ཡོངས་འཛིན་རིག་མཛོད། >མི་སྣ། >སྒྱུ་རྩལ་མི་སྣ། >རི་མོ་བ།

ཀའོ་ཀེང་།

པའོ་ལུའོ•ཀའོ་ཀེང་དང་ཧྥན•ཀའོ། པའོ་ལུའོ•སའི་ཧྲང་སོགས་ལ་མི་རྣམས་ཀྱིས་ཕྱིས་འབྱུང་སྣང་འཆར་རིང་ལུགས་ཀྱི་རི་མོ་མཁན་ཞེས་འབོད་ལ། ཁོང་གི་རི་མོའི་སྒྱུ་རྩལ་གྱིས་དེང་རབས་རི་མོ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས་ཁོང་ལ་མཚོན་བྱེད་རིང་ལུགས་གསར་གཏོད་པའང་ཟེར།

རིགས་དབྱེ།  

ཏཱ.ཧྥུན་ཆི།

ཏཱ•ཧྥུན་ཆི་ནི་དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་ཕུལ་དུ་བྱུང་བའི་སྒྱུ་རྩལ་པ་དང་ཚན་རིག་པ་ཞིག་ཡིན།

རིགས་དབྱེ།  

པི་ཅཱ་སུའོ།

པཱ་པོ་ལུའོ•པི་ཅཱ་སུའོ་ནི་དེང་རབས་སྒྱུ་རྩལ་གྱི་སྲོལ་འབྱེད་མཁན་ཏེ། ནུབ་གླིང་དེང་རབས་རི་མོའི་གྲུབ་མཐའི་ཚབ་བྱེད་མི་སྣ་ཡིན། ཁོང་གིས་སྒྱུ་རྩལ་གྱི་ཆ་ནས་གཞན་གྱི་བརྩམས་ཆོས་ལ་ལད་ཟློས་མི་བྱེད་པ་དང་། རང་ཉིད་ལའང་ལད་ཟློས་གཏན་ནས་མི་བྱེད། མི་ཚེ་གང་བོ་རི་མོའི་སྒྱུ་རྩལ་ལ་ཕུལ་བ་དང་། བརྩམས་ཆོས་ཀྱང་མང་པོ་བརྩམས་ཡོད།

རིགས་དབྱེ།  

ལུའོ་ཏན།

ལུའོ་ཏན་ནི་འཛམ་གླིང་ཡོངས་ལ་མིང་དུ་གྲགས་པའི་ཧྥ་རན་སེའི་འཇིམ་རྐོས་སྒྱུ་རྩལ་པ་ཞིག་ཡིན། ཁོང་གི་བརྩམས་ཆོས་ཀྱིས་ཡོ་རོབ་གླིང་གི་བརྐོས་རིས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

རིགས་དབྱེ།  

སྨི་ཁའེ་ལང་ཆི་ལུའོ།

སྨི་ཁའེ་ལང་ཆི་ལུའོ•པོ་ནཱ་ལུའོ་ཏི་ནི་རིག་རྩལ་བསྐྱར་དར་སྐབས་ཀྱི་རི་མོ་མཁན་དང་སྒྱུ་རྩལ་པ་ཞིག་ཡིན་ཞིང་། མིའི་རིགས་ལ་རི་མོའི་བརྩམས་ཆོས་དང་བཟོ་སྐྲུན་རྩ་ཆེན་མང་པོ་བཞག་ཡོད།

རིགས་དབྱེ།  

སྨི་ཁའེ་ལང་ཅི་ལོ།

སྨི་ཁའེ་ལང་ཅི་ལོ་ནི་དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་རླབས་ཆེ་བའི་རི་མོ་བ་དང་འཇིམ་བརྙན་སྒྱུ་རྩལ་པ། བཟོ་སྐྲུན་པ་དང་སྙན་ངག་པ་བཅས་ཡིན་ལ། རིག་རྩལ་བསྐྱར་དར་སྐབས་ཀྱི་འཇིམ་བརྙན་སྒྱུ་རྩལ་རྩེར་སོན་གྱི་འཐུས་ཚབ་པའང་ཡིན། ཁོང་དང་ལཱ་ཧྥེ་ཨེར། ཏཱ་ཧྥུན་ཆི་གསུམ་ལ་རིག་རྩལ་བསྐྱར་དར་གྱི་སྒྱུ་རྩལ་མཁན་པོ་རྣམ་གསུམ་དུ་གྲགས།

