ཆོས་སྐྱབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆོས་སྐྱབས།
ཆོས་སྐྱབས་ནི་དུས་རབས་ཉི་ཤུ་བ་དང་ཉེར་གཅིག་པའི་སོ་མཚམས་སུ་བྱུང་བའི་བོད་ཀྱི་ལྷ་རིས་པ་གྲགས་ཅན་ཞིག་ཡིན་པ་དང་། ཁོ་ནི་རེབ་གོང་སྒྱུ་རྩལ་ཁང་གི་ཐོག་དང་པོའི་གྲས་ཀྱི་འབྲིང་རིམ་ལས་ཐོབ་ཐོབ་མཁན་དེ་ཡིན་ཞིང་། མཛེས་རྩལ་སློབ་དཔོན་ཆེན་མོའི་མིང་ཐོབ་ཀྱང་བསྩལ་ཡོད་པ་ཞིག་ཡིན། དུས་དེ་སྔར་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་ཁང་དུ་བྱ་བ་བསྒྲུབས། འབྲིང་རིམ་ལས་ཐོབ། 2000 ལོར་ལས་འཁྱུར་ངལ་གསོ་གནང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
སྐྱེས་ལོ།
སྤྱི་ལོ1940 ལོ།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་།
ལས་རིགས།
མཛེས་རྩལ་དགེ་རྒན།
ལས་ཐོབ།
འབྲིང་རིམ་མཛེས་རྩལ་བ།
འཐུས་ཚབ་བརྩམས་ཆོས།
« ཇོ་བོ་རྗེ་ཨ་ཏི་ཤ » « ཨོ་རྒྱན་པདྨ་འབྱུང་གནས »«སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པ»
1 ངོ་སྤྲོད།

ཆོས་སྐྱབས་ནི་སྤྱི་ལོ1940ལོར་རེབ་གོང་རྐ་གསར་ནས་སྐྱེས་ཤིང་། ཁོང་ལོ་བརྒྱད་ཀྱི་སྟེང་རྐ་གསར་དགོན་པར་ཞང་བོ་བློ་བཟང་ཤེས་རབ་ཀྱི་དྲུང་ནས་རབ་ཏུ་བྱུང་། ཞང་བོ་བློ་བཟང་ཤེས་རབ་ནི་ནང་དོན་རིག་པ་དང་། གསོ་བ་རིག་པ། ཐ་སྙད་རིག་གནས་ལ་མཁས་པར་མ་ཟད། ཐང་ག་བཞེངས་པའི་ལག་རྩལ་ཨ་མདོའི་ཡུལ་དུ་སྙན་གྲགས་རྒྱས་པ་ཞིག་ཡིན་པས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཆོས་ཀྱི་ཉི་མ་མཆོག་གིས་ཁོའི་བརྩམས་ཆོས་ལ་བསྟོད་བསྔགས་གནངས་མྱོང་།  ཞང་བོ་ཁོང་གིས་ཆོས་སྐྱབས་ལ་ཆོས་ཁྲིད་པ་དང་། སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་ལོ་རྒྱུས་གཏམ་རྒྱུད་མང་པོ་བཤད་པར་མ་ཟད། ཐང་གའི་སྐོར་གྱི་ཤེས་བྱ་དང་ལག་རྩལ་ཡང་ཁྲིད། ཆུང་དུས་ནས་ཞང་བོའི་རྗེས་སུ་འབྲངས་ཏེ་སྐུ་འབུམ་དང་། བླ་བྲང་དགོན་པར་ལྡེབས་རིས་དང་ཐང་ག་གང་མང་བཞེངས། དེ་ཡང་ཆོས་སྐྱབས་ཀྱིས་ཐང་གའི་རྨང་གཞིའི་འབྲི་རྩལ་སྦྱོང་དུས། སམ་ཊའི་སྟེང་མེ་ཏོག་གི་འདབ་མ་དང་། སྤྲིན། ན་བཟའ་བཅས་འབྲི་ཚུལ་སྦྱངས་པ་དང་། དེ་ནས་སྟོན་པ་ཤཱཀྱ་ཐུབ་པ་དང་། རྗེ་ཙོང་ཁ་པ། སྒྲོལ་དཀར། འཇམ་པའི་དབྱངས། ཆོས་སྐྱོང་ཁག་གི་རྗེན་གཟུགས་འབྲི་ཚུལ་སྦྱངས་རྗེས། ན་བཟའ་སྤྲས་པའི་སྐུ་བརྙན་འབྲི་ཚུལ་བསླབས། ལོ་དྲུག་བདུན་གྱི་རིང་སྔ་ལངས་འཕྱི་ཉལ་གྱིས་སམ་ཊའི་སྟེང་ཡང་སྐོར་བསྐྱར་སྐོར་གྱིས་བྲིས་པ་དང་། བཟོ་རིག་གི་གཞུང་ལ་སེམས་རྣལ་དུ་ཕབ་ནས་སྐོམ་པ་ཆུ་འདོད་བཞིན་བལྟས་པས། རིམ་བཞིན་རེབ་གོང་ན་མིང་དུ་གྲགས་པའི་ལྷ་རིས་པ་ཞིག་ཏུ་གྱུར་བས།  སྤྱི་ལོ1979ལོར་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་རེབ་གོང་སྒྱུ་རྩལ་ཞིབ་འཇུག་སའོ་བཙུགས་ཤིང་། ལོ 39 ལ་སོན་པའི་ཆོས་སྐྱབས་ཀྱང་དམངས་ཁྲོད་ཕུལ་བྱུང་ལྷ་རིས་པར་བརྩིས་ཏེ། ཐོག་དང་པོར་ཞིབ་འཇུག་སའོ་རུ་བསྡུས་ནས་ཐང་ག་བཞེངས་པའི་ཆེད་ལས་བྱ་བ་གཉེར། ཁོའི་རྨང་གཞི་ལེགས་ཤིང་འབྲས་བུ་གཟེངས་སུ་ཐོན་པས།  སྤྱི་ལོ1984ལོར་ཀྲུང་གོའི་རི་མོ་བའི་མཐུན་ཚོགས་མཚོ་སྔོན་ཞིང་ཆེན་ཡན་ལག་ཚོགས་པའི་ཚོགས་མིར་བསྐོས།

