ཀྲུའོ་པིའེ་ལིན།

ཁྲ་ལི•ཀྲུའོ་པིའེ་ལིན་ནི་དབྱིན་ཇིའི་གློག་བརྙན་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ། འཁྲབ་གཞུང་རྩོམ་མཁན་བཅས་ཡིན། ཁོང་ནི་དེང་རབས་ཀྱི་མིང་དུ་གྲགས་པའི་བཞད་གད་གློག་བརྙན་གྱི་སྒྱུ་རྩལ་པ་ཆེན་མོ་ཞིག་ཡིན་ལ། མི་ཚེ་གང་བོར་གློག་བརྙན་ཁག་དགུ་བཅུ་ལྷག་ཕབ་བསྐྲུན་བྱས་ཡོད།

རིགས་དབྱེ།  

དབྱི་ཞི།

དབྱི་ཞི་ནི་ཆའང་རིགས་ཀྱི་ན་གཞོན་འཁྲབ་འཁྲིད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་དམངས་ཁྲོད་སྒྱུ་རྩལ་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཚོགས་མི། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་ཆའང་རིགས་རིག་གནས་འཕེལ་རྒྱས་ཡར་སྐུལ་ཚོགས་པའི་གྲོས་འགོ་འདོན་མཁན་དང་ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་ཆའང་རིགས་རིག་གནས་བརྒྱུད་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན་དང་། ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་སྤྱིའི་བྱ་གཞག་པུའུ་ཡི་པུའུ་ཀྲང་གཞོན་པ་སོགས་ཀྱི་འགན་ཁུར་ཡོད།

རིགས་དབྱེ།  

ཨེལ་ཧྥུ་རེ་ཌི་ཧེ་ཆི་ཁོ་ཁི།

ཨེལ་ཧྥུ་རེ་ཌི་ཧེ་ཆི་ཁོ་ཁི་ནི(Alfred Hitchcock1899ལོའི་ཟླ8ཚེས13ཉིན-སྤྱི་ལོ1980ལོའི་ཟླ4ཚེས29ཉིན)དབྱིན་ཇིའི་ལོན་ཏོན་གྱི་གནམ་བདག་ཆོས་ལུགས་ལ་དད་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་པའི་འཁྲབ་ཁྲིད་པ་ཞིག་ཡིན།

རིགས་དབྱེ།  

མར་ཋིན་སི་ཁོར་སེ་སི།

མར་ཋིན་སི་ཁོར་སེ་སི་ནི((Martin Scorsese)སྤྱི་ལོ1942ལོ)ནི་ཨ་མའི་རི་ཁའི་གོང་མའི་ཁྱིམ་རྒྱུད་ཀྱི་གོས་བཀྲུ་ལས་བཟོ་བ་ཞིག་གི་ཁྱིམ་དུ་སྐྱེས་པའི་འཁྲབ་ཁྲིད་པ་ཞིག་ཡིན།

རིགས་དབྱེ།  

སི་ཏིས་ཝེན་སི་ཕོལ་བྷོར་གྷི།

སི་ཏིས་ཝེན་སི་ཕོལ་བྷོར་གྷི་ནི(Steven Allan Spielbergསྤྱི་ལོ1946)ནི་ཨ་རི་ནས་འཁྲུངས་པའི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན།

རིགས་དབྱེ།  

ཧོ་ཝར་ཌི་ཧོ་ཁི་སི།

ཧོ་ཝར་ཌི་ཧོ་ཁི་སི་ནི(Howard Winchester Hawks1896ལོའི་ཟླ5ཚེས30ཉིན—སྤྱི་ལོ1977ལོའི་ཟླ12ཚེས26ཉིན)ཨ་རི་ནས་སྐུ་འཁྲུངས་པའི་འཁྲབ་ཁྲིད་པ་ཞིག་ཡིན།

རིགས་དབྱེ།  

ཨོར་སོན་ཝེལ་སི།

ཨོར་སོན་ཝེལ་སི་ནི(Orson Wellesསྤྱི་ལོ1915ནས་སྤྱི་ལོ1985ལོ)ཝེ་སི་ཁིང་ཤིན་གླིང་དུ་ཕྱུག་པོའི་བུ་རུ་འཁྲུངས་པའི་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་ཞིག་ཡིན།

