ཁོང་ནི་སྤྱི་ལོ1941ལོར་ལྷ་སའི་སྐུ་དྲག་གི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཆུང་ངུའི་དུས་སུ་རྒྱ་གར་དུ་ཕྱིན་ནས་དབྱིན་ཇིའི་ཡི་གེ་སྦྱངས། སྤྱི་ལོ1979ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས། ཁོང་ནི་བོད་ཀྱི་རིག་གཞུང་མཁས་པ་དང་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་ཞིག་ཡིན། ཁོང་སྤྱི་ལོ2013ལོའི་ཟླ11པའི་ཚེས28ཉིན་གྲོང་ཁྱེར་ལྷ་ས་རུ་སྐུ་གཤེགས། རྒྱ་ཡིག་གི་མིང་། 朗顿•班觉 འཁྲུངས་འདས་ལོ་ཚིགས། སྤྱི་ལོ1941-སྤྱི་ལོ2013ལོའི་ཟླ11པའི་ཚེས28ཉིན། རྒྱལ་ཁབ། ཀྲུང་གོ། མི་རིགས། བོད་རིགས།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཀྲུང་གོ་བོད་རིག་པ་ལྟེ་གནས་ཀྱི་ཁོངས་གཏོགས་བཀའ་བསྟན་དཔེ་སྡུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཞིང་ཆེན་བོད་ཡིག་སློབ་གྲྭའི་ཞའོ་ཀྲང་གཞོན་པ། སི་ཁྲོན་ཞིང་ཆེན་གྱི་མི་རིགས་ཞིབ་འཇུག་ཁང་གི་སུའོ་ཀྲང་། རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པ་དང་དགུ་པ་གཉིས་ཀྱི་འཐུས་མི་སོགས་ཀྱི་འགན་བཞེས་ཡོད། རྒྱ་ཡིག་གི་མིང་། 土登尼玛 འཁྲུངས་ལོ། སྤྱི་ལོ 1943 རྒྱལ་ཁབ། ཀྲུང་གོ མི་རིགས། བོད་རིགས། འཁྲུངས་ཡུལ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་ཉག་དར་མདོ་རྫོང་།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཁོང་ནི་མགོ་ལོག་དར་ལག་སྡེར་ནང་དགོན་དང་སྡེར་ནང་ས་བྲིས་བོད་ཀྱི་རིག་གནས་རྒྱུད་འཛིན་སློབ་གླིང་དུ་ཡིག་གཟུགས་དགེ་རྒན་དང་། ཞིང་ཆེན་རིམ་པའི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་སྟེ་སྡེར་ནང་ས་བྲིས་ཀྱི་རྒྱུན་འཛིན་པ་བཅས་ཡིན། རྒྱ་ཡིག་གི་མིང་། 阿昂尖措 སྐྱེས་ལོ། སྤྱི་ལོ 1969 རྒྱལ་ཁབ། ཀྲུང་གོ མི་རིགས། བོད་རིགས། སྐྱེས་ཡུལ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་། ལས་རིགས། གྲྭ་བ། ལས་ཐོབ། མགོ་ལོག་སྡེར་ནང་ས་བྲིས་རྒྱལ་ཁབ་རིམ་པའི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཁོང་ནི་སྤྱི་ལོ1937ལོའི་ཟླ2པར་བོད་ལྗོངས་ལྷ་སར་འཁྲུངས། སྤྱི་ལོ1958ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཐོན། དེ་སྔ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དབུ་འཛིན་དང་། སྤྱི་ཁྱབ་རྩོམ་སྒྲིག་པ། བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གི་དབུ་འཛིན། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