2 སློབ་སྦྱོང་གི་བརྒྱུད་རིམ།

ཁོས་ལོ་ན་བརྒྱད་ཀྱི་སྟེང་ཞང་བོ་བློ་བཟང་ཤེས་རབ་དགེ་རྒན་དུ་བསྟེན་ནས་ལྷ་རིས་འབྲི་སྤྱོང་གི་ལས་ལ་ཐོག་མར་ཞུགས་ཤིང་། ཐང་གའི་རྨང་གཞིའི་འབྲི་རྩལ་སྦྱོང་དུས། སམ་ཊའི་སྟེང་མེ་ཏོག་གི་འདབ་མ་དང་། སྤྲིན། ན་བཟའ་བཅས་འབྲི་ཚུལ་སྦྱངས་པ་དང་། དེ་ནས་སྟོན་པ་ཤཱཀྱ་ཐུབ་པ་དང་། རྗེ་ཙོང་ཁ་པ། སྒྲོལ་དཀར། འཇམ་པའི་དབྱངས། ཆོས་སྐྱོང་ཁག་གི་རྗེན་གཟུགས་འབྲི་ཚུལ་སྦྱངས་རྗེས། ན་བཟའ་སྤྲས་པའི་སྐུ་བརྙན་འབྲི་ཚུལ་བསླབས། ལོ་དྲུག་བདུན་གྱི་རིང་སྔ་ལངས་འཕྱི་ཉལ་གྱིས་སམ་ཊའི་སྟེང་ཡང་སྐོར་བསྐྱར་སྐོར་གྱིས་བྲིས་པ་དང་། བཟོ་རིག་གི་གཞུང་ལ་སེམས་རྣལ་དུ་ཕབ་ནས་སྐོམ་པ་ཆུ་འདོད་བཞིན་བལྟས།