རིགས་དབྱེ།  

ཨིན་གི་མར་བྷོར་གི་མན།

ཨིན་གི་མར་བྷོར་གི་མན་ནི(Ernst Ingmar Bergmanསྤྱི་ལོ1918ལོའི་ཟླ7ཚེས14ནས་སྤྱི་ལོ2007ལོའི་ཟླ7ཚེས30ཉིན)སི་ཝེ་ཏན་ཝུའུ་ཕུའུ་ས་ལ་ནས་འཁྲུངས་པའི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན།

རིགས་དབྱེ།  

སི་ཐན་ལེ་ཁོ་བྷི་རེ་ཁི།

སི་ཐན་ལེ་ཁོ་བྷི་རེ་ཁི་ནི(Stanley Kubrickསྤྱི་ལོ1928ལོའི་ཟླ7ཚེས26ཉིན)ཨ་རིའི་ནིས་ཡོག་གྲོང་ཁྱེར་དུ་འཁྲུངས་པའི་ཨ་རིའི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན།

རིགས་དབྱེ།  

ཧན་ཧན།

ཧན་ཧན(སྤྱི་ལོ1982ལོའི་ཟླ9ཚེས23ཉིན)ནི་ཧྲང་ཧེ་གྲོང་ཁྱེར་ཅིན་ཧྲན་ཆུས་ཐིང་ལིན་གྲོང་རྡལ་ནས་འཁྲུངས། ཀྲུང་གོའི་རྩོམ་པ་པོ་དང་འཁྲབ་ཁྲིད་པ། རླངས་འཁོར་རྐྱལ་རྩལ་པ་བཅས་ཡིན།

རིགས་དབྱེ།  

ཕིན་ཐུ།

ཁོང་ནི(Harold Pinter CH,CBE)སྤྱི་ལོ1930ལོའི་ཟླ10བའི་ཚེས10ཉིན་ནས་སྤྱི་ལོ2008ལོའི་ཟླ12པའི་ཚེས24ཉིན་བར་འཚོ་བཞུགས་གནང་མྱོང་བའི་དབྱིན་ཇིའི་ཟློས་གར་རྩོམ་པ་པོ་དང་ཟློས་གར་ཁང་གི་འཁྲབ་ཁྲིད་པ་ཞིག་ཡིན་པ་དང་། དེའི་བརྩམས་ཆོས་ཁྲོད་དུ་གར་སྟེགས་ཟློས་གར་དང་རླུང་འཕྲིན། བརྙན་འཕྲིན། གློག་བརྙན་བཅས་ཀྱི་བརྩམས་ཆོས་ཚུད་ཡོད། ཁོའི་ཐོག་མའི་བརྩམས་ཆོས་ནི་མི་རྣམས་ཀྱིས་རྒྱུན་པར་ཁུངས་མེད་ཀྱི་ཟློས་གར་དུ་བསྡུ་བཞིན་ཡོད། སྤྱི་ལོ2005ལོར་ནོ་པེར་རྩོམ་རིག་བྱ་དགའ་ཐོབ།

རིགས་དབྱེ།  

ཀུ་ཨར•ཝེ་པིན་སི་ཅི།

ཀུ་ཨར•ཝེ་པིན་སི་ཅི་ནི་སྤྱི་ལོ1964ལོར་ཨ་རིའི་ཐེན་ནཱ་ཞི་མངའ་སྡེའི་ཤར་རྒྱུད་གྲོང་ཁྱེར་ཞང་ཧྲུའུ་ལིན་རུ་འཁྲུངས་ཤིང་། ཁོང་གི་ཡབ་ཕོ་ལན་གྱི་ཁྲག་རྒྱུད་ཅན་དེ་ནི་རྡུལ་ཕྲན་གྲོང་ཁྱེར”དུ་གྲགས་པའི་གྲོང་ཁྱེར་དེའི་དཀྱིལ་དབུས་སུ་ཆགས་པའི་ཞང་ཧྲུའུ་ལིན་རྒྱལ་ཁབ་ཚོད་ལྟ་ཁང་གི་ཉིང་རྡུལ་དངོས་ལུགས་བཟོ་བཀོད་པ་ཞིག་ཡིན།