རིགས་དབྱེ།  

ཀུའུ་ཁའེ་ཀྲི།

ཀུའུ་ཁའེ་ཀྲི་ནི་ཀྲུང་གོའི་ཅིན་རྒྱལ་རབས་ཤར་མའི་རི་མོ་བ་ཡིན་ལ། ཧན་དང་ཝེ་རྒྱལ་རབས་ཀྱི་དམངས་ཁྲོད་རི་མོ་དང་མཁས་པའི་རི་མོའི་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ་སྲོལ་རྒྱུན་གྱི་རི་མོ་ཉིད་མདུན་དུ་ཆེས་ཆེར་སྤེལ་ཡོད་པ་རེད།

རིགས་དབྱེ།  

ཀྲང་ཏཱ་ཆན།

ཀྲང་ཏཱ་ཆན་ནི་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་ནང་འཛམ་གླིང་ལ་འགྲིམས་ནས་རྒྱལ་སྤྱིའི་མཚན་སྙན་མཐོན་པོ་ཐོབ་ཡོད། ཕྱི་གླིང་པའི་ཁོང་ལ་ཤར་ཕྱོགས་ཀྱི་སྨྱུ་གུ་ཞེས་སུ་བརྗོད། ཁོང་དང་ཕུ་བོ་གཉིས་པ་ཀྲང་ཧྲན་ཙི་གཉིས་ཀྱིས་ཏཱ་ཧྥེང་ཐང་ལམ་གྱི་རི་མོ་འབྲི་ལུགས་སྲོལ་བཏོད། ལོ་རབས་ཉི་ཤུ་བའི་ཀྲུང་གོའི་རི་མོའི་ལས་རིགས་ཀྱི་ཁྱད་དུ་འཕགས་པའི་སྣག་ཚ་བཤོས་འདྲའི་རི་མོ་འབྲི་སྲོལ་གྱི་རི་མོ་མཁན་ཡིན།

རིགས་དབྱེ།  

ཀྲའོ་མེང་ཧྥུ།

ཀྲུང་གོའི་ཡོན་རྒྱལ་རབས་ཀྱི་མིང་དུ་གྲགས་པའི་རི་མོ་བ་དང་ཡིག་མཁན། སྙན་ངག་པ་བཅས་ཡིན་ལ། སུང་ཐའེ་ཙོ་ཀྲའོ་ཁོང་ཡིན་གྱི་བུ་རྒྱུད་ཡིན། ཁོང་གིས་ཡོན་རྒྱལ་རབས་ཀྱི་རི་མོ་དོན་གཉེར་ཅན་གྱི་སྣེ་ཁྲིད་པ་དང་ཀྲའོ་ལུགས་བྲིས་གཟུགས་གསར་གཏོད་མཛད། གཟབ་བྲིས་ཡིག་མཁན་བཞིའི་གྲས་ཡིན།

རིགས་དབྱེ།  

ཆི་པའེ་ཧྲི།

ཀྲུང་གོའི་ཉེ་རབས་ཀྱི་སུག་བྲིས་དང་རི་མོ་བ། ཁོང་གི་རི་མོའི་བརྗོད་བྱ་ནི་གྲོང་གསེབ་ཏུ་མིག་མཐོང་ལག་ཟིན་དུ་ཡོད་པའི་མེ་ཏོག་དང་། འདབ་ཆགས། ཉ་འབུ། མི་སྣ། ཡུལ་ལྗོངས་སོགས་ཡིན།

རིགས་དབྱེ།  

ཝུའུ་ཀོན་ཀྲུང་།

ཝུའུ་ཀོན་ཀྲུང་ནི་ཀྲུང་གོའི་དེང་རབས་ཀྱི་མིང་དུ་གྲགས་པའི་རི་མོ་བ། སྣུམ་ཚོན་རི་མོ་བ། རི་མོའི་སློབ་གསོ་བ་བཅས་ཡིན། ཁོང་ལ་ཧྥ་རན་སེའི་སྒྱུ་རྩལ་གྱི་ཆེས་མཐོའི་གོ་གནས་ཐོབ་མྱོང་།