སྤྱི་ལོ1958ལོར་སྐྱ་སར་ཕབ་ནས་གཉན་ཐོག་བོད་ཡིག་སློབ་འབྲིང་དུ་ཞུགས་ཏེ་མཐར་ཕྱིན་རྗེས། ལོ་གཉིས་ཀྱི་རིང་སློབ་ཆུང་གི་དགེ་རྒན་བྱས། རིག་གསར་གྱི་སྐབས་སུ་ལྷ་རིས་པའང་རྙིང་བ་བཞིའི་གྲས་སུ་ཚུད་པས། ཁྱིམ་ཚང་གི་ཁ་གསོ་ཆེད་ཤིང་བཟོ་བྱས། ཡིན་ཡང་རང་ཉིད་དགའ་བའི་ལས་དེ་གཏིང་གཅོད་མ་ནུས་པར་ཁྱིམ་ཆས་དང་། དྲ་མ་སོགས་ཀྱི་སྟེང་མཛེས་རིས་རྐོ་བའམ་བྲིས་པ་ཙམ་གྱིས་ཀྱང་རང་སེམས་ལ་སྤྲོ་བ་དཔག་མེད་རྒྱས། རིག་གསར་མཇུག་རྫོགས་རྗེས། ཆོས་ལུགས་སླར་གསོ་བྱུང་ཞིང་། ལོ་ངོ་བཅུའི་རིང་རིས་སུ་བོར་བའི་པིར་བཟུང་སྟེ།  དགོན་པ་དང་སྡེ་བ་སོ་སོའི་ལྷ་ཁང་ལ་ལྡེབས་རིས་དང་ཐང་ག་བཞེངས་པར་བྲེལ།

3 བྱ་བའི་གྲུབ་འབྲས།

སྤྱི་ལོ1979ལོར་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་རེབ་གོང་སྒྱུ་རྩལ་ཞིབ་འཇུག་སའོ་བཙུགས་ཤིང་། ལོ39ལ་སོན་པའི་ཆོས་སྐྱབས་ཀྱང་དམངས་ཁྲོད་ཕུལ་བྱུང་ལྷ་རིས་པར་བརྩིས་ཏེ། ཐོག་དང་པོར་ཞིབ་འཇུག་སའོ་རུ་བསྡུས་ནས་ཐང་ག་བཞེངས་པའི་ཆེད་ལས་བྱ་བ་གཉེར། ཁོའི་རྨང་གཞི་ལེགས་ཤིང་འབྲས་བུ་གཟེངས་སུ་ཐོན་པས།   སྤྱི་ལོ1984  ལོར་ཀྲུང་གོའི་རི་མོ་བའི་མཐུན་ཚོགས་མཚོ་སྔོན་ཞིང་ཆེན་ཡན་ལག་ཚོགས་པའི་ཚོགས་མིར་བསྐོས། ལོ་དེར་མཚོ་སྔོན་ཞིང་ཆེན་རིག་གནས་ཐིན་གྱི་རྩ་འཛུགས་བྱས་པའི་པེ་ཅིང་དང་ཧྲང་ཧེ། ཀོང་ཀྲིག་སོགས་གྲོང་ཁྱེར་དུ་རེབ་གོང་སྒྱུ་རྩལ་སྐོར་སྐྱོད་འགྲེམ་སྟོན་ཁྲོད། « དུས་འཁོར» སོགས་ཁོའི་རྩམས་ཆོས་ལྔ་འགྲེམ་སྟོན་ལ་ཞུགས། སྤྱི་ལོ   1917ལོར་ཀྲུའུ་ཞི་ཧུའུ་ཡོ་པང་རེབ་གོང་ལ་ཕེབས་སྐབས་རེབ་གོང་སྒྱུ་རྩལ་ཁང་ཞེས་པའི་ཕྱག་བྲིས་གནང་ཞིང་མཉམ་པར་བླངས། ལོ་དེར་ཧུའུ་ནན་མཛེས་རྩལ་པར་སྐྲུན་ཁང་གིས་པར་དུ་བསྐྲུན་པའི « རེབ་གོང་སྒྱུ་རྩལ » པར་དེབ་ནང་ཁོའི་བརྩམས་ཆོས « ཤཱཀྱ་མུ་ནེ» དང « གུ་རུ་མཚན་བརྒྱད» « ཇོ་བོ་རྗེ་ཨ་ཏི་ཤ » « མགོན་པོ་འོད་དཔག་མེད» « རྗེ་ཡབ་སྲས་གསུམ » « རྣམ་རྒྱལ་མ »  སོགས་བཀོད།  