རིགས་དབྱེ།  

ལའེ་ཨང་ནཱ་ཏོའུ•ཏི་ཁཱ་ཕུའུ་ལི་ཨའོ།

ལའེ་ཨང་ནཱ་ཏོའུ•ཏི་ཁཱ་ཕུའུ་ལི་ཨའོ་ནི་སྤྱི་ལོ1974ལོའི་ཟླ11པའི་ཚེས11ཉིན་ལ་ཨ་རིའི་ཅཱ་ལི་ཧྥུའུ་ནེ་ཡཱ་མངའ་སྡེའི་ལོའུ་ཧྲན་ཅི་གྲོང་ཁྱེར་དུ་སྐྱེས་པ་དང་། ཨ་རིའི་གློག་བརྙན་འཕྲིན་ལས་རིགས་ཁྲོད་ཀྱི་འཁྲབ་སྟོན་པ་དང་གློག་བརྙན་སྒྲིག་བཟོ་བ་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

ཀྲོའུ་ཞིན་ཁྲི།

ཀྲོའུ་ཞིན་ཁྲི་ནི་ཤང་ཀང་གི་གློག་བརྙན་ལོ་རྒྱུས་ཐོག་ཏུ་གོ་གནས་གལ་ཆེན་འཛིན་པའི་མི་སྣ་གྲགས་ཅན་དང་། ཤང་ཀང་དུ་དགའ་བསུ་ཆེས་ཐོབ་ཤས་ཀྱི་སྤྲོ་གར་གློག་བརྙན་འཁྲབ་སྟོན་པ་ཞིག་ཏུ་འགྱུར་སྲིད་པའི་གདེང་ཚོད་སུ་ལའང་ཡོད་མི་སྲིད། ཁོང་ནི་ཤང་ཀང་གི་གློག་བརྙན་འཕེལ་རྒྱས་ཀྱི་ཐད་དུ་ལོ་རྒྱས་ཀྱི་དོན་སྙིང་རང་བཞིན་ལྡན་པའི་མི་སྣ་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

རོ་བྷིར་ཐི•ཛི་མེ་ཁི་སི།

རོ་བྷིར་ཐི•ཛི་མེ་ཁི་སི་ནི་སྤྱི་ལོ1952ལོའི་ཟླ5པའི་ཚེས14ཉིན་ཨ་རིའི་གྲོང་ཁྱེར་ཧྲི་ཁ་གྷོ་རུ་སྐྱེས་ཤིང། ཨ་རིའི་འཁྲབ་ཁྲིད་པ། འཁྲབ་གཞུང་རྩོམ་མཁན། འཁྲབ་སྟོན་པ། གློག་བརྙན་ཕབ་སྐྲུན་པ་བཅས་ཡིན། འཐུས་ཚབ་བརྩམས་ཆོས་ལ《གཡུལ་ས》དང《ལྷོ་སྣེའི་མྱུར་འཁོར》སོགས་ཡོད།

རིགས་དབྱེ།  

ལྗེན་ལོ་ཁི་གྷོ་དྷར།

ལྗེན་ལོ་ཁི་གྷོ་དྷར་གྱི་ཕ་མ་གཉིས་ཀྱི་རྒྱལ་ཁོངས་ནི་ཧྥ་རན་སི་དང་སི་ཝེས་ཙེར་ཡིན་པས། ཁོའི་རྒྱལ་ཁོངས་ནི་ཧྥ་རན་སི་དང་སི་ཝེས་ཙེར་གཉིས་ལ་གཏོགས། ཁོང་ནི་སི་ཙེར་གྱི་གློག་བརྙན་འཁྲབ་ཁྲིད་པ་དང་གློག་བརྙན་དཔྱད་བརྗོད་པ་ཡིན་ཞིང་། ཧྥ་རན་སིའི་གློག་བརྙན་གྱི་རྦ་རླབས་གསར་བ་སྐུལ་འདེད་གཏོང་མཁན་གྱི་གྲས་ཤིག་ཡིན།

