ཀྲུའོ་པིའེ་ལིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུའོ་པིའེ་ལིན།
ཁྲ་ལི•ཀྲུའོ་པིའེ་ལིན་ནི་དབྱིན་ཇིའི་གློག་བརྙན་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ། འཁྲབ་གཞུང་རྩོམ་མཁན་བཅས་ཡིན། ཁོང་ནི་དེང་རབས་ཀྱི་མིང་དུ་གྲགས་པའི་བཞད་གད་གློག་བརྙན་གྱི་སྒྱུ་རྩལ་པ་ཆེན་མོ་ཞིག་ཡིན་ལ། མི་ཚེ་གང་བོར་གློག་བརྙན་ཁག་དགུ་བཅུ་ལྷག་ཕབ་བསྐྲུན་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
查理•卓别林
ཕྱི་ཡིག་གི་མིང་།
Charlie Chaplin
མཚན་ཧྲིལ་བོ།
ཁྲ་ཨེར་སི•སི་པིན་སའེ•ཀྲུའོ་པིའེ་ལིན།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1889.4.16-1977.12.25)
རྒྱལ་ཁབ།
དབྱིན་ཇི།
ལས་རིགས།
འཁྲབ་སྟོན་པ། འཁྲབ་ཁྲིད་པ།
འཐུས་ཚབ་བརྩམས་ཆོས།
《གསེར་བརྐོ་ཡི་ཟིན་ཐོ》《གྲོང་ཁྱེར་གྱི་གཟི་མདངས》《དེང་རབས་ཅན་གྱི་དུས་རབས》
བྱས་རྗེས་གཙོ་བོ།
ཁོང་གི་མི་ཚེ་གང་བོར་གློག་བརྙན་ཁག་དགུ་བཅུ་ལྷག་ཕབ་བསྐྲུན་བྱས་པ།
གོ་གནས།
དེང་རབས་ཀྱི་མིང་དུ་གྲགས་པའི་བཞད་གད་གློག་བརྙན་གྱི་སྒྱུ་རྩལ་པ་ཆེན་མོ།
1 ​ངོ་སྤྲོད།

ཁྲ་ཨེར་སི•སི་པིན་སའེ•ཀྲུའོ་པིའེ་ལིན་ནི(1889-1977)གཅེས་མིང་ལ་ཁྲ་ལི་ཟེར། དེང་རབས་ཀྱི་མིང་དུ་གྲགས་པའི་བཞད་གད་གློག་བརྙན་གྱི་སྒྱུ་རྩལ་པ་ཆེན་མོ་སྟེ། ཁོང་ནི་ལྷན་སྐྱེས་ནས་འཁྲབ་སྟོན་ལ་མཁས་པར་མ་ཟད། རྩོམ་པ་པོ་དང་འཁྲབ་ཁྲིད་པ་ཡང་ཡིན། ཁོང་གི་མི་ཚེ་གང་བོར་གློག་བརྙན་ཁག་དགུ་བཅུ་ལྷག་ཕབ་བསྐྲུན་བྱས་ཤིང་། ཚབ་བྱེད་བརྩམས་ཆོས་ལ《གསེར་བརྐོ་ཡི་ཟིན་ཐོ》 《གྲོང་ཁྱེར་གྱི་གཟི་མདངས》 《དེང་རབས་ཅན་གྱི་དུས་རབས》སོགས་ཡོད།

ཀྲུའོ་པིའེ་ལིན་ནི་བཞད་གར་གྱི་སྒྱུ་རྩལ་པ་ཆེན་མོ་ཞིག་ཡིན་པའི་ཆ་ནས་རྩེད་མཚར་ལ་བརྟེན་ནས་ཟུར་ཟ་བྱེད་པ་ནི་ཁོང་གི་ཁྱད་ཆོས་ཡིན། ཉེས་སྐྱོན་ལ་ཟུར་ཟ་བྱེད་པའི་བརྒྱུད་རིམ་ལས་ཀྲུའོ་པིའེ་ལིན་གྱིས་མིའི་རིགས་ལ་བཅངས་པའི་བརྩེ་སེམས་མཚོན་ཡོད། ཁོང་ནི་གཟབ་ནན་ཡིན་ལ་དགོད་བྲོ་བ་ཞིག་ཀྱང་ཡིན། ཁོང་གིས་དེ་གཉིས་གང་ལེགས་སྒོས་ལྷན་དུ་སྦྲེལ་བས་ཁོང་གི་བཞད་གར་དེ་ཡང་གད་མོ་སློང་བའི་བརྙན་གར་ཐ་མལ་དེ་དག་ལས་བརྒལ་ནས་སྒྱུ་རྩལ་གྱི་མཐོ་སར་འགྲིམས།

མིང་དུ་མ་གྲགས་པའི་ཡར་སྔོན་གྱི་ཀྲའོ་པིའེ་ལིན་ནི་ལུན་ཏུན་གྱི་བྱིས་པ་སྤྲང་བོ་ཞིག་ཡིན། ཀྲའོ་པིའེ་ལིན་ནི་འཁྲབ་སྟོན་པའི་ཁྱིམ་ཞིག་ཏུ་སྐྱེས་ལ། ཨ་ཕ་ནི་ཆང་རྐྱལ་ཞིག་ཡིན། ཁོང་ཆུང་དུས་སུ་ཕ་མ་གཉིས་ཀ་བཟའ་འཐོར་བྱས་ཤིང་ཁོ་རང་ཨ་མ་དང་མཉམ་དུ་འཚོ་བ་རོལ།