སྤྱི་ལོ1988ལོར་རེབ་གོང་སྒྱུ་རྩལ་ཁང་གི་ཐོག་དང་པོའི་གྲས་ཀྱི་འབྲིང་རིམ་ལས་ཐོབ་དང་། མཛེས་རྩལ་སློབ་དཔོན་ཆེན་མོའི་མིང་བསྩལ། ཁུལ་དཔོན་རྡོ་རྗེ་རབ་བརྟན་གྱིས་སྐུ་དངོས་སུ་དཔང་ཡིག་གནང་། ལོ་དེར།   ཀྲུང་གོའི་སྐབས་དང་པོའི་དམངས་ཁྲོད་ལྕགས་རི་རིང་བོ་སྒྱུ་རྩལ་དུས་ཆེན་གྱི་འགྲེམ་སྟོན་སྐབས་སུ། ཁོའི་བརྩམས་ཆོས « ཇོ་བོ་རྗེ་ཨ་ཏི་ཤ »  ལ་བྱ་དགའ་ཨང་གཉིས་པ་ཐོབ། སྤྱི་ལོ1990 ལོའི་ཟླ 7 པར « གངས་རྒྱན་ན་ཆུང་ཚགས་པར » གྱི་མཛེས་རྩལ་ཟུར་ཁྲིད་པར་བསྐོས་ཤིང་། « རེབ་གོང་སྒྱུ་རྩལ་གྱི་འབྲི་ཐབས་གནད་བསྡུས »  ཞེས་པའི་རྩོམ་སྤེལ་ཏེ་ན་ཆུང་རྣམས་ལ་རེབ་གོང་སྒྱུ་རྩལ་གྱི་འབྲི་ཐབས་ངོ་སྤྲོད་བྱས་པར་དགའ་བསུ་ཆེན་པོ་ཐོབ།  

སྤྱི་ལོ1991ལོར་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པའི་སྒྱུ་རྩལ་པེ་ཅིན་དུ་འགྲེམ་སྟོན་བྱེད་སྐབས། བརྩམས་ཆོས« ཨོ་རྒྱན་པདྨ་འབྱུང་གནས » འགྲེམ་སྟོན་ལ་བདམས།   ལོ་དེར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི « བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཀྱི་ཐིག་རྩ » དང« གླིང་གེ་སར་རྒྱལ་པོའི་ཤུལ་རྗེས » གཉིས་ཀྱི་མདུན་ཤོག་ལ་ཁོས་བཞེངས་པའི་ཐང་ག « སློབ་དཔོན་པདྨ་འབྱུང་གནས » དང « གེ་སར་རྒྱལ་པོ » གཉིས་བཀོད།     སྤྱི་ལོ1994 ལོར « སློབ་དཔོན་པདྨ་འབྱུང་གནས» སོགས་པེ་ཅིན་ནས་པར་དུ་བསྐྲུན་པའི «རེབ་གོང་བོད་བརྒྱུད་ནང་བསྟན་སྒྱུ་རྩལ » པར་དེབ་དུ་བདམས་བཀོད་བྱས། « སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པ » དང « ཚེ་རིང་རྣམ་དྲུག » «འོད་དཔག་མེད » སོགས་བརྩམས་ཆོས་ཕུལ་བྱུང་གྲངས40ལྷག་ཨ་རི་དང་ཉི་ཧོང་སོགས་ཀྱི་དངོས་མང་བཤམས་སྟོན་ཁང་ངམ་ཉར་ཚགས་ལ་མོས་པ་ཅན་རྣམས་ཀྱིས་རིན་གོང་མཐོན་པོས་བླུས་ཤིང་ཉར་ཡོད། ཉི་ཧོང་དང་སིང་ག་ཕོར། ཁོ་རེ་ཡ་ལྷོ་མ་སོགས་རྒྱལ་ཁབ་ཁག་གི་རིག་གནས་སྒྱུ་རྩལ་གྱི་སྡེས་གདན་ཞུ་ཐེངས་མང་གནང་བ་ལྟར་བརྩམས་ཆོས་ལེགས་པོ་འགའ་རྒྱལ་ཁབ་འདི་དག་གིས་བསྒྲུབས་པའི་བོད་ཀྱི་ཐང་ག་སྒྱུ་རྩལ་འགྲེམ་སྟོན་ལ་ཞུགས། སྤྱི་ལོ1994 ལོའི་ཟླ 6 པར་ཀྲུང་གོ་དབུས་ཁུལ་ཡིག་རིས་ཞིབ་འཇུག་གླིང་གི་སྒྱུ་རྩལ་བློ་འདྲི་ཡུལ་དང་མཐོ་རིམ་མཛེས་རྩལ་པར་བསྐོས།  