སྤྱི་ལོ1984ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་མཚོ་སྔོན་བརྙན་འཕྲིན་ཁང་གི་གདན་ཞུས་ལྟར། མཚོ་སྔོན་བརྙན་འཕྲིན་ཁང་བོད་སྐད་ཚན་ཁག་ཏུ་ཕེབས་ཏེ་གསར་འགྱུར་རྒྱང་སྒྲོག་པ་དང་མདོ་འཛིན་པའི་ལས་ཀ་གཉེར། རྒྱ་ཡིག་གི་མིང་། 玛久加 སྐྱེས་ལོ། སྤྱི་ལོ1962ལོ། རྒྱལ་ཁབ། ཀྲུང་གོ མི་རིགས། བོད་རིགས། སྐྱེས་ཡུལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་། ལས་རིགས། མདོ་འཛིན། ལས་ཐོབ།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
སྤྱི་ལོ2009ལོར་ཁམས་པའི་བརྙན་འཕྲིན་ཁང་དུ་རྒྱུགས་འཕྲོད་པ་དང་། མདོ་འཛིན་པ་དང་གསར་འགོད་པ་སོགས་ཀྱི་བྱ་བ་སྒྲུབ་མུས་སུ་ཡོད། རྒྱ་ཡིག་གི་མིང་། 启米翁姆 རྒྱལ་ཁབ། ཀྲུང་གོ མི་རིགས། བོད་རིགས། སྐྱེས་ཡུལ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་རྫོང་། ལས་རིགས། མདོ་འཛིན་དང་གསར་འགོད། བསླབ་གནས། ཤེས་རམས་པ། མཐར་ཕྱིན་སློབ་གྲྭ། དར་མདོ་མི་རིགས་དགེ་འོས་སློབ་གྲྭ། ངོ་སྤྲོད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་རྫོང་དུ་སྐྱེས། ཤེས་རམས་པའི་སློབ་རིམ་ཐོབ་ཡོད།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཨ་མདོ་བྱམས་པ་ནི་བོད་ཀྱི་སྲོལ་རྒྱུན་རི་མོ་བ་མཁས་ཆེན་ཞིག་ཡིན་ཞིང་། རྒན་བྱམས་པ་ལགས་ཀྱི་རི་མོ་ནི་པར་རྒྱབ་པ་དང་ཁྱད་པར་མེད་པ་བྲིས་པས་གང་སར་སྐད་གྲགས་ཁྱབ་ཡོད། བོད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཐིགས་དང་ཆ་ཚད་གཞིར་བཞག་སྟེ། རང་གིས་རི་མོའི་ཁྱད་ཆོས་དམིགས་གསལ་ཅན་ཞིག་གསར་སྤེལ་གནང་བར་བརྟེན་བོད་ཀྱི་རི་མོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་ཐེབས་ཡོད། ཁོང་ནི་དུས་རབས་གསར་རྙིང་གཉིས་ཀྱི་བྲིས་རྩལ་འཛོམས་པའི་རི་མོ་བ་གྲགས་ཅན་ཞིག་ཡིན།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
དཔལ་མགོན་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནས་སྐྱེས་པའི་བོད་ཀྱི་སྒྲ་སྙན་རྡུང་ལེན་གྱི་སྲོལ་འབྱེད་མཁན་ནམ་སྒྲ་སྙན་རྡུང་ལེན་མཁན་པོ་ཡིན། རྒྱ་ཡིག་གི་མིང་། 华尔贡 སྐྱེས་ལོ། སྤྱི་ལོ1948ལོ། རྒྱལ་ཁབ། ཀྲུང་གོ། མི་རིགས། བོད་རིགས། སྐྱེས་ཡུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་། ལས་རིགས། སྨན་པ། མཐར་ཕྱིན་སློབ་གྲྭ། ནུབ་བྱང་མི་རིགས་སློབ་གླིང་གི་སྨན་ལས་སྡེ་ཁག