རིགས་དབྱེ།  

ཡོན་གྱི་མཁས་པ་རྣམ་བཞི།

ཡོན་རྒྱལ་རབས་ཀྱི་དུས་དཀྱིལ་དང་དུས་མཇུག་ཏུ་རི་ཀླུང་རི་མོའི་གསར་གཏོད་ལ་མཛད་རྗེས་ཆེན་པོ་བཞག་ཅིང་རི་མོའི་ལོ་རྒྱུས་སྟེང་དུ་སྙན་པའི་གྲགས་པ་འབར་བའི་རི་ཀླུང་རི་མོ་མཁས་ཅན་ཧོང་ཀུང་ཝང་དང་། ཝང་མེང་། ཝུའུ་ཀྲེན། ཉི་ཙན་བཅས་བཞི་བྱུང་བ་ལ་ཡོན་གྱི་མཁས་པ་རྣམ་བཞི་ཞེས་གྲགས། ཁོང་རྣམ་པས་སྔར་སྲོལ་བཟང་པོ་རྒྱུན་འཛིན་བྱས་ཤིང་སྙན་ཚིག་སུག་བྲིས་རི་མོ་ཐམ་ག་གཞི་གཅིག་ཏུ་གྲུབ་པའི་རིག་གནས་པའི་རི་མོ་ཡིས་གཙོས་པའི་རི་ཀླུང་རི་མོའི་སྲོལ་གསར་བཏོད་པས། ཕྱིས་ཀྱི་མིང་དང་ཆིང་རྒྱལ་རབས་ཀྱི་རི་མོར་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པ་རེད།

རིགས་དབྱེ།  

ཧོང་ཀྲོའུ།

ཧོང་ཀྲོའུ་ནི་ཀྲུང་གོའི་དམངས་གཉེར་སྒྱུ་རྩལ་ཁང་ཆེན་མོ་ཐོག་མ་སྟེ་ཡན་ཧོང་སྒྱུ་རྩལ་ཁང་གསར་སྐྲུན་མཁན་དང་ཀྲུང་གོའི་རི་མོ་ཞིབ་འཇུག་ཁང་། ཀྲུང་གོའི་བཟོ་བཀོད་མཛེས་རྩལ་ཁང་གི་གྲབས་འཛུགས་བྱེད་མཁན། ཧོང་ཀྲོའུ་མཛེས་རྩལ་ཐེབས་རྩ་ཚོགས་པ་འཛུགས་མཁན་བཅས་ཡིན།

རིགས་དབྱེ།  

ཧྥན་ཁོན།

ཧྥན་ཁོན་ནི་སུང་རྒྱལ་རབས་བྱང་མའི་རི་མོ་བ་གྲགས་ཅན་ཞིག་ཡིན། རི་ཆུའི་རི་མོ་འབྲི་བར་མཁས། སུང་རྒྱལ་རབས་བྱང་མའི་རི་ཆུའི་རི་མོ་མཁན་གསུམ་གྱི་ཡ་གྱལ་ཡིན།

རིགས་དབྱེ།  

ཁུའུ་ཨེར་པེ།

ཁུའུ་ཨེར་པེ་ནི་ཧྥ་རན་སེའི་རི་མོ་བ་ཡིན་ལ། དངོས་མཚོན་རིང་ལུགས་་པའི་རི་མོའི་འཐུས་ཚབ་པ་ཞིག་ཀྱ་ང་ཡིན།

རིགས་དབྱེ།  

མཱ་ཐི་སི།

མཱ་ཐི་སི་ནི་ཧྥ་རན་སེའི་མིང་དུ་གྲགས་པའི་རི་མོ་བ། འབག་བཟོ་བ། བརྐོས་རིས་པ་བཅས་ཡིན། རི་དྭགས་པའི་དཔེ་མཚོན་རི་མོ་སྲོལ་བཏོད་པ་པོ་དང་འཐུས་ཚབ་པ་ཡང་ཡིན། དེ་ནི་ད་དུང་ཚོན་མདངས་ཀྱི་བདག་ཉིད་ཆེན་པོ་ཞེས་སུ་ཡང་བསྔགས།

རིགས་དབྱེ།  

ལིའེ་པིང་།

དབྱི་ལི་ཡཱ•ཡེ་ཧྥེ་མོ་ཝེ་ཆི•ལིའེ་པིང་ནི་ཨུ་རུ་སུའི་རི་མོ་མཁན་ཞིག་ཡིན་ལ། སྐོར་སྐྱོད་འགྲེམ་སྟོན་གྲུབ་མཐའི་འཐུས་ཚབ་མི་སྣ་གཙོ་བོ་ཡིན། སྤྱི་ལོ(1873-1876)ལོའི་བར་དབྱི་ཐ་ལི་དང་ཧྥ་རན་སེར་སོང་ནས་ཨོའི་གླིང་གི་གནའ་རབས་དང་དེང་རབས་རི་མོར་ཞིབ་འཇུག་བྱས། ཕྱིར་ཕ་ཡུལ་དུ་ལོག་རྗེས་མི་དམངས་ཀྱི་དཀའ་སྡུག་གི་འཚོ་བ་དང་བདེ་སྐྱིད་ལ་རེ་སྨོན་བྱེད་པའི་ལོ་རྒྱུས་རི་མོ་དང་དམངས་སྲོལ་རི་མོ། འདྲ་པར་བྲིས་མ་སོགས་རི་མོ་མང་པོ་བྲིས།