ཀྲའོ་པིའེ་ལིན་ནི་ལོ་ལྔའི་སྟེང་ཨ་མའི་མགྲིན་པ་འགགས་ནས་འཁྲབ་སྟོན་བྱེད་མ་ཐུབ་པས་འཚོ་བ་ཧ་ཅང་དཀའ་སྡུག་གི་གནས་སུ་ལྷུང་། དེའི་ཕྱིར་ཀྲའོ་པིའེ་ལིན་གྱིས་ཨ་མའི་ཚབ་ལ་འཁྲབ་སྟོན་བྱས། ཐེངས་དེའི་འཁྲབ་སྟོན་ལེགས་འགྲུབ་བྱུང་ཞིང་། ཁོང་ཡང་རང་གི་གར་སྟེགས་ཀྱི་འཚོ་བར་ཞུགས། ཁོང་ཐེངས་མང་པོར་འཁྲབ་སྟོན་ལ་ཞུགས་པ་དང་མི་སྣ་མི་འདྲ་བ་མང་པོ་འཁྲབ། ཁ་ཨེར་ནོ་ཡ་ལྐུགས་པ་ཟློས་གར་ཚོགས་པར་ཞུགས་རྗེས། ཀྲའོ་པིའེ་ལིན་གྱིས《བྱ་ལྐུག་པ》སོགས་ཀྱི་ཁྲོད་དུ་མི་སྣ་གཙོ་བོ་འཁྲབ་ནས་ལེགས་འགྲུབ་ཆེན་པོ་བྱུང་ཞིང་། རྗེས་སུ་ཨ་མེ་རི་ཁའི་ས་ཆ་སོ་སོར་འཁྲབ་སྟོན་བྱས་ནས་ཁོང་གི་སྙན་གྲགས་ཧ་ཅང་རྒྱས། 1914ལོར་ཁོང་ཉིད་གློག་བརྙན་ཕབ་བསྐྲུན་གྱི་འཚོ་བར་ཞུགས།

2 གྲོགས་པོའི་རྩེད་མཚར་དང་སྐུལ་མ།

ཨའེ་དབྱིན་སི་ཐེན་དང་ཀྲུའོ་པིའེ་ལིན་གཉིས་གྲོགས་པོ་ཡིན། ཁོང་ཉིད་ཀྲུའོ་པིའེ་ལིན་གྱི་གློག་བརྙན་ལ་བལྟ་རྒྱུར་ཧ་ཅང་དགའ། ཀྲུའོ་པིའེ་ལིན་མིང་དུ་མ་གྲགས་གོང་། ཨའེ་དབྱིན་སི་ཐེན་གྱིས་ཁོང་ལ་ཡི་གེ་ཐེངས་མང་པོ་བསྐུར། ཐེངས་ཤིག་ཁོང་གིས་བསྐུར་ཡིག་ལས་འདི་ལྟར་བྲིས་ཡོད་དེ། ཁྱེད་ཀྱིས་འཁྲབ་པའི《གསེར་བརྐོ་ཡི་ཟིན་ཐོ》དེ་ནི་མི་སུས་ཀྱང་ཧ་གོ་ཐུབ་པས། ཁྱོད་རྗེས་ཕྱོགས་སུ་མི་མིང་གྲགས་ཅན་ཞིག་ཏུ་འགྱུར་ངེས། ཀྲའོ་པིའེ་ལིན་གྱིས་ཡིག་ལན་དུ། ངས་ཁྱོད་ལ་དེ་བས་ཀྱང་ཡི་རངས་བྱེད་བཞིན་ཡོད། ཁྱེད་ཀྱི་ལྟོས་བཅོས་སྨྲ་བ་དེའི་ནང་དོན་རྟོགས་མཁན་ཉུང་ནའང་ཁྱེད་མི་མིང་གྲགས་ཅན་ཞིག་ཏུ་གྱུར་པ་མ་ཡིན་ནམ་ཞེས་ཀུ་རེའི་ཚུལ་དུ་བྲིས་སོ།།

3 བྱ་དགའི་ཟིན་ཐོ།

1.ཨོ་སི་ཁཱའི་གསེར་སྐུའི་བྱ་དགའ།

1973ལོར། དབྱངས་སྦྱར་ཆེས་ལེགས་ཤོས(ཟློས་གར་གྱི་རིགས)ཀྱི་བྱ་དགའ་ཐོབ་པ།

1972ལོར། གཟི་བརྗིད་མཚན་སྙན་གྱི་བྱ་དགའ་ཐོབ་པ།

1948ལོར། མ་རྩོམ་འཁྲབ་གཞུང་ཆེས་ལེགས་ཤོས་ཀྱི་གྲས་སུ་བདམས་པ།

1941ལོར། མ་རྩོམ་འཁྲབ་གཞུང་ཆེས་ལེགས་ཤོས་ཀྱི་གྲས་སུ་བདམས་པ།

1941ལོར། སྐྱེས་པའི་གཙོ་འཁྲབ་པ་ཆེས་ལེགས་ཤོས་ཀྱི་གྲས་སུ་བདམས་པ།

1929ལོར། གཟི་བརྗིད་མཚན་སྙན་གྱི་བྱ་དགའ་ཐོབ་པ།

2.དབྱིན་ཇིའི་གློག་བརྙན་དང་བརྙན་འཕྲིན་སྒྱུ་རྩལ་སློབ་གླིང་གི་བྱ་དགའ།

1976ལོར། མི་ཚེའི་གྲུབ་འབྲས་བྱ་དགའ་ཐོབ་པ།

3.ཝེ་ཉི་སི་གློག་བརྙན་དུས་ཆེན།

1972ལོར། མི་ཚེའི་གྲུབ་འབྲས་གསེར་སེང་གི་རྟགས་མ་ཐོབ་པ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-31

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།