སྤྱི་ལོ1994 ལོའི་ཟླ 8 པར་ཁོའི་ལོ་རྒྱུས «ཀྲུང་གོའི་དེང་རབས་མིང་གྲགས་ཅན་གྱི་ མཛེས་རྩལ་པའི་ཚིག་མཛོད » དུ་བཀོད།  སྤྱི་ལོ  1996ལོར་ཀྲུང་གོའི་གྲངས་ཉུང་མི་རིགས་མཛེས་རྩལ་སྐུལ་འདེད་ཚོགས་པས་ཚོགས་མིར་བསྐོས།  སྤྱི་ལོ 1997ལོར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རེ་བཅོལ་ལྟར། བུ་བཞི་བོ་ཁྲིད་དེ་ལོ800 ལ་ཉེ་བར་རྒྱུན་ཆད་པའི « སངས་རྒྱས་སྨན་བླའི་རྣམ་ཐར » དང « གསོ་རིག་རྒྱུད་བཞིའི་སྡོང་འགྲེམ་ཁ་ཚང»  ཐང་ག165 བཞེངས་པ་དང་། ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་ལ་ཡང་སློབ་ཁྲིད་ལ་མཁོ་བའི་ཐང་ག་བཅུ་ཕྲག་འགའ་བཞེངས།  

སྤྱི་ལོ 1997 ལོའི་ཟླ8པར་བརྩམས་ཆོས« རྒྱལ་ཆེན་སྤྱན་མི་བཟང » ལ་མི་རིགས་སྣ་བརྒྱའི་མེ་ཏོག་རྟགས་མའི་ཟངས་ཀྱི་བྱ་དགའ་ཐོབ་ཅིང་། སྐབས་གསུམ་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་མཛེས་རྩལ་བརྩམས་ཆོས་པར་དེབ་ཏུ་བསྡུས། སྤྱི་ལོ1998 ལོའི་ཟླ12 པར་བརྩམས་ཆོས « སྟོན་པ་ཤཱཀྱ་ཐུབ་པས་ཆོས་འཁོར་བསྐོར་བ» ཁོ་རེ་ཡ་ལྷོ་མའི་འཛམ་གླིང་མཛེས་རྩལ་འགྲེམ་ཚོགས་ཆེན་མོར་ཞུགས་ཏེ། རྒྱལ་ས་ཧན་ཁྲིན་དུ་འགྲེམ་སྟོན་བྱས་པ་དང་།   ཁོ་རེ་ཡ་ལྷོ་མའི་རྡོ་རིང་དང་སྐྱེད་ཚལ་སྒྱུ་རྩལ་མཐུན་ཚོགས་ཀྱིས་བདག་ཉར་བྱས། སྤྱི་ལོ1999ལོའི་ཟླ1པོར «ཀྲུང་ཧན་ཡིག་རིས་ཚིག་མཛོད་ཆེན་མོ» རུ་བཀོད་པ་དང་། ལོ་དེའི་ཟླ2པར་རྒྱལ་སྤྱིའི་མཛེས་རྩལ་པའི་མཉམ་འབྲེལ་ཚོགས་པ་ཀྲུང་ཧན་རིག་གནས་སྒྱུ་རྩལ་པའི་ཨུ་ཡོན་ཚོགས་པས་ཚོགས་མིར་བསྐོས། ད་ལྟ་ཀྲུང་གོའི་སྒྱུ་རྩལ་པའི་མཐུན་ཚོགས་མཚོ་སྔོན་ཡན་ལག་ཚོགས་པའི་ཚོགས་མི་ཡིན། སྤྱི་ལོ2001ལོར་ཅང་སུའུ་ཞིང་ཆེན་སྒྱུ་རྩལ་ཁང་དུ་སྒེར་གྱི་ཐང་ག་སྒྱུ་རྩལ་འགྲེམ་སྟོན་བྱས་ཤིང་། བརྩམས་ཆོས « རྒྱལ་ཆེན་ཡུལ་འཁོར་སྲུང» སྒྱུ་རྩལ་ཁང་དེས་བདག་ཉར་བྱས། ལོ་དེར་རྒྱལ་ཁབ་རིག་གནས་པུའུ་རིག་གནས་ཚོང་ར་འཕེལ་རྒྱས་ལྟེ་གནས་ཀྱིས་སྒྱུ་རྩལ་བརྩམས་ཆོས་རིན་གོང་ཁས་ལེན་དཔང་ཡིག་གནང་།  སྤྱི་ལོ2003ལོར་ཀྲུང་གོའི་ཡིག་རིས་སྒྱུ་རྩལ་སྐུལ་འདེད་ཚོགས་པའི་ཚོགས་མི་དང་། འཛམ་གླིང་ཙི་ན་བའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིར་བདམས།  

