ཀུ་ཨར•ཝེ་པིན་སི་ཅི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀུ་ཨར•ཝེ་པིན་སི་ཅི།
ཀུ་ཨར•ཝེ་པིན་སི་ཅི་ནི་སྤྱི་ལོ1964ལོར་ཨ་རིའི་ཐེན་ནཱ་ཞི་མངའ་སྡེའི་ཤར་རྒྱུད་གྲོང་ཁྱེར་ཞང་ཧྲུའུ་ལིན་རུ་འཁྲུངས་ཤིང་། ཁོང་གི་ཡབ་ཕོ་ལན་གྱི་ཁྲག་རྒྱུད་ཅན་དེ་ནི་རྡུལ་ཕྲན་གྲོང་ཁྱེར”དུ་གྲགས་པའི་གྲོང་ཁྱེར་དེའི་དཀྱིལ་དབུས་སུ་ཆགས་པའི་ཞང་ཧྲུའུ་ལིན་རྒྱལ་ཁབ་ཚོད་ལྟ་ཁང་གི་ཉིང་རྡུལ་དངོས་ལུགས་བཟོ་བཀོད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
戈尔•维宾斯基
ཕྱི་ཡིག་གི་མིང་།
Gregor Verbinski
སྐྱེས་ལོ།
1964-03-16
རྒྱལ་ཁབ།
ཨ་རི།
སྐྱེས་ཡུལ།
ཨ་རིའི་ཐེན་ནཱ་ཞི་མངའ་སྡེ།
ལས་རིགས།
སྒྱུ་རྩལ་པ། འཁྲབ་སྟོན་པ། འཁྲབ་ཁྲིད་པ།
མཐར་ཕྱིན་སློབ་གྲྭ།
ཅཱ་ལི་ཧྥུའུ་ནེ་ཡཱ་སློབ་ཆེན་གྱི་གློག་བརྙན་སློབ་གླིང་།
འཐུས་ཚབ་བརྩམས་ཆོས།
《ཅཱ་ལུ་པེ་མཚོ་ཇག་ཁག་གཉིས་པ། གཤིན་པོའི་ནོར་མཛོད》《ཅཱ་ལུ་པེ་མཚོ་ཇག འཇིག་རྟེན་གྱི་མཐའ》སོགས།
གྲུབ་འབྲས་གཙོ་བོ།
《ད་བྱིད་ལན་ཀུ》དང《དཔའ་བོ་ཁེར་འགྲོ》《ཉེན་ཆེའི་སྙིང་གྲོགས》《ཙི་གུ་འཛིན་པ》《ཅཱ་ལི་པི་མཚོ་ཇག》སོགས།
1 ངོ་སྤྲོད་མདོར་བསྡུས།

