དགུང་ལོ་གཞོན་དུས་ནས་རྩེ་སྐོར་གྱི་ཞབས་སྡོད་ཞུས་ནས(རྩེ་དྲུང་བྱས)ལས་ཚན་རིམ་བགྲོད་ཀྱིས་དུས་རབས་ཉི་ཤུ་པའི་དུས་འགོར་སྲིད་བློན་ཞོལ་ཁང་པའི་སྣེ་མགྲོན(རིམ་པ་བཞི་པ་མཁན་ཆུང)གནང་བ་དང་། དེའི་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་མགྲོན་གཉེར་ཆེན་མོ་གནང་།
ཁོང་ནི་མགོ་ལོག་དར་ལག་སྡེར་ནང་དགོན་དང་སྡེར་ནང་ས་བྲིས་བོད་ཀྱི་རིག་གནས་རྒྱུད་འཛིན་སློབ་གླིང་དུ་ཡིག་གཟུགས་དགེ་རྒན་དང་། ཞིང་ཆེན་རིམ་པའི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་སྟེ་སྡེར་ནང་ས་བྲིས་ཀྱི་རྒྱུན་འཛིན་པ་བཅས་ཡིན།
ཀྲུང་གོ་བོད་རིག་པ་ལྟེ་གནས་ཀྱི་ཁོངས་གཏོགས་བཀའ་བསྟན་དཔེ་སྡུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཞིང་ཆེན་བོད་ཡིག་སློབ་གྲྭའི་ཞའོ་ཀྲང་གཞོན་པ། སི་ཁྲོན་ཞིང་ཆེན་གྱི་མི་རིགས་ཞིབ་འཇུག་ཁང་གི་སུའོ་ཀྲང་། རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པ་དང་དགུ་པ་གཉིས་ཀྱི་འཐུས་མི་སོགས་ཀྱི་འགན་བཞེས་ཡོད།
ཁོང་ནི་ཀྲུང་གོའི་ཡིག་མཁན་འཐུས་ཚོགས་ཀྱི་ཚོགས་མི་དང་། བོད་ལུགས་གསོ་རིག་སློབ་ཆེན་གྱི་བོད་རིག་པའི་དགེ་རྒན་ཆེན་མོ་གཞོན་པ། སྐབས་དང་པོའི་བོད་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལྷན་རྒྱས་ཁང་གི་ཨུ་ཡོན། བོད་ལྗོངས་ཡིག་མཁན་འཐུས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་གཞོན་ནུ་ཡིག་མཁན་འཐུས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་འཁུར།
ཁོང་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་སྙེ་མོ་ཡོན་བདག་དབུ་ཆེན་དྲུང་ཏོག་གི་མཚན་གནས་གནང་བ་ཡིག་བྲིས་པ་ཆེན་མོ་སྙེ་ཕུན་ཚོགས་དོན་ལྡན་ནམ་དཔལ་ལྡན་ཚེ་རིང་གི་དངོས་སློབ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་ཡིག་བྲིས་པ་ཆེན་མོ་དང་རྩེ་སློབ་གྲྭའི་གཞུང་བྲིས་དགེ་རྒན་རྩེ་དྲུང་ཀོག་པོ་བའི་ཡང་སློབ་རྩེ་དྲུང་རྒན་ངག་དབང་བཀྲ་ཤིས་ཀྱི་གམ་ནས་གཞུང་བྲིས་ལ་ལོ་གསུམ་ཙམ་གྱི་རིང་སྦྱང་ཤིང་སྤྱད་ནས་སློབ་གཉེར་གནང་བས་བོད་ཀྱི་ཡིག་གཟུགས་སྤྱི་དང་། སྒོས་སུ་སྙེ་བྲིས་དང་གཞུང་བྲིས་ཀྱི་རྒྱུན་རྣམ་པར་དག་པ་ལ་ཕྱག་སོར་རང་དབང་དུ་བསྒྱུར་པར་མངའ་བརྙེས་པའི་ཡིག་བྲིས་པ་ཆེན་མོ་ཡིན།