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཁོང་ནི་ཀྲུང་གོའི་ཡིག་མཁན་འཐུས་ཚོགས་ཀྱི་ཚོགས་མི་དང་། བོད་ལུགས་གསོ་རིག་སློབ་ཆེན་གྱི་བོད་རིག་པའི་དགེ་རྒན་ཆེན་མོ་གཞོན་པ། སྐབས་དང་པོའི་བོད་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལྷན་རྒྱས་ཁང་གི་ཨུ་ཡོན། བོད་ལྗོངས་ཡིག་མཁན་འཐུས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་གཞོན་ནུ་ཡིག་མཁན་འཐུས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་འཁུར། སྐྱེས་ལོ། སྤྱི་ལོ1969ལོ། རྒྱལ་ཁབ། ཀྲུང་གོ མི་རིགས། བོད་རིགས།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཁོང་ནི་ཧྥུ་ཏན་སློབ་ཆེན་གསར་འགྱུར་སྡེ་ཁག་གསར་འགྱུར་ཆེད་ལས་སྦྱངས་ནས་མཐར་ཕྱིན། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཀྲུང་གོ་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་། རྒྱ་ཡིག་གི་མིང་། 丹增 སྐྱེས་ལོ། སྤྱི་ལོ1946ལོའི་ཟླ12པ། རྒྱལ་ཁབ། ཀྲུང་གོ མི་རིགས། བོད་རིགས། སྐྱེས་ཡུལ། བོད་རང་སྐྱོང་ལྗོངས་ནག་ཆུ་་ས་ཁུལ་འབྲི་རུ་རྫོང་།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཧྥུ་ལན་ཚི.ཁ་ཧྥི་ཁ་ནི(སྤྱི་ལོ1883-1924ལོ)ཅེ་ཁེའི་སྒྲུང་གཏམ་པ་མཁས་ཅན་དང་། དུས་རབས་ཉི་ཤུ་བའི་ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་མེས་པོ། མངོན་མཚོན་རིང་ལུགས་རྩོམ་རིག་གི་ཚབ་མཚོན་མི་སྣ་བཅས་ཡིན། རྒྱ་ཡིག་གི་མིང་། 弗兰兹•卡夫卡 ཕྱི་ཡིག་གི་མིང་། Franz Kafka འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1883-1924) རྒྱལ་ཁབ། ཨའོ་ཞུང་བཙན་རྒྱལ། མི་རིགས། ཡིའུ་ཐའེ་པ། ལས་རིགས། སྒྲུང་གཏམ་པ། འཐུས་ཚབ་བརྩམས་ཆོས། 《གཟུགས་འགྱུར་ཟིན་ཐོ》《འདྲི་གཅོད》《མཁར་རྫོང》 བྱས་རྗེས་གཙོ་བོ། དུས་རབས་ཉི་ཤུ་བའི་ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་མེས་པོ།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཞི་ཨའོ་ཏུའོ.ཏུ་ལའེ་སའེ་ནི་དུས་རབས་ཉི་ཤུ་པའི་ཨ་རིའི་ཁྱད་དུ་འཕགས་པའི་དངོས་ཡོད་རིང་ལུགས་ཀྱི་རྩོམ་པ་པོ་ཡིན། ཨ་རིའི་རྩོམ་རིག་སྒྱུ་རྩལ་ཚོགས་པའི་བྱ་དགའ་ཐོབ་མྱོང་། རྒྱ་ཡིག་གི་མིང་། 西奥多•德莱塞 ཕྱི་ཡིག་གི་མིང་། Theodore Dreiser འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1871.8.27-1945.12.28) རྒྱལ་ཁབ། ཨ་མེ་རི་ཁ། ལས་རིགས། སྒྲུང་གཏམ་པ། དད་མོས། གནམ་བདག་ཆོས་ལུགས། འཐུས་ཚབ་བརྩམས་ཆོས། 《བུ་མོ་ཀྲེན་ཉི》 《གཅུང་མོ་ཅཱ་ལི》 《དངུལ་རྩ་མཁས་ཅན》 《ཨ་རིའི་སྐྱོ་གར》 