གཞས་གདངས་དང་གཞས་ཚིག་རྩོམ་པ་པོ་ཡིན།

རིགས་དབྱེ།  

དཔལ་མགོན།

དཔལ་མགོན་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནས་སྐྱེས་པའི་བོད་ཀྱི་སྒྲ་སྙན་རྡུང་ལེན་གྱི་སྲོལ་འབྱེད་མཁན་ནམ་སྒྲ་སྙན་རྡུང་ལེན་མཁན་པོ་ཡིན།

རིགས་དབྱེ།  

བསོད་ནམས་དབང་མོ།

བསོད་ནམས་དབང་མོ་ནི་བོད་ལྗོངས་ནག་ཆུ་རྫོང་ནས་སྐྱེས་པའི་བོད་ཀྱི་ན་གཞོན་གཞས་མ་ཞིག་ཡིན།

རིགས་དབྱེ།  

འཇམ་དབྱངས་སྒྲོལ་མ།

འཇམ་དབྱངས་སྒྲོལ་མ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ནས་སྐྱེས་པའི་བོད་ཀྱི་ན་གཞོན་གཞས་མ་ཞིག་ཡིན།

རིགས་དབྱེ།  

དབྱངས་ཅན་ལྷ་མཛེས།

དབྱངས་ཅན་ལྷ་མཛེས་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་གྲོང་བརྡལ་དུ་སྐྱེས་པའི་བོད་ཀྱི་ན་གཞོན་གཞས་མ་ཞིག་ཡིན།

རིགས་དབྱེ།  

འཕྱོངས་ཞོལ་སྒྲོལ་མ།

འཕྱོངས་ཞོལ་སྒྲོལ་མ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས་སྐྱེས་པའི་བོད་ཀྱི་ན་གཞོན་གཞས་མ་ཞིག་ཡིན།

རིགས་དབྱེ།  

དབང་མོ

དབང་མོ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ནས་སྐྱེས་པའི་བོད་ཀྱི་ན་གཞོན་གཞས་མ་ཞིག་ཡིན།

རིགས་དབྱེ།  

དཔལ་ལྡན།

དཔལ་ལྡན་ཤེས་རབ་ནི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་ནས་སྐྱེས་པའི་བོད་ཀྱི་ཟློས་གར་འཁྲབ་སྟོན་པ་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

སྤེན་རྡོར།

སྤེན་རྡོར་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ནས་སྐྱེས་པའི་བོད་ཀྱི་ཟློས་གར་གྱི་གདངས་རྩོམ་པ་པོ་ཞིག་ཡིན།

རིགས་དབྱེ།  

བདུད་བྷེ།

བདུད་བྷེ(གངས་ལྗོངས་ཁུ་བྱུག་སྔོན་མོ)ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་སྐྱེས་པའི་བོད་ཀྱི་རྡུང་ལེན་པ་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

པཱ་ཧུ།

པཱ་ཧུ་ནི་པཱ་ལུའོ་ཁུ་དུས་རབས་ཀྱི་འཇར་མན་གྱི་མིང་དུ་གྲགས་པའི་དབྱངས་རྩོམ་མཁན་དང་རླུང་སྦུད་ལྕགས་གླིང་རོལ་ཆེན། ཨོག་ལེན་ཆུང་བ། སྦྲེང་ཆེན་དཀྲོལ་མཁན་བཅས་ཡིན། ཀུན་གྱིས་ཁོང་ཉིད་རོལ་མོ་ལོ་རྒྱུས་སྟེང་གི་དབྱངས་རྩོམ་མཁན་གཙོ་བོ་ཞིག་ཏུ་ཁས་ལེན་ལ། ནུབ་ཕྱོགས་ཉེ་རབས་རོལ་མོའི་ཡབ་ཆེན་ཞེས་པའི་མཚན་སྙན་གསོལ་ཡོད།

རིགས་དབྱེ།  

ཏེང་ལི་ཅུན།

དུས་རབས20པའི་སྐད་གྲགས་རབ་ཏུ་འབར་བའི་རྒྱ་སྐད་དང་ལྗར་མན་སྐད་ཀྱི་གླུ་མ་ཡིན་པ་དང་། སྤྱི་ལོ1963ལོར་ཏེང་ལི་ཅུན་ཧོང་མེ་གདངས་དབྱངས་ཞེས་པའི་གླུ་ལེན་འགྲན་བསྡུར་ལ་ཞུགས་ནས་བྱ་དགའ་ཐོབ།