རིགས་དབྱེ།  

ཀྲང་ཡི་མོའུ།

ཀྲང་ཡི་མའོ་ནི་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཞིག་ཡིན། "འཁྲབ་ཁྲིད་པའི་མི་རབས་ལྔ་པ"ཡི་ཚབ་མཚོན་མི་སྣ་དང་པེ་ཅིང་ཨོའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དབུ་མཇུག་གི་མཛད་སྒོའི་སྤྱིའི་འཁྲབ་ཁྲིད་པ་ཡིན་ཞིང་། ཁོང་ལ་ཨ་རིའི་བྷོ་སི་ཐུན་སློབ་ཆེན་དང་ཡེལ་སློབ་ཆེན་གྱི་གཟི་ལྡན་འབུམ་རམས་པའི་མིང་བཏགས(荣誉博士学位)ཐོབ་ཡོད། ཁོང་གིས་ཕབ་པའི་གློག་བརྙན་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཐེངས་མང་ཐོབ་ཡོད་པ་དང་། དེང་དུས་ཀྲུང་གོའི་སྐམ་ས་ཆེན་མོའི་ཐོག་རྒྱལ་སྤྱིའི་ཤུགས་རྐྱེན་ཆེས་ཟབ་ཤོས་ཀྱི་འཁྲབ་ཁྲིད་པ་ཞིག་ཡིན།

རིགས་དབྱེ།  

ལྗེམ་ཟི•ཁཱ་མེ་རོན།

ལྗེམ་ཟི•ཁཱ་མེ་རོན། (James Francis Cameron) ནི་ཁ་ན་ཊའི་གྲགས་ཅན་གྱི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན། དྲག་རྩལ་དང་སྒྱུ་འཕྲུལ་གློག་བརྙན་ཕབ་སྐྲུན་བྱེད་པ་ལ་ཤིན་ཏུ་མཁས། ཁོང་གིས་འཁྲབ་ཁྲིད་གནང་བའི་གློག་བརྙན་ནི་ལོ་རེའི་འཆར་གཞི་དང་འཆར་དངུལ་བརྒལ་མོད། སྤྱི་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པས་ལྟ་མཁན་ཡང་ཤིན་ཏུ་མང་།

རིགས་དབྱེ།  

ཏཱ་ཝེ་ལི་འུན།

ཏཱ་ཝེ་ལི་འུན(David Lean)ནི་ལུན་ཏུན་གྲོང་ཁྱེར་ཉེ་འཁོར་གྱི་ཕལ་བའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཞིང་། དབྱིན་ཇིའི་གློག་བརྙན་འཁྲབ་ཁྲིད་པ་དང་དྲས་གཏུབས་མཁན། འཁྲབ་གཞུང་རྩོམ་པོ་དང་གློག་བརྙན་འཁྲབ་སྟོན་པ་བཅས་ཡིན།

རིགས་དབྱེ།  

ཧྥུའུ།

ཁོང་ནི(Dario Fo )སྤྱི་ལོ1926ལོའི་ཟླ3པའི་ཚེས24ཉིན་ནས་སྤྱི་ལོ2016ལོའི་ཟླ10བའི་ཚེས13ཉིན་བར་འཚོ་བཞུགས་གནང་མྱོང་བའི་དབྱི་ཐ་ལིའི་ཟློས་གར་རྩོམ་པ་པོ་དང་། ཟློས་གར་གྱི་འཁྲབ་ཁྲིད་པ་བཅས་ཡིན། སྤྱི་ལོ1997ལོར་ནོ་པེར་རྩོམ་རིག་བྱ་དགའ་ཐོབ། མཐར་སྤྱི་ལོ2016ལོའི་ཟླ10བའི་ཚེས13ཉིན་ཚེ་ལས་འདས།