བྱས་རྗེས་གཙོ་བོ། ཨ་རིའི་རྩོམ་རིག་སྒྱུ་རྩལ་ཚོགས་པའི་བྱ་དགའ་ཐོབ།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཁྲོན་ཏོན་ཁང་ཁྲེང་ནི་ལྗར་པན་གྱི་དེང་རབས་སྒྲུང་གཏམ་མཁས་ཅན་ཞིག་ཡིན། སྐུ་ཚེ་གང་པོར་སྒྲུང་རིང་དང་། སྒྲུང་འབྲིང་། སྒྲུང་ཐུང་བསྡོམས100ལྷག་ཙམ་བརྩམས། ཁོང་གི་ཕུལ་དུ་བྱུང་བའི་བརྩམས་ཆོས《ཁ་བའི་རྒྱལ་ཁབ》《ཁྲུང་ཁྲུང་ཆིག་སྟོང》《གནའ་མཁར》སྤྱི་ལོ(1961-1962)སོགས་ཀྱིས་མྱོང་ཚོར་བརྗོད་འདས་དང་ཚད་མཐོའི་མཚོན་ཐབས་བརྒྱུད་ནས་ལྗར་པན་གྱི་མིའི་སེམས་ཁོང་གི་ཡང་སྙིང་དེ་ལེགས་པར་མཚོན་ལ། མིའི་རིགས་རིག་གནས་ཀྱི་བང་མཛོད་ཀྱང་ཕུན་སུམ་ཇེ་ཚོགས་སུ་བཏང་། རྩོམ་པ་པོ་ཞིག་གི་གནས་བབ་ནས་ལྗར་པན་ལ་འཛམ་གླིང་རང་བཞིན་གྱི་ཚད་མཐོའི་གདེང་འཇོག་ཀྱང་བསུས་ཡོད། སྤྱི་ལོ1968ལོར་ནོ་པེར་རྩོམ་རིག་བྱ་དགའ་བསྩལ། རྒྱ་ཡིག་གི་མིང་། 川端康成 ཕྱི་ཡིག་གི་མིང་།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཨོའུ་ནེ་སི་ཐུ•སྨི་ལུ་ཨེར•ཧའེ་མིང་ཝེ་ནི་ཨ་རིའི་རྩོམ་པ་པོ་དང་གསར་འགོད་པ་ཞིག་ཡིན་ལ། ནུབ་ཕྱོགས་ཀྱི་དཔྱད་གཏམ་པས་འཁྲུག་ཆེན་གཉིས་ཀྱི་ནང་འཛམ་གླིང་ཐོག་སྐད་གྲགས་ཆེ་ཤོས་ཀྱི་རྩོམ་པ་པོ་རུ་འབོད་ཅིང་། ཁོང་གི་བརྩམས་ཆོས་སྐད་གྲགས་ཆེ་བ་མ་ཟད། ཚེ་གང་གི་མྱོང་བརྒྱུད་ལའང་ངོ་མཚར་གྱིས་ཁེངས་སོ།། རྒྱ་ཡིག་གི་མིང་། 欧内斯特•米勒尔•海明威 ཕྱི་ཡིག་གི་མིང་། Ernest Miller Hemingway འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1899.7.21-1961.7.2) རྒྱལ་ཁབ། ཨ་མེ་རི་ཁ། ལས་རིགས། གསར་འགོད་པ། སྒྲུང་གཏམ་པ། འཐུས་ཚབ་བརྩམས་ཆོས། 《རྒན་པོ་དང་རྒྱ་མཚོ》《ཆི་ལི་མཱ་ཀྲ་ལོའུ་ཡི་ཁ་བ》 བྱས་རྗེས་གཙོ་བོ། སྤྱི་ལོ1954ལོར་ཁོང་གི་བརྩམས་ཆོས《རྒན་པོ་དང་རྒྱ་མཚོ》ལ་ནོ་པེར་རྩོམ་རིག་བྱ་དགའ་ཐོབ།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཨན་ཏུང.ཆི་ཧོ་ཧྥུ་ནི་དུས་རབས་བཅུ་དགུ་པའི་ཨུ་རུ་སུའི་སྒྲུང་ཐུང་མཁས་ཅན་དང་། དངོས་ཡོད་རིང་ལུགས་རྩོམ་རིག་གི་ཕུལ་བྱུང་འཐུས་ཚབ་པ་དེ་ཡིན་ལ། འཛམ་གླིང་ཐོག་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་བརྩམས་སྒྲུང་ཐུང་གྲས་ཀྱི་སྒྱུ་རྩལ་མཁན་ཆེན་དང་། ཕུལ་དུ་བྱུང་བའི་ཟློས་གར་མཁན་པོ་ཞིག་ཀྱང་ཡིན། རྒྱ་ཡིག་གི་མིང་། 安东•契诃夫 ཕྱི་ཡིག་གི་མིང་། Anton kowolski vicki Chekhov འཁྲུངས་འདས་ཀྱི་ལོ་ཚིགས། སྤྱི་ལོ(1860.1.29-1904.7.15) རྒྱལ་ཁབ། ཨུ་རུ་སུ། མི་རིགས། ཨུ་རུ་སུའི་མི། ལས་རིགས། སྒྲུང་གཏམ་པ། གཟི་བརྗིད་མཚན་སྙན།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཧའེ་ཉི་ནི་འཇར་མན་གྱི་ཏུའུ་སེར་ཏུའོ་ཧྥུ་རུ་སྐྱེས། ཁོང་ནི་ཀོ་ཏིའི་རྗེས་ཀྱི་འཇར་མན་གྱི་སྙན་ངག་པ་ཆེས་གཙོ་བོ་ཞིག་ཡིན། རྒྱ་ཡིག་གི་མིང་། 