ཀུ་ཨར·ཝེ་པིན་སི་ཅི་ནི་སྤྱི་ལོ1964ལོར་ཨ་རིའི་ཐེན་ནཱ་ཞི་མངའ་སྡེའི་ཤར་རྒྱུད་གྲོང་ཁྱེར་ཞང་ཧྲུའུ་ལིན་རུ་འཁྲུངས་ཤིང་། ཁོང་གི་ཡབ་ཕོ་ལན་གྱི་ཁྲག་རྒྱུད་ཅན་དེ་ནི་“རྡུལ་ཕྲན་གྲོང་ཁྱེར”དུ་གྲགས་པའི་གྲོང་ཁྱེར་དེའི་དཀྱིལ་དབུས་སུ་ཆགས་པའི་ཞང་ཧྲུའུ་ལིན་རྒྱལ་ཁབ་ཚོད་ལྟ་ཁང་གི་ཉིང་རྡུལ་དངོས་ལུགས་བཟོ་བཀོད་པ་ཞིག་ཡིན། རྗེས་སུ་ཁྱིམ་མི་རྣམས་ཅཱ་ལི་ཧྥུའུ་ནེ་ཡཱ་ས་ཁུལ་དུ་གནས་སྤར། ཀུ་ཨར•ཝེ་པིན་སི་ཅི་ནི་བུ་ཕྲུག་བཞིའི་ནང་གི་གསུམ་པ་ཡིན་པ་དང་། སྔ་རྗེས་སུ་ཏོའུ་ལི་སུང་སློབ་ཆུང་དང་མུའུ་ལན་ཏཱ་དམའ་འབྲིང་། ལཱ་ཧུ་ཡཱར་མཐོ་རིམ་སློབ་འབྲིང་བཅས་དང་སྙན་གྲགས་ཀྱི་བ་དན་གཡོ་བའི་ཅཱ་ལི་ཧྥུའུ་ནེ་ཡཱ་སློབ་ཆེན་གྱི་གློག་བརྙན་སློབ་གླིང་དུ་སློབ་གཉེར་བྱས། ཀུ་ཨར•ཝེ་པིན་སི་ཅི་ནི་དེ་སྔོན་མིང་གྲགས་དེ་ཙམ་མེད་པའི་ཕེང་ཁུ་སྐྱོམ་གཞས་རོལ་ཚོགས་ཀྱི་པི་ཝང་རྒྱུད་དྲུག་མ་དཀྲོལ་མཁན་ཞིག་ཡིན་ལ། ཚོགས་མི་འགའ་དང་ལྷན་དུ་བརྙན་ཐུང་འཕབ་མགོ་བཙུགས། ཟེར་སྒྲོས་ལྟར་ན་ཁོང་གིས་དེ་སྔོན་རང་ཉིད་ཀྱི་པི་ཝང་རྒྱུད་དྲུག་མ་དེ་བཙོངས་པས་གཞི་ནས་ཧའོ་སྨི་བརྒྱད་ལས་བརྒལ་བའི་བརྙན་ལེན་ཆས་ཐོག་མ་དེ་བརྗེས་ཡོང་བར་བཤད།

ཀུ་ཨར•ཝེ་པིན་སི་ཅི་གྱི་འཁྲབ་ཁྲིད་པའི་བྱ་གཞག་ནི་རོལ་མོའི་བརྙན་འབེབས་སྤྱིན་ཤོག་དང་བརྡ་ཁྱབ་ཐད་ནས་གོམ་པ་དངོས་སུ་སྤོ་འགོ་ཚུགས་པ་རེད། ཁོང་གིས་དེ་སྔBad Religion དང24-7Spyz དེ་བཞིནMonster Magnetརོལ་ཚོགས་སོགས་ལ་རོལ་མོའི་བརྙན་ཕབ་སྤྱིན་ཤོག་བརྙན་ཐུང་ཕབ་ལེན་བྱས་མྱོང་ལ། བརྡ་ཁྱབ་ཐད་ཚོང་རྟགས་ཆེན་པོ་ནའེ་ཁེ་དང་ཁུ་ཁོའུ་ཁུ་ལུ། ཅཱ་ནེང་། འཇའ་ཚོན་བྱེ་རིལ། པའེ་ཝེ་སྦི་རག དེ་བཞིན་ཨ་རིའི་མཉམ་འབྲེལ་མཁའ་བསྐྱོད་སོགས་དང་མཉམ་ལས་མཛད་མྱོང་། ཁྱད་འཕགས་ཀྱི་ཤེས་ཡོན་ལྡན་པས་ཁོང་ཉིད་ལ“བརྡ་ཁྱབ་ཁོངས་ཀྱི་ཨོ་ཟི་ཁཱ”ཁེ་ལི་ཨའོ་ཡི་བརྡ་ཁྱབ་བྱ་དགའ་ཐེངས་བཞི་ཐོབ་ལ། ཅཱ་ནཱ་བརྡ་ཁྱབ་དངུལ་སེང་བྱ་དགའ་སོགས་ཐོབ།