རིགས་དབྱེ།  

བདུད་རྩི་སྐྱིད།

བདུད་རྩི་སྐྱིད། བོད་རིགས། བུད་མེད་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་འཁྲིད་པ། སྤྱི་ལོ2015ལོར་པེ་ཅིང་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གློག་བརྙན་འཁྲབ་ཁྲིད་སྡེ་ཁག་ནས་དངོས་གཞི་སློབ་མཐར་ཕྱིན།

རིགས་དབྱེ།  

ལི་མིང་།

ལི་མིང་ནི་ཤང་ཀང་གི་སྒྱུ་རྩལ་པ་དང་ཚོང་བ་ཞིག་ཡིན། སྤྱི་ལོ1966ལོར་པེ་ཅིན་ནས་སྐྱེས་ཤིང་། ལོ་བཞིའི་སྟེང་ཕ་མ་དང་མཉམ་དུ་ཤང་ཀང་ལ་སོང་ནས་གནས་བཅས། ལོ་བཅུ་བཞིའི་སྟེང་དབྱིན་ཇིར་སློབ་གཉེར་ལ་སོང་། སྤྱི་ལོ1986ལོ་ནས་གློག་བརྙན་གྱི་ལམ་ཁར་ཞུགས་ནས་དགའ་རྟགས་མང་པོ་བླངས་ཏེ་ལོ་སོ་ལྔའི་སྟེང་གསེར་རྟའི་བརྙན་རྗེ་གྱི་མིང་རྟགས་འཐོབ། གླུ་ཚིག་གསར་རྩོམ་དང་འཁྲབ་ཁྲིད་པ། ལྟ་སྐུལ་བ་སོགས་ཡོལ་ཕྱིའི་ལས་ཀ་ལ་དགའ་པོ་ཡོད། ཕྱོགས་སོ་སོའི་ཡོན་ཏན་གྱིས་ཁོང་གི་རྒྱ་རིགས་ནང་གི་སྐར་རྒྱན་མེ་ཏོག་གི་གོ་ས་ལ་བརྟན་གཡོ་མེད་པར་བཞུགས། ཁོ་ཡང་གནམ་རྒྱལ་བཞིའི་གྲས་ཀྱི་ལོ་ན་ཆེས་ཆུང་བ་ཡིན།

རིགས་དབྱེ།  

རྫོང་སར་འཇམ་དབྱངས་མཁྱེན་བརྩེ།

རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ནི་སྤྱི་ལོ1961ལོའི་ཟླ7པའི་ཚེས6ཉིན་འབྲུག་རྒྱལ་ཁབ་ཏུ་དགེ་ལུགས་དང་རྙིང་མ། འབྲུག་པ་བཀའ་བརྒྱུད་སོགས་ཀྱི་ཆོས་བརྒྱུད་སྣ་ཚོགས་འདུས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་སྐུ་འཁྲུངས། ཁོང་ཉིད་དགུང་ལོ་བདུན་ཐོག་ས་སྐྱ་གོང་མ། ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་གསུམ་གྱིས་ས་སྐྱ་བའི་བླ་མ་རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྤྲུལ་དུ་ངོས་བཟུང་ཞིང་ཁྲིར་འཁོད། ཁོང་གིས་སྙིང་རུས་ཆེན་པོས་ནང་པའི་སངས་རྒྱས་ཆོས་ལུགས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དགོངས་དོན་མཛད་ནས་མ་རུ་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད་པའི་སེམས་བསྐྱེད་ཆེན་པོས་འགྲོ་བ་ཀུན་ལ་མ་ཡུམ་ལྟར་བྱམས་ཤིང་བརྩེ་བས་འཛམ་གླིང་གི་ཕྱོགས་མཚམས་ཀུན་ན་མཚན་སྙན་ཡོངས་སུ་གྲགས།

རིགས་དབྱེ།  

ཁའེ་ལཱ•ནའེ་ཐུ་ལི།

ཁའེ་ལཱ•ནའེ་ཐུ་ལི་ནི་སྤྱི་ལོ1985ལོའི་ཟླ3པའི་ཚེས26ཉིན་དབྱིན་ཇིའི་སྨི་ཏུ་སའེ་ཁུ་སི་ཞེས་པར་སྐྱེས་ཤིང་། ཨོ་སི་ཁཱའི་གསེར་སྐུ་བྱ་དགའ་སོགས་ཀྱི་འོས་མིང་ཐོབ་མྱོང་བའི་དབྱིན་ཇིའི་བུད་མེད་འཁྲབ་སྟོན་པ་སྐད་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