རིགས་དབྱེ།  

ཝང་ལུའོ་པིན།

ཀྲུང་གོའི་མི་རིགས་རོལ་མོ་མཁས་པ་ཡིན། པེ་ཅིན་གྱི་མི་ཡིན། ཁོང་གིས་གྲངས་ཉུང་མི་རིགས་ཀྱི་རོལ་མོ་སྔོག་འདོན་བྱས་པ་དང་། ནུབ་བྱང་དང་ནང་སའི་རོལ་མོ་སྤེལ་རེས་བྱེད་པའི་ཐད་དུ་ལས་ཀ་མང་པོ་བྱས་ཡོད་པ་རེད།

རིགས་དབྱེ།  

ལི་ཧྲོང་ཅང་།

ལི་ཧྲོང་ཅང་ནི་ཀྲུང་གོའི་སྐྱེས་པའི་གདངས་མཐོ་གླུ་བ་གྲགས་ཅན་དང་མགྲིན་དབྱངས་སློབ་གསོ་བ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་བཅས་ཡིན། སྤྱི་ལོ2009ལོར་ཁོང་ལ་མི་དམངས་ཆེས་དགའ་བའི་སྒྱུ་རྩལ་པ་ཞེས་པའི་མཚན་སྙན་ཐོབ།

རིགས་དབྱེ།  

ཧུ་ལུས་ཐིང་།

ཧུ་ལུས་ཐིང་ནི་ཀྲུང་གོའི་མིང་དུ་གྲགས་པའི་རོལ་མོ་བ་དང་སློབ་གསོ་བ་ཞིག་ཡིན། སྔ་གཞུག་ཏུ་ཝུའུ་ཁྲང་སྒྱུ་རྩལ་ཆེད་སྦྱོང་སློབ་གྲྭའི་དགེ་རྒན་དང་གྲགས་ཅན་གློག་བརྙན་ཀུང་སིའི་རོལ་མོ་ཁའོ་ཡི་ཁའོ་ཀྲང་། ཧྲའན་ཀན་ཉིང་ཧྲུའེ་འཕར་མཉམ་སྲུང་དམག་ཆབ་སྲིད་པུའུ་དྲིལ་སྒྲོག་རུ་ཁག་གི་རོལ་མོ་དགེ་རྒན། ཡན་ཨན་ཀྲུང་དབྱང་འབུད་དཀྲོལ་རོལ་མོ་ཚོགས་པའི་ཚོགས་གཙོ། ཧྭ་པེ་རིག་རྩལ་ཚོགས་པའི་ཚོགས་གཙོ་བཅས་ཀྱི་འགན་བཞེས་མྱོང་། ཁོང་གིས་འཇར་འགོག་དམག་འཁྲུག་གི་སྐབས་སུ《འཇབ་རྒོལ་རུ་ཁག་གི་གླུ་དབྱངས》དང《དྲག་པའི་འོས་ལངས་ཀྱི་གླུ་དབྱངས》སོགས་གསར་བརྗེའི་གླུ་དབྱངས་མང་པོ་བརྩམས།

རིགས་དབྱེ།  

ཧྭ་ཡན་ཅུན།

ཧྭ་ཡན་ཅུན་ནི་ཀྲུང་གོའི་དམངས་ཁྲོད་ཀྱི་རོལ་མོ་བ་ཞིག་ཡིན། མིང་གཞན་ལ་ལོང་བ་ཨ་པིང་ཡང་ཟེར། ཏའོ་ཅའོ་ཆོས་ཀྱི་རབ་བྱུང་བ་ཞིག་ཡིན། མིག་ནད་བྱུང་ནས་ལོང་བར་གྱུར། དམངས་ཁྲོད་ཀྱི་དབྱངས་རྟ་མང་པོ་བསྡུ་ལེན་བྱས་ནས་དམངས་ཁྲོད་རོལ་མོ270ལྷག་གསར་རྩོམ་བྱས།

རིགས་དབྱེ།  

ཕུའུ་ལེ་སི་ལི།

ཕུའུ་ལེ་སི་ལི་ནི་ཨ་རིའིRockགླུ་བ་ཞིག་ཡིན་ལ། ཁོང་གི་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་ཡོད། མིང་གཞན་ལ་བྱི་ལའི་རྒྱལ་པོ་ཟེར།