རིགས་དབྱེ།  

སྨི་ལུ།

སྨི་ལུ་ནི་ཧྥ་རན་སེའི་ཉེ་རབས་ཀྱི་རི་མོ་བའི་ཁྲོད་མི་དམངས་ཀྱིས་ཆེས་དགའ་བསུ་ཐོབ་པའི་རི་མོ་བ་ཞིག་ཡིན།

རིགས་དབྱེ།  

སྨི་ལུའོ།

སྨི་ལུའོ་ནི་སི་ཕེན་གྱི་རི་མོ་བ་དང་བརྐོས་རིས་པ། འབག་བཟོ་མཁན། རྫ་མའི་སྒྱུ་རྩལ་མཁན་བཅས་ཡིན་ལ། པི་ཅཱ་སོ་དང་ཏཱ་ལི་སོགས་དུས་རབས20བའི་ནང་མིང་གྲགས་ཅན་གྱི་རི་མོའི་མཁན་པོའི་གྲས་ཡིན།

རིགས་དབྱེ།  

ཏཱ་ཧྥུན་ཆི།

ཏཱ་ཧྥུན་ཆི་ནི་ཡོ་རོབ་ཧྲིལ་པོའི་རིག་རྩལ་བསྐྱར་དར་སྐབས་ཀྱི་ཕུལ་དུ་བྱུང་བའི་ཚན་རིག་པ། གསར་གཏོད་པ། རི་མོ་བ་བཅས་ཡིན་ལ། དེང་རབས་ཀྱི་མཁས་པ་རྣམས་ཀྱིས་ཁོང་ནི་རིག་རྩལ་བསྐྱར་དར་སྐབས་ཀྱི་ཆེས་ལེགས་པའི་དཔེ་མཚོན་མི་སྣ་རེད་སྙམ།

རིགས་དབྱེ།  

ཕན་ཐེན་ཧྲོའུ།

ཕན་ཐེན་ཧྲོའུ་ནི་ཀྲུང་གོའི་དེང་རབས་ཀྱི་རི་མོ་བ་དང་རི་མོའི་སློབ་གསོ་མཁས་པ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཁོང་གིས་ཀྲེ་ཅང་རི་མོ་སློབ་གླིང་གི་མགོ་གཙོ་དང་། ཀྲུང་གོའི་རི་མོ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲེ་ཅང་ཡན་ལག་ཚོགས་པའི་ཚོགས་གཙོ་གཞོན་པ། ཀྲེ་ཅང་ཡན་ལག་ཚོགས་པའི་ཚོགས་གཙོ་བཅས་ཀྱི་འགན་བཞེས།

རིགས་དབྱེ།  

ལང་ཧྲི་ཉིང་།

ལང་ཧྲི་ཉིང་ནི་དབྱི་ཐ་ལིའི་མི་ཡིན། ཆིང་རྒྱལ་རབས་ཀྱི་གོང་མ་ཚང་གི་རི་མོ་བ་དང་བཟོ་དཔོན་དང་། ཡེ་ཤུའི་ཚོགས་པའི་གནམ་བདག་ཆོས་ལུགས་པའི་དགེ་སྦྱོང་བ་ཡིན། མིང་དངོས་ལ་ཀྲུའུ་སའེ་ཕེ་ཁཱ་སི་ཏི་ལི་ཨའོ་མུན་ཟེར།

རིགས་དབྱེ།  

ལི་ཁོ་རན།

ཀྲུང་གོའི་ཉེ་རབས་ཀྱི་རི་མོ་བ་དང་སྙན་ངག་པ། རི་མོའི་མཁན་པོ་ཆི་པའེ་ཧྲི་ཡི་སློབ་མ་ཡིན། ལོ་ན་བཅུ་གསུམ་ཡིན་དུས་སུ་རི་ཆུ་འབྲི་བར་འགོ་བརྩམས། ལོ་ཞེ་གསུམ་སྟེང་ཀྲུང་དབྱངས་རི་མོ་སློབ་གླིང་ནས་དགེ་རྒན་ཆེན་མོ་བྱས། ལོ་དོན་གཉིས་སྟེང་ཀྲུང་གོ་རི་མོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར། རི་ཆུ་དང་མི་སྣ་འབྲི་བར་མཁས། ལྷག་པར་བ་གླང་འབྲི་བར་མཁས།