གཙང་གི་ཡིག་བྲིས་པ་ཆེན་མོ་དགེ་བའི་བཤེས་གཉེན༧ལྷ་ཁང་བློ་བཟང་རྡོ་རྗེ་མཆོག སྤྱི་ལོ1960ལོར། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོ་མཆོག་ལ་ཡིག་རྒྱུགས་ཕུལ་སྐབས།ཡིག་གཟུགས་ཀྱི་སྦྱངས་འབྲས་ཕུལ་དུ་ཕྱིན་པའི་བྱ་དགའ་ཨང་དང་པོ་དང་།གཟེངས་བསྟོད་ལ་སྐུ་དངོས་ཀྱིས་དངུལ་ཏཱ་ཡང་ལྔའི་གསོལ་རས་གནང་སྟེ་མཐོང་ཆེན་པོ་མཛད།
ཁོང་ནི་བོད་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ལས་འཛིན་དང་། ལྗོངས་གཞོན་ནུ་ཡིག་གཟུགས་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ། སྐབས་དང་པོའི་ལྗོངས་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ། ཐལ་སྤུངས་སྒང་སྔོན་འགྲོའི་སློབ་གྲྭ་དང་། འོ་བརྒྱལ་ཐང་སྔོན་འགྲོའི་སློབ་གྲྭའི་སློབ་སྤྱིའི་འགན་འཁུར་བཞིན་ཡོད།
དབྱང་ཀྲོའུ་མཚར་བརྒྱད་ནི་ཀྲུང་གོའི་ཆིང་རྒྱལ་རབས་བར་དཀྱིལ་གྱི་དུས་སྐབས་སུ་དབྱང་ཀྲོའུ་ས་ཆ་ནས་སུག་བྲིས་དང་རི་མོའི་གཤིས་ཀ་ཅུང་འདྲ་པོ་ཡོད་པའི་མི་སྣ་མཁས་ཅན་བརྒྱད་ཡོད་པ་དེར་ཟེར།
ཨོའུ་དབྱང་ཞུན་ནི་ཀྲུང་གོའི་སུའེ་རྒྱལ་རབས་ཀྱི་མཇུག་དང་ཐང་རྒྱལ་རབས་ཀྱི་མགོའི་སུག་བྲིས་མཁས་པ་ཞིག་ཡིན། གཟབ་བྲིས་ཡིག་མཁན་རྣམ་བཞིའི་ཡ་གྱལ་ཡིན་པ་དང་། ཁོང་གི་བུ་ཨོའུ་དབྱང་ཐུང་ཡང་སུག་བྲིས་ལ་མཁས་པས་ཁོང་གི་མིང་ལ་ཏཱ་ཨོའུ་ཞེས་འབོད།
ཡན་ཀྲེན་ཆིང་ནི་ཐང་རྒྱལ་རབས་ཀྱི་བློན་པོ་མིང་གྲགས་ཅན་དང་ཕུལ་དུ་བྱུང་བའི་སུག་བྲིས་མཁན་པོ་ཡིན། ཡན་ལུགས་གཟབ་བྲིས་གསར་དུ་བཏོད་པ་རེད། ཁོང་དང་ཀྲའོ་མེང་ཧྥུའུ། ལིའུ་ཀུང་ཆོན། ཨོའུ་དབྱང་ཞུན་བཅས་ལ་གཟབ་བྲིས་མཁས་པ་རྣམ་བཞིར་གྲགས།
ལིའུ་ཀུང་ཆོན་ནི་གཟབ་བྲིས་མཁས་པ་སྟེ། ཀྲུང་གོའི་ཐང་རྒྱལ་རབས་ཀྱི་མིང་གྲགས་ཅན་གྱི་སྙན་ངག་པ་དང་སུག་བྲིས་མཁས་ཆེན་ཡིན་ལ། གོང་མའི་སྲིད་གཞུང་གི་དཔོན་རིགས་འཁུར་མྱོང་། ཁོང་གིས་ལུའི་བྲིས་གསར་གཏོད་མཛད།
སུང་གི་ཡིག་མཁན་རྣམ་བཞི་ནི་སུང་རྒྱལ་རབས་ཀྱི་སྐབས་སུ་སུག་བྲིས་ལ་ཧ་ཅང་མཁས་པའི་མི་བཞི་སྟེ་སུའུ་ཧོང་སྨི་ཚའེ་བཅས་བཞི་ཡིན་ལ། ཁོང་ཚོའི་སུག་བྲིས་ལ་རང་རང་གི་ཁྱད་ཆོས་ལྡན་ལ་ལྷག་པར་སུང་རྒྱལ་རབས་ཀྱི་སུག་བྲིས་ཁྱད་ཆོས་འབུར་དུ་ཐོན་ཡོད་པས་སུང་རྒྱལ་རབས་ཀྱི་སུག་བྲིས་འཐུས་ཚབ་དུ་གྱུར་ཡོད།
