དབྱི་ཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱི་ཞི།
དབྱི་ཞི་ནི་ཆའང་རིགས་ཀྱི་ན་གཞོན་འཁྲབ་འཁྲིད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་དམངས་ཁྲོད་སྒྱུ་རྩལ་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཚོགས་མི། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་ཆའང་རིགས་རིག་གནས་འཕེལ་རྒྱས་ཡར་སྐུལ་ཚོགས་པའི་གྲོས་འགོ་འདོན་མཁན་དང་ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་ཆའང་རིགས་རིག་གནས་བརྒྱུད་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན་དང་། ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་སྤྱིའི་བྱ་གཞག་པུའུ་ཡི་པུའུ་ཀྲང་གཞོན་པ་སོགས་ཀྱི་འགན་ཁུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
艺兮
མི་རིགས།
ཆའང་རིགས།
སྐྱེས་ཡུལ།
སི་ཁྲོན་ཞིང་ཆེན་གྱི་མའོ་རྫོང་།
སྐྱེས་ལོ།
སྤྱི་ལོ1989ལོ།
གོ་གནས།
ཆའང་རིགས་ཀྱི་ན་གཞོན་འཁྲབ་འཁྲིད་པ།
1 ངོ་སྤྲོད།

དབྱི་ཞི། ཕོ། ཆའང་རིགས། སྤྱི་ལོ1989 ལོར་སྐྱེས་ཤིང་། སི་ཁྲོན་མའོ་རྫོང་གི་མི་ཡིན་པ་དང་། དབྱི་ཞི་ནི་ཆའང་རིགས་ཀྱི་ན་གཞོན་འཁྲབ་འཁྲིད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་དམངས་ཁྲོད་སྒྱུ་རྩལ་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཚོགས་མི། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་ཆའང་རིགས་རིག་གནས་འཕེལ་རྒྱས་ཡར་སྐུལ་ཚོགས་པའི་གྲོས་འགོ་འདོན་མཁན་དང་ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་ཆའང་རིགས་རིག་གནས་བརྒྱུད་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན་དང་། ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་སྤྱིའི་བྱ་གཞག་པུའུ་ཡི་པུའུ་ཀྲང་གཞོན་པ། ཆའང་རྨིན་དྲ་ཚིགས(ཀྲུང་གོའི་གསར་འགྱུར་དྲ་བའི)སྤྱི་ཁྱབ་རྩོམ་སྒྲིག་པ་དང་། ཆའང་རྨིན་སྨྱན་སྦྱོར་སྒྱུ་རྩལ་སྤྱི་ཁྱབ་ལྟ་སྐུལ་བ། སི་ཁྲོན་རོལ་དབྱངས་སློབ་གླིང་མེན་དབྱང་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་དང་། སི་ཁྲོན་ཀྲུང་གོའི་ནུབ་རྒྱུད་ཀྱི་ཞིབ་འཇུག་དང་འཕེལ་རྒྱས་ཡར་སྐུལ་ཚོགས་པའི་ཆའང་རིག་པ་ཞིབ་འཇུག་ཁང་གི་དངོས་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་། སི་ཁྲོན་ཞིང་ཆེན་ཆའང་རིག་པའི་སློབ་ཚོགས་དང་ཆའང་རིགས་རིག་གནས་བརྒྱུད་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན། སི་ཁྲོན་ཞིང་ཆེན་ཆའང་རིག་པའི་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་དང་། སི་ཁྲོན་རོལ་དབྱངས་སློབ་གླིང་མེན་དབྱང་སྒྱུ་རྩལ་སློབ་གླིང་གི་ཆའང་རིགས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱི་སྲོལ་གཏོད་མཁན། ཆའང་རིགས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ཡར་སྐུལ་ཚོགས་པའི་ཚེ་གང་མཚན་འཛིན་ཚོགས་གཙོ། རྒྱལ་སྤྱིའི་ཡུལ་སྐོར་སྲས་མོ་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཀྲུང་གོའི་སི་ཁྲོན་འགྲན་ཁུལ་གྱི་ཆའང་རིགས་མཛེས་མ་གདམ་གསེས་འགྲན་སྡུར་གྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་དང་། རྒྱལ་སྤྱིའི་ཡུལ་སྐོར་སྲས་མོ་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཡང་ན་ཀྲུང་གོ་སི་ཁྲོན་འགྲན་བསྡུར་གྱི་ལས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། 5.12སི་ཁྲོན་ཝུན་ཁྲོན་གྱི་ས་ཡོམ་ཚབས་ཆེན་གྱི་ཆའང་རིགས་རོལ་དབྱངས་མྱུར་སྐྱོབ་དང་སྲུང་སྐྱོབ་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་དང་། སི་ཁྲོན་ཞིང་ཆེན་མའོ་རྫོང་ཨེར་མ་རིག་གནས་མཐུན་ཚོགས་ཀྱི་དྲུང་ཆེན་གཞོན་པ། མའོ་རྫོང་སློབ་འབྲིང་གི་ཆའང་རིགས་རིག་གནས་ཚོགས་པའི་མཚན་འཛིན་དབུ་འཛིན་སོགས་ཀྱི་ལས་འགན་གཅིག་ལྕོགས་སུ་ཁུར་ཡོད། 