རིགས་དབྱེ།  

ལུས་ཏུ།

ལུས་ཏུ་ནི་ཧྥ་རན་སེའི་འབག་བཟོ་མཁས་པ་ཞིག་ཡིན། འབག་བཟོའི་ཁྱབ་ཁོངས་སུ་གནའ་སྲོལ་རིང་ལུགས་གསར་མ་ནས་འཆར་ཡན་རིང་ལུགས་ལ་བར་བརྒལ་བྱེད་མཁན་གྱི་མཚོན་བྱེད་མི་སྣ་ཡིན།

རིགས་དབྱེ།  

ཧེང་ལི་མོ་ཨེར།

ཧེང་ལི་མོ་ཨེར་ནི་དབྱིན་ཇིའི་དེང་རབས་ཀྱི་འདྲ་འབག་མཁས་པ་ཞིག་ཡིན། དེང་རབས་ཀྱི་འདྲ་འབག་མཁས་པའི་ཁྲོད་ཁོང་གི་མཚན་སྙན་ལས་བརྒལ་ཐུབ་པ་ད་དུང་མེད། རྒྱུ་རྐྱེན་ནི་ཁོང་གིས་འདྲ་འབག་ནི་སྲོལ་རྒྱུན་གྱི་འདྲ་འབག་ལྟར་ལྷའམ་སྐྱེས་བུ་དམ་པ་སོགས་ཀྱི་འདྲ་འབག་མིན་པར་དུས་རབས་ཀྱི་འགྲོས་དང་མཐུན་པར་ཡོད།

རིགས་དབྱེ།  

ཧའེ་ཏུན།

ཧའེ་ཏུན་ནི་ཝེ་ཡེ་ནཱ་གནའ་སྲོལ་རོལ་མོའི་རྨང་འདིང་མཁན་ཡིན་ལ། འཛམ་གླིང་རོལ་མོའི་ལོ་རྒྱུས་སྟེང་གི་རོལ་དབྱངས་རྩོམ་མཁན་ཏེ་འཛམ་གླིང་ལ་བག་ཆགས་ཟབ་མོ་བཞག་ཡོད། གསར་གཏོད་ཀྱི་བསམ་བློ་ཆེར་ལྡན་པ་ཞིག་ཀྱང་ཡིན།

རིགས་དབྱེ།  

མེ་ལན་ཧྥང་།

ཁོང་ནི་ཀྲུང་གོའི་ཅིང་ཅུའུ་ཟློས་གར་འཁྲབ་སྟོན་སྒྱུ་རྩལ་མཁན་པོ་དང་། ཅིང་ཅུའུ་བུད་མེད་འཁྲབ་མཁན་མཁས་པ་རྣམ་བཞིའི་གྲས་ཡིན། ཁོང་གིས་མེ་ལུགས་སྒྱུ་རྩལ་གྱི་གསར་བཏོད་པ་ཡིན།

རིགས་དབྱེ།  

ཝང་ཁུན།

ཝང་ཁུན་ནི་ཧུ་པེ་ཐང་ཞན་གི་མི་ཡིན། ཀྲུང་གོའི་གླུ་དབྱངས་ཟློས་གར་གྱི་འཁྲབ་སྟོན་པ་ཡིན། སྤྱི་ལོ1982ལོར་ཤར་ཕྱོགས་གླུ་གར་ཚོགས་པའི་སྒྱུ་རྩལ་ཚན་ཁག་གི་ཀྲུའུ་རིན་དང་ཤར་ཕྱོགས་གླུ་གར་ཚོགས་པའི་འགོ་གཙོ་བཞེས།

རིགས་དབྱེ།  

མེ་ཉིའུ་ཡིན།

མེ་ཉིའུ་ཡིན་ནི་ཨ་རིའི་ཨོག་ལེན་ཆུང་བ་དཀྲོལ་མཁན་ཡིན། ཡིའུ་ཐའེ་མི་རིགས་ཡིན། ལོ་བདུན་གྱི་སྟེང་ཁོང་གི་དགེ་རྒན་ཕཱ་ཞིན་ཀུས་བཀོད་འདོམས་བྱས་པའི་ཅིའུ་ཅིན་ཧྲན་ལཱ་ལའོ་མཉམ་དཀྲོལ་རོལ་མོ་ཚོགས་པས་རམ་འདེགས་འོག་ཏུ《སི་ཕེན་མཉམ་དཀྲོལ་དབྱངས》དཀྲོལ་ནས་འཁྲབ་སྟོན་བྱས་ཏེ་བྱིས་པ་རིག་མཆོག་གི་མཚན་སྙན་ཐོབ།