海因里希•海涅 ཕྱི་ཡིག་གི་མིང་། Heinrich Heine མཚན་ཧྲིལ་བོ། ཧའེ་ཡིན་ལི་ཞི•ཧའེ་ཉི། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1797.12.13—1856.2.17) རྒྱལ་ཁབ། འཇར་མན། ལས་རིགས། སྙན་ངག་པ། འཐུས་ཚབ་བརྩམས་ཆོས། 《འཇར་མན། དགུན་ཁ་ཞིག་གི་བྱིས་སྒྲུང》 བྱས་རྗེས་གཙོ་བོ། འཇར་མན་གྱི་སྙན་ངག་པ་རླབས་ཆེན་ཞིག་ཡིན། མི་ཚེ་དང་སློབ་སྦྱོང་།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཨན་ཐུའུ་ཧྲེང་ནི་དུས་རབས་བཅུ་དགུ་པའི་ཏེན་མག་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་བྱིས་སྒྲུང་རྩོམ་པ་པོ་ཡིན་ལ། འཛམ་གླིང་བྱིས་སྒྲུང་རྩོམ་རིག་སྲོལ་གཏོད་པ་ཡང་ཡིན། རྒྱ་ཡིག་གི་མིང་། 汉斯•克里斯汀•安徒生 ཕྱི་ཡིག་གི་མིང་། Hans Christian Andersen མཚན་ཧྲིལ་བོ། ཧན་སི•ཁུ་ལེ་སི་ཐེང•ཨན་ཐུའུ་ཧྲེང་། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1804.4.2-1875.8.4) རྒྱལ་ཁབ། ཏེན་མག ལས་རིགས། བྱིས་སྒྲུང་རྩོམ་པ་པོ། འཐུས་ཚབ་བརྩམས་ཆོས།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཁྲའེ་ཁུ་ཧྥུའུ་སི་ཅི་ནི་ཨུ་རུ་སུའི་རོལ་མོ་པ་གྲགས་ཅན་དང་། ཨུ་རུ་སུའི་མི་རིགས་རོལ་མོ་དང་ཡོ་རོབ་གླིང་ནུབ་མའི་གནའ་གཞུང་རོལ་མོའི་ཉིང་བཅུད་སྡུད་མཁན་ཡིན་ལ། ཁོང་ནི་ཡོན་ཏན་ལ་མངའ་བརྙེས་པའི་དབྱངས་རྩོམ་མཁན་ཞིག་ཡིན། རྒྱ་ཡིག་གི་མིང་། 彼得•伊里奇•柴可夫斯基 ཕྱི་ཡིག་གི་མིང་། Пётр Ильич Чайковский མཚན་ཧྲིལ་བོ། པི་ཏུ•དབྱི་ལི་ཆི•ཁྲའེ་ཁུ་ཧྥུའུ་སི་ཅི། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1840—1893) རྒྱལ་ཁབ། ཨུ་རུ་སུ། ལས་རིགས།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
པཱ་ཨེར་ཀྲ་ཁུ་ནི་ཧྥ་རན་སེའི་སྒྲུང་གཏམ་པ་གྲགས་ཅན་ཏེ། དེང་རབས་ཧྥ་རན་སེའི་སྒྲུང་གཏམ་གྱི་ཡབ་ཆེན་ཞེས་པའི་མཚན་སྙན་གནང་ཡོད། ཁོང་ནི་ཡོ་རོབ་གླིང་གི་མཐའ་དཔྱོད་དངོས་ཡོད་རིང་ལུགས་རྩོམ་རིག་གི་རྨང་འདིང་མཁན་ཡིན། ཁོང་གི་བརྩམས་ཆོས《མི་ཡུལ་གྱི་སྤྲོ་གར》ཞེས་པར་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་ཤེས་བྱ་ཀུན་བཏུས་ཞེས་པའི་མཚན་སྙན་ཐོབ་ཡོད། རྒྱ་ཡིག་གི་མིང་། 奥诺雷•德•巴尔扎克 ཕྱི་ཡིག་གི་མིང་། Honoré•de Balzac མཚན་ཧྲིལ་བོ། ཨའོ་ནུའོ་ལིའེ•ཏུ•པཱ་ཨེར་ཀྲ་ཁུ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1799.5.20-1850.8.18) རྒྱལ་ཁབ། ཧྥ་རན་སེ། ལས་རིགས། རྩོམ་པ་པོ།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཡཱ་ལི་ཧྲན་ཏཱ.