སྤྱི་ལོ2005ལོའི་ཟླ8པར་བརྩམས་ཆོས « རྒྱལ་ཆེན་རྣམ་ཐོས་སྲས » ལ་སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་མི་རིགས་དམངས་ཁྲོད་ལག་ཤེས་སྒྱུ་རྩལ་འགྲེམ་ཚོགས་སྟེང་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། ཟླ9བར་ཀྲུང་གོའི་ཡིག་རིས་མཐུན་ཚོགས་ཀྱི་ཚོགས་མི་དང་། « ནུབ་རྒྱུད་སྒྱུ་རྩལ་ཞིབ་འཇུག » དུས་དེབ་ཁང་གི་རྒྱུན་ལས་བློ་འདྲི་ཡུལ་དུ་ཆེད་བསྐོས་གནང་། སྤྱི་ལོ2006ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་རིམ་པ་དང་པོའི་མཛེས་རྩལ་སློབ་དཔོན་ཆེན་མོའི་མཚན་སྙན་ཐོབ་པ་དང་། ཟླ8པར་ཐང་ག «བླ་མར་མཆོད་པའི་རི་མོ » ལ་མཚོ་སྔོན་ཞིང་ཆེན་མི་རིགས་དམངས་ཁྲོད་ལག་ཤེས་སྒྱུ་རྩལ་འགྲེམ་ཚོགས་སྟེང་བྱ་དགའ་ཨང་དང་པོ་ཐོབ། ཟླ12པར་ཀྲུང་གོའི་མཛེས་རྩལ་སློབ་དཔོན་ཆེན་མོའི་མཚན་སྙན་གནང་། སྤྱི་ལོ2007ལོར་སློབ་བུ་དྲུག་ཅུ་ཙམ་གྱི་སྣེ་ཁྲིད་དེ་སྲིད་ལ་སྨི200 དང་། ཞེང་ལ་སྨི1 . 4 ཅན་གྱི་ཐང་ག་ཆེན་མོ« མཁའ་ལམ» བཞེངས།

4 བརྩམས་ཆོས།

« ཇོ་བོ་རྗེ་ཨ་ཏི་ཤ » དང « ཨོ་རྒྱན་པདྨ་འབྱུང་གནས » « སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པ» « ཚེ་རིང་རྣམ་དྲུག » «འོད་དཔག་མེད »« རྒྱལ་ཆེན་སྤྱན་མི་བཟང » « སྟོན་པ་ཤཱཀྱ་ཐུབ་པས་ཆོས་འཁོར་བསྐོར་བ » « རྒྱལ་ཆེན་རྣམ་ཐོས་སྲས » «བླ་མར་མཆོད་པའི་རི་མོ » « ཤཱཀྱ་མུ་ནེ» « གུ་རུ་མཚན་བརྒྱད» « ཇོ་བོ་རྗེ་ཨ་ཏི་ཤ » « མགོན་པོ་འོད་དཔག་མེད» « རྗེ་ཡབ་སྲས་གསུམ » « རྣམ་རྒྱལ་མ » སོགས་བརྩམས་ཆོས་མི་ཉུང་བ་ཞིག་བྲིས་བཞེངས་མཛད་ཡོད།  

ཁོང་གི་ལྷ་རིས་སྒྱུ་རྩལ་རྩེར་སོན་པ་ཞིག་ཡིན་ཞིང་། སྐུ་བརྙན་ལྟ་བས་ཆོག་མི་ཤེས་ པའི་ཐང་ག2000ལྷག་བཞེངས་པ་དང་། ཕུལ་དུ་བྱུང་བའི་བུ་སློབ་མང་དུ་བསྐྱངས་ཏེ་རེབ་གོང་སྒྱུ་རྩལ་དར་སྤེལ་དང་རྒྱུད་འཛིན་ལ་ནུས་པ་གལ་ཆེན་བཏོན་ཡོད་དོ། །


བརྡ་འགྲེལ་གདོང་འཛར།

མི་སྣ། ལྷ་རིས་པ། ཆོས་སྐྱབས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-02

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།