སྤྱི་ལོ1997ལོའི་བརྩམས་ཆོས《ཙི་གུ་འཛིན་པ》མ་ཐོན་གོང་ན། ཀུ་ཨར•ཝེ་པིན་སི་ཅི་གྱིས་མིང་དུ《གུས་སྲོལ་མཛད་སྒོ》བྱ་བའི་བརྙན་ཐུང་ཞིག་རང་གིས་བརྩམས་ཤིང་རང་གིས་འཁྲབ་ཁྲིད་བྱས། དགོད་བྲོའི་གློག་བརྙན་ནག་པོ་སྟེ《ཙི་གུ་འཛིན་པ》ཡིས་གྲགས་ཐེངས་གཅིག་གིས་མི་ཚང་མ་ཧ་ལས་པ་བཟོས་པས་ཀུ་ཨར•ཝེ་པིན་སི་ཅི་ལ་གྲགས་ཅན་མི་སྣ་གཉིས་དང《ཉེན་ཆེའི་སྙིང་གྲོགས》མཉམ་ལས་བྱེད་པའི་གོ་སྐབས་བྱུང་ལ། བརྙན་འཕྲིན་དེའི་མ་རྩ་ཨ་སྒོར་བྱེ་བ་གསུམ་དང་ས་ཡ་བརྒྱད་ཀྱིས་འཛིན་ཁེའི་ཡོངས་འབབ་ཨ་སྒོར་བྱེ་བ་དྲུག་དང་ས་ཡ་བརྒྱད་ལ་བརྗེས་འོང་བ་རེད། དེ་ནི་ལེགས་འགྲུབ་བྱུང་མེད་ཅེས་བཤད་མི་ཐུབ་ཀྱང་། འཁྲབ་སྟོན་པའི་རེའུ་མིག་ནང་གི་པུའུ་ལཱ་ཏུ་ཕེ་ཐུ་དང་ཀྲུའུ་ལི་ཡཱ་ལོའུ་པོ་ཚི་ལྟ་བུའི་མིང་གྲགས་ཅན་དང་བསྡུར་ན། མཐའ་མཇུག་གི་གྲུབ་འབྲས་དེས་མི་རྣམས་ཀྱི་བློ་ཡིད་ཚིམས་དཀའ་བར་གྱུར།

སྤྱི་ལོ2002ལོ་སླེབས་སྐབས་སུ་འཇར་པན་གྱི་འཇིགས་སྐུལ་གློག་བརྙན་གྲགས་ཅན《ནམ་གུང་གི་ཅོང་སྒྲ》བསྐྱབ་ཕབ་བྱས་པ་དེས་འཛམ་གླིང་ཡོངས་ནས་ཨ་སྒོར་དུང་ཕྱུར་གཉིས་ཀྱི་ཡོངས་འབབ་བྱུང་བས། འཁྲབ་ཁྲིད་ཆེན་མོའི་རང་གཤིས་དེ་ཐོག་མར་མངོན་པར་བྱས། དེའི་རྗེས་སུ་གློག་བརྙན《དུས་ཀྱི་འཁོར་ལོ》ཕབ་ལེན་གྱི་མཇུག་མཐའི་ཉིན་བཅོ་བརྒྱད་རིང་། ཐོག་མའི་འཁྲབ་ཁྲིད་པ་ཞི་མེང་ཝེ་ཨར་སིར་ངལ་བ་ཆེ་དྲགས་པའི་རྐྱེན་གྱིས་འགན་འཛིན་མ་ཐུབ་པས། ཀུ་ཨར•ཝེ་པིན་སི་ཅི་གདན་འདྲེན་ཞུས་ནས་གནས་སྐབས་ཀྱི་དཀའ་ལས་བསལ་བ་རེད།

