བདུད་བྷེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བདུད་བྷེ།
བདུད་བྷེ(གངས་ལྗོངས་ཁུ་བྱུག་སྔོན་མོ)ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་སྐྱེས་པའི་བོད་ཀྱི་རྡུང་ལེན་པ་གྲགས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德白
སྐྱེས་ལོ།
སྤྱི་ལོ1968ལོ།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
བོད་རིགས།
སྐྱེས་ཡུལ།
ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་།
ལས་རིགས།
གཞས་པ།
འཐུས་ཚབ་བརྩམས་ཆོས།
《སྤང་རྒྱན་མེ་ཏོག》《རྒྱང་རིང་གི་གྲོགས་པོ》《རི་དྭགས་སྐྱོ་གླུ》
1 ངོ་སྤྲོད།

བདུད་བྷེ(གངས་ལྗོངས་ཁུ་བྱུག་སྔོན་མོ)ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་སྐྱེས་ཤིང་། བོད་ཁམས་ལ་གྲགས་པའི་སྒྲ་སྙན་རྡུང་ལེན་པ་ཞིག་ཡིན།  ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་ནས་སློབ་མཐར་ཕྱིན། སྤྱི་ལོ1986ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གླུ་གར་ཚོགས་པར་ཞུགས།  གཞན་འབྲོག་ཁུལ་དུ་ཁོ་ལ་འགྱུར་རྡོ་གསོན་པོ་ཞེས་མཚན་སྙན་གནང་ཡོད། དེ་མིན་གངས་ལྗོངས་ཁུ་བྱུག་སྔོན་མོ་ཞེས་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1987ལོར། ཀན་སུའུ་མི་དམངས་རླུང་འཕྲིན་བརྙན་འཕྲིན་ཁང་གིས་བསྡུས་པའི་དམངས་གཞས་འགྲན་སྡུར་སྟེང་ཞུགས།

སྤྱི་ལོ1988ལོར། ཀན་ལྷོ་ཁུལ་གྱིས་བསྡུས་པའི་གླུ་ལེན་འགྲན་ཚོགས་སྟེང་ཞུགས།

བྱ་བའི་གྲུབ་འབྲས།

སྤྱི་ལོ1987ལོར། ཀན་སུའུ་མི་དམངས་རླུང་འཕྲིན་བརྙན་འཕྲིན་ཁང་གིས་བསྡུས་པའི་དམངས་གཞས་འགྲན་བསྡུར་སྟེང་དུ་དངུལ་གྱི་བྱ་དགའ་ཐོབ།

སྤྱི་ལོ1988ལོར། ཀན་ལྷོ་ཁུལ་གྱིས་བསྡུས་པའི་གླུ་ལེན་འགྲན་ཚོགས་སྟེང་ཨང་གཉིས་པ་བླངས།

3 བརྩམས་ཆོས།
3_1 སྒྲ་ཐག་ཆེད་སྒྲིག

《ངེས་དོན་ཆོས་ཀྱི་དབྱངས་སྙན》《གངས་ཕྲུག་གི་གཡུ་ལོ》《གངས་རིའི་བརྩེ་བ》《སེམས་སྒྲ》《བྱེའུ་ཅོ་ཀ》《སྤང་རྒྱན་མེ་ཏོག》《ཚེ་རིང་མཚོ་མོ》

3_2 རྐྱང་གཞས།

《རི་དྭགས་སྐྱོ་གླུ》《རྒྱང་རིང་གི་གྲོགས་པོ།》


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-02

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།