2 མཚན་སྙན།

སྤྱི་ལོ2009ལོར་ཆའང་རིགས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ཡར་སྐུལ་ཚོགས་པ་གསར་འཛུགས་བྱས་ཏེ་སྤྱི་ལོ2010ལོར་རྒྱལ་ཡོངས་སློབ་ཆེན་ནང་གི་ཡག་ཤོས་ཚོགས་པའི་གཟི་བརྗིད་དང་། སྤྱི་ལོ2011ལོར་གསར་གཏོད་བྱས་པའི་ཆའང་རིགས་ཀྱི་ཆང་གཞས《ཨེར་མ་ཞི་ར་མུའུ》ལ་སྐབས་དང་པོའི་ཀྲུང་གོའི་གདོད་མའི་དམངས་གཞས་མཛད་སྒོ་ཆེན་པོ་སྐབས་བཅུ་པའི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་ཧྲན་ཧྭ་བྱ་དགའ་ཞེས་པའི་དཔྱད་བསྡུར་ཁྲོད་གསེར་གྱི་བྱ་དགའ་ཐོབ་པ་དང་། ཁོ་རང་ཉིད་ལ་སྒྲིག་འཛུགས་ཨུ་ལྷན་གྱིས་ཕུལ་བྱུང་རྒྱུན་འཛིན་པའི་གཟི་བརྗིད་མཚན་སྙན་གནང་བ་རེད། སྤྱི་ལོ2011ལོར་སྐབས་གསུམ་པའི་ཀྲུང་གོའི་ཁྲེང་ཏུའུ་རྒྱལ་སྤྱིའི་དངོས་མིན་རིག་གནས་ཤུལ་བཞག་དུས་ཆེན་ནང་ཕུལ་བྱུང་འཁྲབ་སྟོན་བྱ་དགའ་ཐོབ། སྤྱི་ལོ2012 ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུའུ། གུང་གཞོན་ཚོགས་པའི་ཀྲུང་དབྱང་རྩ་འཛུགས། མི་དམངས་ཉིན་རེའི་ཚགས་པར་ཁང་བཅས་ཀྱིས་ཀྲུང་གོའི་སློབ་ཆེན་སློབ་མའི2011ལོ་འཁོར་གྱི་མི་སྣར་བདམས་པ་དང་། སྔོན་ཆད་ཆའང་རིགས་ཀྱི་སྐབས་དང་པོའི་ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་དང་གེགས་རྗེས་བསྐྱར་སྐྲུན་གྱི་བགྲོ་གླེང་ཚོགས་འདུ་དང་། ཆའང་རིགས་ཀྱི་ལོ་གསར་གྱི་རིག་རྩལ་དགུང་ཚོགས། བརྩེ་སེམས་ལྷའི་ཕོ་ཉ་སྟེ། རྒྱལ་སྤྱིའི་ཡུལ་སྐོར་སྲས་མོ་སི་ཁྲོན་གྱི་ཆའང་རིགས་ས་ཁུལ་དུ་བསྐྱོད་པའི་ཡུལ་སྐོར་སོགས་ཀྱི་གལ་ཆེའི་བྱེད་སྒོ་རྩ་འཛུགས་བྱས་ཤིང་། ཆའང་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པའི་ཐད་ལེགས་སྐྱེས་ཁྱད་དུ་འཕགས་པ་ཕུལ་ཡོད། སྨྱན་སྦྱོར་ཚན་པ་མང་པོ་ཞིག་གིས་ལོ་རབས་དགུ་བཅུ་པའི་རྗེས་ཀྱི་སློབ་ཆེན་སློབ་མ་ཆའང་རིགས་རིག་གནས་ཀྱི་ཕུལ་བྱུང་རྒྱུད་འཛིན་པ་དང་ཆའང་རིགས་རིག་གནས་སྲུང་མཁན་ཞེས་པའི་མཚན་སྙན་ཐོབ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-02-06

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།