ཁྲེན་ཧུང་ཧྲོའུ་ནི་མིང་རྒྱལ་རབས་ཀྱི་མཇུག་དང་ཆིང་རྒྱལ་རབས་ཀྱི་འགོའི་རི་མོ་བ་དང་སུག་བྲིས་པ་གྲགས་ཅན་ཞིག་ཡིན། སྙན་ངག་ལ་ཡང་ཤིན་ཏུ་མཁས། རི་མོ་ལས་མི་སྣ་དང་རི་ཀླུང་། མེ་ཏོག འདབ་ཆགས། སྨྱུག་རྡོ་བཅས་འབྲི་རྒྱུར་མཁས་པ་རེད།
ཝང་ཞི་ཀྲི་ནི་ཀྲུང་གོའི་ཅིན་རྒྱལ་རབས་ཤར་མའི་སུག་བྲིས་མཁན་པོ་དང་དམག་དཔོན་ཆེན་པོ་ཞིག་ཡིན། ལང་ཡཱ་ས་ཆ་སྟེ་དེང་གི་ཧྲན་ཏུང་ལིན་དབྱི་ནས་འཁྲུངས། ཁོང་གིས་ཡིག་གཟུགས་སྟེང་སྔ་མའི་ཧན་དང་ཝེ་རྒྱལ་རབས་ཀྱི་བབ་ཆགས་སྒམ་བརླིང་གི་འབྲི་སྲོལ་བསྒྱུར་ཐོག བརྗིད་ཅིང་འཁྱུགས་པའི་རང་ཆོས་གསར་གཏོད་མཛད། 《ལན་ཐིང་གི་གླེང་གཞི་ཕྱག་བསྟར་མ》ཞེས་པའི་སྙན་ཚིག་སྤེལ།
ཁོང་ལ་ལོ་རྒྱུས་སྟེང “འཁྱུག་བྲིས་མཁན་པོ”ཞེས་འབོད། ཐང་རྒྱལ་རབས་སྐབས་ཀྱི་ཕུལ་དུ་བྱུང་བའི་ཡིག་མཁན་ཞིག་ཡིན། ཁོང་གི་རུས་ནི་ཆན་ཡིན་ལ། ཡུང་ཀྲོའུ་ལིང་ལིང(ཧུའུ་ནན་ལིང)གི་མི་ཡིན་པ་དང་། ལོ་རྒྱུས་སྟེང་གི་ཤེས་ལྡན་པ་བཅུའི་གྲས་སུ་གཏོགས་པའི་ཆན་ཆིའི་ཚ་བོ་ཡིན། སུག་བྲིས་བརྩམས་ཆོས་ལ《ཆིག་ལབ་ཀྱི་གླེགས་བུ》དང་།《འཁྱུག་བྲིས་ཡིག་ཆུང་འབྲུ་སྟོང་མ》གི་ཤོག་དེབ།《སྨྱུག་རྩའི་དཔེ་རིས》《འཕགས་མའི་གླེགས་བུ》《དཔེ་ཚན་གླེང་བ》སོགས་ཡོད།
ལུའུ་ཀོང་། རྒྱ་རིགས། སྤྱི་ལོ1987ལོའི་ཟླ8པར་སྐྱེས་ཤིང་། ཀོང་ཏུང་ཀའོ་ཀྲོའུ་ནས་ཡིན། ཡིག་གཟུགས་མཁས་ཅན་དང་མཁས་དབང་། དངོས་སྦྱོང་ཞིབ་འཇུག་པ། དགེ་རྒན་བཅས་ཡིན། ད་ལྟ་ཀོང་ཀྲོའུ་ཧྭ་ནན་ཚོང་དོན་ལས་རིགས་སློབ་གླིང་སློབ་མའི་ཁྲུའུ་ཡི་ཁྲུའུ་ཀྲང་ལས་རོགས་དང་ཡིག་རིས་མཐུན་ཚོགས་ཀྱི་བློ་འདྲི་བ་དང་། ཀྲུང་གོའི་ཡིག་གཟུགས་སྒྱུ་རྩལ་སློབ་གསོ་སློབ་ཚོགས་ཀྱི་ཚོགས་མི། ཀོང་ཏུང་ཞིང་ཆེན་གྱི་ཡིག་གཟུགས་རྐྱང་པའི་མཐུན་ཚོགས་ཀྱི་ཚོགས་མི། ཀོང་ཏུང་ཞིང་ཆེན་གྱི་གཞོན་ནུ་དང་བླངས་པ། ཀོང་ཀྲོའུ་གྲོང་ཁྱེར་གཞོན་ནུ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ཀོང་པོ་ཡིག་གཟུགས་ཁང་གི་ཧྲེ་ཀྲང་བཅས་ཀྱི་འགན་བཞེས་བཞིན་ཡོད།
ཁྲེན་ཁྲང་ཧྥུན། ཕོ། སྤྱི་ལོ1941ལོར་ཧུའུ་ནན་ཞིང་ཆེན་ཧེང་དབྱང་གྲོང་ཁྱེར་དུ་སྐུ་འཁྲུངས་ཤིང་། སྐད་གྲགས་ཆེ་བའི་པར་བ་དང་། ཡིག་གཟུགས་རི་མོ་མཁས་ཅན། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བདུན་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོའི་སྒྱུ་རྩལ་པར་ལེན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་འགན་བཞེས་ཡོད།
