ཡོངས་འཛིན་རིག་མཛོད། >མི་སྣ། >སྒྱུ་རྩལ་མི་སྣ། >ཞབས་བྲོ་པ།

དབྱང་ལི་ཕིང་།

དབྱང་ལི་ཕིང་ནི་ཀྲུང་གོའི་བུད་མེད་ཞབས་བྲོའི་འཁྲབ་སྟོན་པ་མཁས་ཅན་ཡིན་ལ། ཡུན་ནན་གྱི་ཡིན། སྤྱི་ལོ1971ལོར་ཁོང་མོ་ཡུན་ནན་ཞི་ཧྲོང་པའེ་ནཱའི་ས་ཁུལ་གྱི་གླུ་གར་ཚོགས་པར་ཞུགས་བ་དང་དེའི་རྗེས་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པར་ཞུགས། སྤྱི་ལོ1986ལོར་ཁོང་མོས་གསར་སྒྲིག་བྱས་པའི《རྨ་བྱའི་བླ》ཞེས་པའི་ཟློས་གར་འཁྲབ་སྟོན་བྱས་ཏེ་སྐད་གྲགས་འབར་བར་གྱུར།

རིགས་དབྱེ།  

ཉི་མ་མཚམས་གཅོད།

རྒན་ཉི་མ་མཚམས་གཅོད་ལགས་ཀྱིས་ཕ་མ་བཟང་པོའི་འཚོ་སྐྱོང་འོག་སློབ་ཆུང་དང་སློབ་འབྲིང་སོགས་ན་གཞོན་དུས་རིམ་གྱི་སློབ་གསོ་བརྒྱུད་རྗེས། སྤྱི་ལོ1980ལོར། སི་ཁྲོན་དར་རྩེ་མདོ་དགེ་འོས་སློབ་གྲྭ་ནས་ཐོན་ཏེ་སྤྱི་ལོ2007ལོ་བར་བགྲང་བྱ་ཉེར་བདུན་ཏག་ཏག་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གི་དགེ་རྒན་གནང་སྟེ། ཆེད་ལས་རྒྱའི་སྐད་ཡིག་དགེ་རྒན་དང་། ཞོར་ཁྲིད་རོལ་དབྱངས་དགེ་རྒན་གནང་སྟེ་སློབ་མར་ནང་མ་སྟོད་གཞས་ཀྱང་ཁྲིད་སྟོན་གནང་བའི་ཞབས་རྗེས་འཇོག་གནང་མཛད་ཡོད། ད་ལྟ་ལྷ་སའི་ནང་མ་སྟོད་གཞས་ཀྱི་རྒྱུན་འཛིན་པ་དང་། བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

པདྨ་རྒྱ་མཚོ།

ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་དུ་སྐྱེས་ཤིང་། སྤྱི་ལོ2003ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ཞབས་བྲོ་སློབ་གླིང་ནས་མཐར་ཕྱིན། པེ་ཅིང་དུ་གྲོང་ཁྱེར་གྱི་འབྲོག་མི་ལས་གཉེར་ཁང་དང་པེ་ཅིང་པདྨ་ཞབས་བྲོ་ཟློས་གར་ཚོགས་པ་གསར་འཛུགས་མཁན་དང་། ཀྲུང་གོའི་ཞབས་བྲོ་པའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་རིག་གནས་ཡར་སྐུལ་ཨུ་ལྷན་གྱི་ཨུ་ཡོན། ནུབ་བྱང་མི་རིགས་སློབ་ཆེན་གྱི་སྐུ་མགྲོན་དགེ་རྒན་ཆེན་མོ་བཅས་ཡིན།

རིགས་དབྱེ།