ཏཱ་ཝེ·ལི་ཨུན།

ཏཱ་ཝེ•ལི་ཨུན་ནི་ལོན་ཏུན་གྲོང་ཁྱེར་ཉེ་འཁོར་གྱི་ཕལ་བའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཤིང་ཁོང་གི་ཡབ་ཆེན་ནི་རྩིས་པ་ཞིག་ཡིན། ལི་ཨུན་ཆུང་ངུའི་དུས་སུ་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པོ་མེད་པ་དང་འབྲི་ཀློག་གི་ནུས་པའང་ཧ་ཅང་ཞན་པའི་ཕྲུ་གུ་ཞིག་ཡིན།

རིགས་དབྱེ།  

ཧེ་ཙེ་མིང་།

ཧེ་ཙེ་མིང་ནི་དུས་རབས་ཉི་ཤུ་བའི་ཉི་ཧོང་གི་འཁྲབ་ཁྲིད་པ་གྲགས་ཅན་དང་འཁྲབ་གཞུང་རྩོམ་པ་པོ་ཞིག་ཡིན། མི་རྣམས་ཀྱིས་ཁོང་ལ་གློག་བརྙན་གྱི་གནམ་བསྐོས་གོང་མ་ཞེས་འབོད། དང་ཐོག་འདིར་སུན་འབྱིན་གྱི་དོན་ཡོད་དེ། ཁོང་གིས་འཁྲབ་སྟོན་ལ་མཛུབ་སྟོན་བྱེད་དུས་ནན་ཏན་ཆེ་དྲགས་པ་དང་བཙན་དབང་སྒེར་གཅོད་ལ་གོ་བ་ཡིན་མོད། ཕྱིས་སུ་འདི་ནི་ཡང་དག་པའི་བསྟོད་ཚིག་ཅིག་ཏུ་གྱུར་བ་ཡིན།

རིགས་དབྱེ།  

ཁྲ་ལི·ཀྲོའུ་པིའེ་ལིན།

ཁྲ་ལི•ཀྲོའུ་པིའེ་ལིན་ནི་སྤྱི་ལོ1889ལོར་ལོན་ཏོན་ལྷོ་ཕྱོགས་ཀྱི་སྒྱུ་རྩལ་འཁྲབ་སྟོན་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཕ་མ་གཉིས་ཀ་ནི་སྒྱུ་རྩལ་པ་ཡིན། ཁོ་རང་ཆུང་ཆུང་བྱིས་པའི་དུས་སུ་ཕ་མ་གཉིས་དང་ཁ་བྲལ་བས། ཀྲོའུ་པིའེ་ལིན་དང་གཅེན་པོ་ཞུའེ་ནེ•ཀྲོའུ་པིའེ་ལིན་གཉིས་ཀྱིས་ཨ་མ་དང་མཉམ་དུ་འཚོ་བ་བསྐྱལ། སྤྱི་ལོ1896ལོར་ཀྲོའུ་པིའེ་ལིན་གྱི་ཨ་མའི་ལས་ཀ་ཤོར་བ་དང་གཅེན་གཅུང་གཉིས་ལོན་ཏོན་ལན་པའེ་སི་ཁུལ་གྱི་གཅུན་འདོམས་ཁང་དུ་བསྐྱལ། དེ་ནས་ཡང་གཟའ་འཁོར་འགའི་རྗེས་སུ་དྭ་ཕྲུག་གསོ་ཉར་བྱེད་པའི་སློབ་གྲྭ་ཞིག་ཏུ་བསྐྱལ་བ་རེད།