རིགས་དབྱེ།  

ཕཱ་ཝ་རོ་ཏི།

ཕཱ་ཝ་རོ་ཏི་ནི་དབྱི་ཐ་ལིའི་མའོ་ཏུ་ནཱའི་ས་ཆར་སྐྱེས། འཛམ་གླིང་གི་སྐད་གྲགས་ཅན་གྱི་སྐྱེས་པའི་མཐོ་གདངས་ཀྱི་གླུ་ལེན་མཁན་ཡིན། ཁོ་རང་སྔོན་མར་སློབ་ཆུང་ཞིག་གི་དགེ་རྒན་ཡིན། དེའི་རྗེས་གླུ་དབྱངས་ཀྱི་འགྲན་ཚོགས་ཤིག་ལ་ཞུགས་རྗེས་དངོས་སུ་གླུ་ལེན་འགོ་བརྩམས།

རིགས་དབྱེ།  

ཏི་སི་ནའེ།

ཧྭ་ཐུ•ཏི་ཧྲི་ཉི་ནི་ཨ་རིའི་འགུལ་རིས་སྒྱུ་རྩལ་མཁན་པོ་དང་གློག་བརྙན་འཁྲབ་ཁྲིད་པ། ཁེ་ལས་པ། སྒྲིག་བཟོ་བ། འཁྲབ་གཞུང་རྩོམ་མཁན། སྐད་སྦྱོར་བ། ཁཱ་ཐུང་རི་མོའི་ཇུས་འགོད་མཁན། སྙན་གྲགས་གླིང་ལ་ཁྱབ་པའི་ཏི་ཧྲི་ཉི་ཀུང་སིའི་འཛུགས་མཁན་བཅས་ཡིན། ཁོང་ལ་ཨོ་སི་ཁཱའི་གསེར་གྱི་རྟགས་མ56དང་ཨའེ་མེ་རྟགས་མ་7ཐོབ་མྱོང་ལ། འཛམ་གླིང་སྟེང་ཨོ་སི་ཁཱའི་གསེར་གྱི་རྟགས་མ་ཆེས་མང་བོ་ཐོབ་མཁན་དེ་ཡིན།

རིགས་དབྱེ།  

ཉིའེ་ཨེར།

ཀྲུང་གོ་རོལ་དབྱངས་མཁས་ཅན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་ལ་གཏན་འཁེལ་བྱས་པའི《དཔའ་བོའི་དམག་གི་དམག་སྦྲེང་རོལ་དབྱངས》བརྩམས། ཉིའེ་ཨེར་གྱི་བརྩམས་ཆོས་ལ་མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་སྙིང་སྟོབས་གསལ་པོ་ལྡན་ཡོད་དང་། ཀྲུང་གོའི་མིང་དོན་མཚུངས་པའི་གསར་བརྗེའི་རོལ་མོ་གདོང་མཆོང་བ་ཡིན།

རིགས་དབྱེ།  

སྨན་བླ་སྐྱབས།

སྨན་བླ་སྐྱབས། 1963ལོར་མཚོ་སྔོན་མང་རྫོང་ནས་སྐྱེས་ཤིང་། སྨྱུག་མིང་ལ་གངས་བུ་དགའ་སྐྱེད་དམ་འབར་རྡེའུ་ཟེར། བོད་ཁུལ་དུ་མིང་དུ་གྲགས་པའི་སྒྱུ་རྩལ་པ་ཞིག་ཡིན་ཞིང་། རྩོམ་རིག་གསར་རྩོམ་དང་གར་སྟེགས་འཁྲབ་སྟོན། གླུ་ཚིག་གསར་རྩོམ། བརྙན་རིས་འཁྲབ་སྟོན་དང་སྐད་སྒྱུར་བཅས་ཀྱི་ཐད་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད།

རིགས་དབྱེ།