བོད་ཀྱི་ཡིག་མཁན་ཆེན་མོ་ཁྱུང་བོ་གཡུ་ཁྲི་ནི་བསྟན་པ་སྔ་དར་དང་ཕྱི་དར་བར་གྱི་ཡིག་མཁན་ཆེན་མོ་ཞིག་ཡིན། ཁོང་གིས་དཀྱིལ་འཁོར་འབྲི་ལུགས་ཀྱི་ཐིག་ཚད་འགོད་ཕྱོགས་བཞིན་བོད་ཡིག་དབུ་ཅན་ལ་ཆ་ཚད་གཏན་འབེབས་གནང་སྟེ། བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་སྤྱིའི་ཆ་ནས་དེ་ལྟར་གནས་ཡོད།
ཀྲོའུ་ཞུན་ནི་སྤྱི་ལོ1929ལོའི་ཟླ8པར་འཁྲུངས་ཤིང་ཀོང་ཞི་ནན་ཉིང་གི་མི་ཡིན། ལོ་རབས50བར་ཧྭ་ནན་མི་དམངས་རྩོམ་རིག་སྒྱུ་རྩལ་སློབ་གླིང་གི་མཛེས་རྩལ་ཚན་ཁག་དང་ཀྲུང་ནན་མཛེས་རྩལ་ཆེད་ཚན་སློབ་གྲྭའི་རི་མོའི་ཚན་ཁག་ནས་སློབ་མཐར་ཕྱིན། རྗེས་སུ《ཞིན་ཅང་གི་རི་མོའི་ཚགས་པར》གྱི་རྩོམ་སྒྲིག་པའི་འགན་ཁུར།
ཁ་སྤུ་ཅན་ལེགས་བཤད་བཟོད་པ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་འཕན་པོ་ནཱ་ལེནྡྲའི་དགེ་འདུན་པ་ཡིན་ལ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་བོད་རང་སྐྱོངས་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པ་དང་བཅུ་གཅིག་པའི་ཨུ་ཡོན་དང་། ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པ་དང་བཅུ་གཅིག་པའི་ཨུ་ཡོན། འཕན་པོ་ལྷུན་གྲུབ་རྫོང་ཨུ་ཡོན་ལྷན་ཁང་སྐབས་དང་པོ་དང་གཉིས་པའི་ཨུ་ཡོན། བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། དཔལ་ནཱ་ལེནྡྲ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། བོད་ལྗོངས་འཕན་ཡུལ་རིག་གནས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་བློ་འདྲི་ཡུལ་དང་། གདན་ཞུའི་ཡིག་གཟུགས་སློབ་དཔོན་བཅས་ཡིན།
ཁོང་ནི་བོད་ལྗོངས་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ཚོགས་མི་དང་། ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཛེས་རྩལ་མཁས་ཅན་ལྷན་ཚོགས་ཀྱི་ཚོགས་མི། ཀྲུང་གོ་ཡིག་རིས་སྒྱུ་རྩལ་མཁས་པ་མཐུན་ཚོགས་ཀྱི་ཚོགས་མི། ཁྱུང་པོ་རྩེ་དྲུག་དགོན་གྱི་བཀའ་འགྱུར་གསེར་བྲིས་མའི་དབུ་མཛད། སྟེང་ཆེན་རྫོང་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་བཅས་ཡིན།
ཡིག་མཁན། བརྡ་འགྲེལ 22 ཡོད། |