ཞེར་ཀའེ་ཝེ་ཆི.ཕུའུ་ཞི་ཅིན་ནི་ཨུ་རུ་སུའི་མིང་དུ་གྲགས་པའི་རྩོམ་རིག་པ་དང་ཨུ་རུ་སུའི་རླབས་ཆེ་བའི་སྙན་ངག་པ། དེང་རབས་ཨུ་རུ་སུའི་རྩོམ་རིག་གི་རྨང་འདིང་མཁན། དུས་རབས་བཅུ་དགུ་བའི་ཨུ་རུ་སུའི་འཆར་ཡན་རིང་ལུགས་རྩོམ་རིག་གི་འཐུས་ཚབ་གཙོ་བོ་བཅས་ཡིན། ཁོང་ལ་ཨུ་རུ་སུའི་སྒྲུང་གཏམ་གྱི་ཡབ་ཆེན་ཞེས་པའི་མཚན་སྙན་གནང་ཡོད། རྒྱ་ཡིག་གི་མིང་། 亚历山大.谢尔盖耶维奇.普希金 ཕྱི་ཡིག་གི་མིང་། Александр Сергеевич Пушкин མཚན་ཧྲིལ་བོ། ཡཱ་ལི་ཧྲན་ཏཱ.ཞེར་ཀའེ་ཝེ་ཆི.ཕུའུ་ཞི་ཅིན། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1799.6.6-1837.2.10) རྒྱལ་ཁབ།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཝེ་ལེན•ཧྲ་ཧྲི་པི་ཡཱ་ནི་དབྱིན་ཇིའི་རྩོམ་རིག་ལོ་རྒྱུས་སྟེང་གི་ཆེས་ཕུལ་དུ་བྱུང་བའི་ཟློས་གར་མཁན་དང་། ནུབ་ཕྱོགས་རིག་རྩལ་ལོ་རྒྱུས་སྟེང་གི་ཆེས་ཕུལ་དུ་བྱུང་བའི་རྩོམ་པ་པོ་དང་། འཛམ་གླིང་གི་ཆེས་རྨད་དུ་བྱུང་བའི་རྩོམ་རིག་པ་ཞིག་ཀྱང་ཡིན། རྒྱ་ཡིག་གི་མིང་། 威廉•莎士比亚 ཕྱི་ཡིག་གི་མིང་། William Shakespeare འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1564.4.23—1616.4.23) རྒྱལ་ཁབ། དབྱིན་ཇི། མི་རིགས། ཨང་ཀུ་ལུའུ་སཱ་ཁུ་ཞུན་རིགས། ལས་རིགས། འཁྲབ་གཞུང་རྩོམ་མཁན། སྙན་ངག་པ།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཝེ་ཁུ་ཏོའུ•ཡུའུ་ཀུའོ་ནི་ཧྥ་རན་སེའི་རྩོམ་པ་པོ་གྲགས་ཅན་དང་། དུས་རབས་བཅུ་དགུ་བའི་དུས་མགོའི་འཆར་ཡན་རིང་ལུགས་རྩོམ་རིག་གི་འཐུས་ཚབ་རྩོམ་པ་པོ། མི་ཆོས་རིང་ལུགས་ཀྱི་འཐུས་ཚབ་མི་སྣ། ཧྥ་རན་སེའི་རྩོམ་རིག་ལོ་རྒྱུས་སྟེང་གི་ཕུལ་ཏུ་བྱུང་བའི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་རྩོམ་པ་པོ་བཅས་ཡིན། མི་རྣམས་ཀྱིས་ཁོང་ལ་ཧྥ་ལན་ཞིའི་ཧྲ་ཧྲི་པི་ཡཱ་ཞེས་འབོད་ཀྱི་ཡོད། རྒྱ་ཡིག་གི་མིང་། 维克多•雨果 ཕྱི་ཡིག་གི་མིང་། Victor Hugo མཚན་ཧྲིལ་བོ། ཝེ་ཁུ་ཏོའུ•ཡུའུ་ཀུའོ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1802.2.26-1855.5.22) རྒྱལ་ཁབ། ཧྥ་རན་སེ། ལས་རིགས། རྩོམ་རིག་པ། སྒྲུང་གཏམ་པ།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