རིགས་དབྱེ།  

ཀྲང་དབྱི་མོའུ།

ཀྲང་དབྱི་མོའུ་ནི་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཞིག་ཡིན། འཁྲབ་ཁྲིད་པའི་མི་རབས་ལྔ་བ་ཡི་ཚབ་མཚོན་མི་སྣ་དང་པེ་ཅིང་ཨོ་ལིན་ཕེ་ལུས་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྤྱིའི་འཁྲབ་ཁྲིད་པ་ཡིན་ཞིང་། ཁོང་ལ་ཨ་རིའི་པོ་ཧྲི་ཏུན་སློབ་ཆེན་གྱི་གཟི་ལྡན་འབུམ་རམས་པའི་བསླབ་གནས་ཐོབ་ཡོད། ཁོང་གིས་ཕབ་པའི་གློག་བརྙན་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཐེངས་མང་པོར་ཐོབ་པ་དང་། དེང་དུས་ཀྲུང་གོའི་སྐམ་ས་ཆེན་མོའི་ཐོག་རྒྱལ་སྤྱིའི་ཤུགས་རྐྱེན་ཆེས་ཟབ་ཤོས་ཀྱི་འཁྲབ་ཁྲིད་པ་ཞིག་ཡིན།

རིགས་དབྱེ།  

ལོའུ་པོ་ཐུ•ཙེ་སྨི་ཅི་སི།

ལོའུ་པོ་ཐུ•ཙེ་སྨི་ཅི་སི་ནི་སྤྱི་ལོ1952ལོའི་ཟླ5པའི་ཚེས14ཉིན་ཨ་རིའི་གྲོང་ཁྱེར་ཀྲི་ཅཱ་ཀུ་རུ་སྐྱེས་ཤིང། ཁོང་དེར་ལོ་ངོ་བཅོ་བརྒྱད་ཙམ་དུ་འཚོ་བ་བསྐྱལ་རྗེས་རང་ཉིད་ཀྱི་གློག་བརྙན་གྱི་ལམ་དུ་ཆས་མགོ་བརྩམས། ཁོ་རང་ཐོག་མའི་རེ་འདུན་ལྟར་ལྷོ་ཅཱ་ལི་ཧྥུའུ་ནེ་ཡཱ་གློག་བརྙན་སློབ་གླིང་དུ་རྒྱུགས་འཕྲོད། དེ་ནི་ལོའུ་པོ་ཐུ•ཙེ་སྨི་ཅི་སི་ཡི་གཞོན་དུས་ཀྱི་ཕུགས་བསམ་ཡིན། འོན་ཀྱང་ཁོང་གིས་རེ་འདུན་ཞུ་ཡིག་ཐེངས་གཉིས་ལ་ཕུལ་ཀྱང་ཆོག་མཆན་མ་ཐོབ་པས་མཐར་ལྷོ་ཅཱ་ལི་ཧྥུའུ་ནེ་ཡཱའི་ཡན་ལག་སློབ་གླིང་དུ་བསྐྱོད་དགོས་བྱུང་བ་མ་ཟད། སློབ་སྦྱོང་གི་ལས་འགན་ལེགས་འགྲུབ་མ་བྱས་པར་འཁྲབ་ཁྲིད་པའི་ལམ་དུ་ཆས།

རིགས་དབྱེ།  

ཧྥུའུ་ལང་ཞི་སི•ཧྥུའུ་ཐི•ཁུ་པའོ་ལཱ།

ཧྥུའུ་ལང་ཞི་སི• ཧྥུའུ་ཐི• ཁུ་པའོ་ལཱ་ནི་གློག་བརྙན་ལས་རིགས་ཁྲོད་སྐད་གྲགས་ཆོད་པའི་འཁྲབ་ཁྲིད་པ་ཆེན་པོ་ཞིག་ཡིན་པ་དང་སྤྱི་ལོ1939ལོར་ཨ་རིའི་ཏེ་ཐུ་ལུའེ་དུ་དབྱི་ཐ་ལི་ནས་གནས་སྤོས་ཡོང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཡབ་ནི་རོལ་མོ་བཀོད་འདོམས་པ་དང་རོལ་མོ་རྩོམ་མཁན་ཞིག་ཡིན།

རིགས་དབྱེ།