ཅུང་མ་འགོར་བར་ཀུ་ཨར•ཝེ་པིན་སི་ཅི་གོ་ལ་ཧྲིལ་པོར་ཨ་སྒོར་དུང་ཕྱུར་དྲུག་གི་ཡོངས་འབབ་ལྡན་པའི་གློག་བརྙན《ཅཱ་ལི་པི་མཚོ་ཇག མུ་ཏིག་ནག་པོའི་རྟགས་ཀྱི་དམོད་མོ》ལ་འཁྲབ་ཁྲིད་བྱས། པ་སེ་བྲིན་ཞིང་དཔྱད་གཏམ་པ་ཚོགས་ཀྱང་གློག་བརྙན་དེར་ལྟ་རྒྱུར་ཤིན་ཏུ་དགའ་ལ། གོ་ལའི་གཡུལ་ཆེན་ལ་དུངས་མཁན་དང་སྟོབས་ལྡན་ལ་དགའ་མཁན་ལས་ཀྱང་རྒྱ་ཆེ་ཞིང་ཚབས་ཆེ་བའི་མཚོ་ཇག་ལ་དགའ་མཁན་གྱི་ཁྱུ་ཚོགས་ཤིག་གྲུབ། ཁོ་ཚོའི་རེ་སྒུག་དང་རྒྱབ་སྐྱོར་འོག་སྤྱི་ལོ2006ལོ་དང་སྤྱི་ལོ2007ལོར་བསྟན་པའི་འཁྲབ་ཚན་མཐུད་མ《ཅཱ་ལི་པི་མཚོ་ཇག་ཁག་གཉིས་པ། གཤིན་པོའི་ནོར་མཛོད》དང《ཅཱ་ལི་པི་མཚོ་ཇག་ཁག་གསུམ་པ། འཇིག་རྟེན་གྱི་མཐའ》གཉིས་ཀས་པ་སེ་བྲིན་ཚད་ཀྱི་ཟིན་ཐོ་གཅིག་རྗེས་གཉིས་མཐུད་ཀྱིས་གསར་དུ་བཏོད། དེ་གཉིས་ཀྱི་འཛམ་གླིང་ཡོངས་ཀྱི་པ་སེ་བྲིན་ཚད་སོ་སོ་ནི་ཨ་སྒོར་དུང་ཕྱུང10དང་དུང་ཕྱུར9.57ལོན།

དེའི་བར་ལ་ཀུ་ཨར•ཝེ་པིན་སི་ཅི་གྱིས་ནེ་ཁུ་ལཱ་སི་ཁའེ་ཅེ་དང་མའེ་ཁུ་ཨར་ཁའེ་ཨུན་གཉིས་ཀྱིས་གཙོ་འཁྲབ་བྱས་པའི་རིག་རྩལ་གློག་བརྙན《གནམ་གཤིས་སྔོན་བརྡ་བ》ཅེས་པར་འཁྲབ་ཁྲིད་བྱས། མ་གཞི་དཔྱད་གཏམ་པ་མང་པོའི་ཁས་ལེན་ཐོབ་ཀྱང་། པ་སེ་བྲིན་ཚད་ཉུང་དུ་སོང་བ་རེད། ཀུ་ཨར•ཝེ་པིན་སི་ཅི་ནི་མི་ཉམ་ཆུང་ཞིག་ཡིན་པས། སྨྱན་གཟུགས་ཀྱིས་ཁོང་གི་མི་སྒེར་གྱི་འཚོ་བར་སུན་པོ་བཟོ་མི་འདོད་པ་རེད། དུས་ད་ཆ་ཁོང་ནི་བཟའ་ཟླ་དང་བུ་ཆུང་གཉིས་ཁྲིད་ནས་ལོའུ་ཧྲན་ཅེ་རུ་བཞུགས་ཡོད།

2 གྲུབ་འབྲས་གཙོ་བོ།

སྤྱི་ལོ2011ལོར། 《ད་བྱིད་ལན་ཀུ》

སྤྱི་ལོ2010ལོར། 《ལྕགས་རིགས་ལྗིད་པོ》

སྤྱི་ལོ2013ལོར། 《དཔའ་བོ་ཁེར་འགྲོ》

སྤྱི་ལོ2005ལོར། 《གནམ་གཤིས་སྔོན་བརྡ་བ》

སྤྱི་ལོ2000ལོར། 《ནམ་གུང་གི་ཅོང་སྒྲ》

སྤྱི་ལོ2001ལོར། 《ཉེན་ཆེའི་སྙིང་གྲོགས》

སྤྱི་ལོ1997ལོར། 《ཙི་གུ་འཛིན་པ》

སྤྱི་ལོ2003ལོར། 《ཅཱ་ལི་པི་མཚོ་ཇག མུ་ཏིག་ནག་པོའི་རྟགས་ཀྱི་དམོད་མོ》

སྤྱི་ལོ2006ལོར། 《ཅཱ་ལི་པི་མཚོ་ཇག་ཁག་གཉིས་པ། གཤིན་པོའི་ནོར་མཛོད》

སྤྱི་ལོ2007ལོར། 《ཅཱ་ལི་པི་མཚོ་ཇག་ཁག་གསུམ་པ། འཇིག་རྟེན་གྱི་མཐའ》

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-12

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།