སའེ་ཝན་ཐི་སི•སཱ་ཝེ་ཏུ་ལཱ་ནི་སི་ཕེན་རྒྱལ་ཁབ་ཀྱི་སྒྲུང་གཏམ་པ་དང་འཁྲབ་གཞུང་རྩོམ་མཁན། སྙན་ངག་པ་གྲགས་ཅན་ཞིག་ཡིན་ལ། ཁོང་ལ་སི་ཕེན་རྒྱལ་ཁབ་ཀྱི་རྩོམ་རིག་འཇིག་རྟེན་ཁྲོད་ཆེས་རླབས་ཆེ་བའི་རྩོམ་པ་པོའི་མཚན་སྙན་གནང་ཡོད། རྩོམ་རིག་དཔྱད་བརྗོད་པ་དག་གིས་ཁོང་གིས་མཛད་པའི་སྒྲུང་གཏམ《ཐང་ཅི་ཧུ་ཏུ》ནི་རྩོམ་རིག་ལོ་རྒྱུས་སྟེང་གི་དེང་རབས་སྒྲུང་གཏམ་ཐོག་མ་དང་། འཛམ་གླིང་རྩོམ་རིག་གི་གཅེས་ནོར་ཅིག་ལ་ངོས་འཛིན་གྱི་ཡོད། རྒྱ་ཡིག་གི་མིང་། 塞万提斯•萨维德拉
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
སྨི་ལུ་ནི་ཧྥ་རན་སེའི་ཉེ་རབས་ཀྱི་རི་མོ་བའི་ཁྲོད་མི་དམངས་ཀྱིས་ཆེས་དགའ་བསུ་ཐོབ་པའི་རི་མོ་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 让•弗朗索瓦•米勒 ཕྱི་ཡིག་མིང་། Jean-Francois Millet མཚན་ཧྲིལ་བོ། རང-ཧྥོ་ལང་སུའོ་ཝ•སྨི་ལུ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1814.10.4-1875.1.20) རྒྱལ་ཁབ། ཧྥ་རན་སེ། ལས་རིགས། རི་མོ་བ། བརྩམས་ཆོས། 《སྙེ་མ་འཐུ་བ》《ས་བོན་འདེབས་མཁན》 ངོ་སྤྲོད། ཞིང་པའི་རི་མོ་བ་ཞེས་སུ་གྲགས་པའི་སྨི་ལུ་ནི་ཧྥ་རན་སེའི་ནུའོ་མན་ཏི་ཕྱེད་གླིང་གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་བ་དང་པཱ་པི་སུང་དུ་ཚེ་ལས་འདས།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཏཱ་ཧྥུན་ཆི་ནི་ཡོ་རོབ་ཧྲིལ་པོའི་རིག་རྩལ་བསྐྱར་དར་སྐབས་ཀྱི་ཕུལ་དུ་བྱུང་བའི་ཚན་རིག་པ། གསར་གཏོད་པ། རི་མོ་བ་བཅས་ཡིན་ལ། དེང་རབས་ཀྱི་མཁས་པ་རྣམས་ཀྱིས་ཁོང་ནི་རིག་རྩལ་བསྐྱར་དར་སྐབས་ཀྱི་ཆེས་ལེགས་པའི་དཔེ་མཚོན་མི་སྣ་རེད་སྙམ། རྒྱ་ཡིག་གི་མིང་། 列奥纳多•迪•皮耶罗•达芬奇 ཕྱི་ཡིག་མིང་། Leonardo Di SerPiero Da Vinci མཚན་ཧྲིལ་བོ། ལི་ཨའོ་ནཱ་ཏུའོ•ཏི•ཕི་ཡེ་ལུའོ•ཏཱ་ཧྥུན་ཆི། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1452.4.23-1519.5.2) རྒྱལ་ཁབ།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
བསྟན་པ་རྒྱལ་མཚན་ནི་ཡུལ་ཤུལ་ཁུལ་དུ་སྐྱེས་པའི་གླིང་སྒྲུང་སྨྲ་བ་གྲགས་ཅན་ཞིག་ཡིན། ཁོས་སྒྲུང་སྣ་མི་གཅིག་པ་ཉིས་སྟོང་ཉིས་བརྒྱ་གྱ་གཉིས་ཤེས་ཟེར་ཡོད་ཀྱང་། སྒྲུང་དཔེའི་ཁ་བྱང་བཀོད་པ་ནི་སུམ་བརྒྱ་སུམ་ཅུ་ཡོད་ཟེར། ཁོང་ནི་ཐོག་མ་བབས་སྒྲུང་གི་སྒྲུང་བ་དང་རྗེས་སུ་པྲ་སྒྲུང་གི་སྒྲུང་བར་གྱུར་སྐད། རྒྱ་ཡིག་གི་མིང་། 丹巴尖参 མི་རིགས། བོད་རིགས། རྒྱལ་ཁབ། ཀྲུང་གོ། སྐྱེས་ལོ། 1973ལོ། སྐྱེས་ཡུལ། མཚོ་སྔོན་ཡུལ་ཤུལ། སྒྲུང་པའི་རིགས།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ལིའུ་ཧོན་ནི་ཀྲུང་གོའི་དར་ཆེའི་རོལ་མོའི་གླུ་བ་སྐད་གྲགས་ཅན་ཞིག་ཡིན་ཞིང་། ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན་གྱི་རོལ་མོའི་དགེ་རྒན་ཆེན་མོ་ཡིན། དབྱངས་དང་ཚིག སྒྲིག་བཟོ། གླུ་དབྱངས་ལེན་པ། རོལ་མོའི་སློབ་གསོ་སོགས་གཞི་གཅིག་ཏུ་སྒྲུབ་མཁན་གྱི་གླུ་བ་ཞིག་ཀྱང་ཡིན། རྒྱ་ཡིག་གི་མིང་། 刘欢 ཕྱི་ཡིག་གི་མིང་། Liu Huan སྐྱེས་པའི་ལོ་ཚིགས། སྤྱི་ལོ1963ལོའི་ཟླ8པའི་ཚེས26ཉིན། རྒྱལ་ཁབ། ཀྲུང་གོ། མི་རིགས། རྒྱ་རིགས། སྐྱེས་ཡུལ། ཐེན་ཅིན། བརྩམས་ཆོས། ལས་རིགས། རོལ་མོ་བ། སློབ་ཆེན་གྱི་རོལ་མོའི་དགེ་རྒན།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ལིའུ་ཐེན་ཧྭ་ནི་ཀྲུང་གོའི་ཉེ་རབས་ཀྱི་དབྱངས་རྩོམ་མཁན་དང་། རོལ་མོ་དཀྲོལ་མཁན། རོལ་མོའི་སློབ་གསོ་མཁས་ཅན་བཅས་ཡིན། རྒྱ་ཡིག་གི་མིང་། 刘天华 མིང་གཞན། ཐེན་ཧྭ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1895.2.4-1932.6.8) རྒྱལ་ཁབ། ཀྲུང་གོ། མི་རིགས། རྒྱ་རིགས། སྐྱེས་ཡུལ། ཅང་སུའུ་ཞིང་ཆེན་ཅང་ཡིན་གྲོང་ཁྱེར་ཁྲེང་ཅང་གྲོང་རྡལ། དེང་གི་ཁྲེང་ཅང་སྲང་ལམ། ལས་རིགས། དབྱངས་རྩོམ་མཁན། རོལ་མོ་དཀྲོལ་མཁན། རོལ་མོའི་སློབ་གསོ་བ། འཐུས་ཚབ་བརྩམས་ཆོས།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ལི་ཧྲོང་ཅང་ནི་ཀྲུང་གོའི་སྐྱེས་པའི་གདངས་མཐོ་གླུ་བ་གྲགས་ཅན་དང་མགྲིན་དབྱངས་སློབ་གསོ་བ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་བཅས་ཡིན། སྤྱི་ལོ2009ལོར་ཁོང་ལ་མི་དམངས་ཆེས་དགའ་བའི་སྒྱུ་རྩལ་པ་ཞེས་པའི་མཚན་སྙན་ཐོབ། རྒྱ་ཡིག་གི་མིང་། 李双江 སྐྱེས་ལོ། སྤྱི་ལོ1939ལོའི་ཟླ3པའི་ཚེས10ཉིན། རྒྱལ་ཁབ། ཀྲུང་གོ། མི་རིགས། རྒྱ་རིགས། སྐྱེས་ཡུལ། ཧེ་ལུང་ཅང་ཞིང་ཆེན་ཧ་ར་པིན། ལས་རིགས། གླུ་བ། འཁྲབ་སྟོན་པ། མཐར་ཕྱིན་སློབ་གྲྭ།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
ཡོན་རྒྱལ་རབས་ཀྱི་དུས་དཀྱིལ་དང་དུས་མཇུག་ཏུ་རི་ཀླུང་རི་མོའི་གསར་གཏོད་ལ་མཛད་རྗེས་ཆེན་པོ་བཞག་ཅིང་རི་མོའི་ལོ་རྒྱུས་སྟེང་དུ་སྙན་པའི་གྲགས་པ་འབར་བའི་རི་ཀླུང་རི་མོ་མཁས་ཅན་ཧོང་ཀུང་ཝང་དང་། ཝང་མེང་། ཝུའུ་ཀྲེན། ཉི་ཙན་བཅས་བཞི་བྱུང་བ་ལ་ཡོན་གྱི་མཁས་པ་རྣམ་བཞི་ཞེས་གྲགས། ཁོང་རྣམ་པས་སྔར་སྲོལ་བཟང་པོ་རྒྱུན་འཛིན་བྱས་ཤིང་སྙན་ཚིག་སུག་བྲིས་རི་མོ་ཐམ་ག་གཞི་གཅིག་ཏུ་གྲུབ་པའི་རིག་གནས་པའི་རི་མོ་ཡིས་གཙོས་པའི་རི་ཀླུང་རི་མོའི་སྲོལ་གསར་བཏོད་པས།
རིགས་དབྱེ། མི་སྣ། • སྒྱུ་རྩལ་མི་སྣ།
སྒྱུ་རྩལ་མི་སྣ། བརྡ་འགྲེལ 451 ཡོད། |