རིགས་དབྱེ།  

ཝུའུ་ཏའོ་ཙི།

ཝུའུ་ཏའོ་ཙི་ནི་ཐང་རྒྱལ་རབས་ཀྱི་མིང་དུ་གྲགས་པའི་རི་མོ་བ་ཡིན་ལ། རི་མོའི་བྱུང་རབས་ལས་ཁོང་ལ་རི་མོའི་འཕགས་མཆོག་ཅེས་གུས་མིང་དེ་འདྲ་བཏགས་ཡོད། རི་མོ་ལས་མི་སྣ་དང་། ལྷ་སྐུ། འདྲེ་སྲིན། རི་དྭགས་འདབ་ཆགས་བཅས་པའི་རི་མོ་འབྲི་རྒྱུར་མཁས། དེ་མིན་ལྡེབས་རིས་འབྲི་རྒྱུར་ཡང་ཧ་ཅང་མཁས།

རིགས་དབྱེ།  

ཀྲུའུ་ཏཱ།

ཀྲུའུ་ཏཱ་ནི་མིང་རྒྱལ་རབས་ཀྱི་མཇུག་དང་ཆིང་རྒྱལ་རབས་ཀྱི་འགོའི་རི་མོ་བ། ཀྲུང་གོའི་ཁྱད་དུ་འཕགས་པའི་རི་མོ་བ་མཁས་ཅན། མིང་གཞན་ལ་པཱ་ཏཱ་ཧྲན་རེན། ཞུའེ་ཀུ། ཀུ་ཧྲན། ལུས་ཝོ་སོགས་ཟེར། ཅང་ཞི་ནན་ཁྲང་གི་མི་ཡིན་ལ་མིང་རྒྱལ་རབས་ཀྱི་ཉིང་ཝང་ཀྲོའི་ཆོན་གྱི་སྐུ་རྒྱུད་ཡིན། སུག་བྲིས་དང་སྙན་ངག་ལ་ཡང་ཧ་ཅང་མཁས། དོན་བྲིས་རི་མོ་གཙོར་འབྲི་བ་དང་བྱ་འབྲི་བར་མཁས།

རིགས་དབྱེ།  

ལཱ་ཧྥེ་ཨེར།

ལཱ་ཧྥེ་ཨེར་ནི་དབྱི་ཐ་ལིའི་མིང་གྲགས་ཅན་གྱི་རི་མོ་བ་ཡིན། མིང་དངོས་ལ་ལཱ་ཧྥ་ཨའེ་ལུའོ• ཧྲེང་ཆའོ་ཨོ་ཟེར། དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་བདག་ཉིད་ཆེན་པོ་གསུམ་གྱི་གྲས་ཡིན། ཁོང་གིས་འཕགས་མའི་རི་མོ་མང་པོ་བྲིས་ཡོད།

རིགས་དབྱེ།  

ཕེང་ཏའེ་མིང་།

ཕེང་ཏའེ་མིང་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མའོ་རྫོང་གི་ཡིན་པ་དང་། རྔ་བ་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་མཛེས་རྩལ་ཚན་ཁག་གི་ཀྲུའུ་རེན་དང་། སློབ་དཔོན་ཆེན་མོ། ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན། སི་ཁྲོན་ཞིང་ཆེན་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་། སི་ཁྲོན་ཞིང་ཆེན་མཛེས་རྩལ་སློབ་གསོའི་སློབ་ཚོགས་ཀྱི་ཚོགས་མི། རྔ་བ་ཁུལ་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། རྔ་བ་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་རིག་ཚན་གྱི་སྣེ་ཁྲིད་པ་བཅས་ཀྱི་འགན་བཞེས་སོ།།

རིགས་དབྱེ།  

ལི་ཁུའུ་ཁྲན།

ཁོང་གི་དངོས་མིང་ལ་ལི་ཡིང་ཞུ་བ་དང་། ཧྲན་ཏུང་ཞིང་ཆེན་དུ་སྐུ་བལྟམས། ཁོང་ནི་ཀྲུང་གོའི་དེང་རབས་ཀྱི་ཕུལ་དུ་བྱུང་བའི་འདབ་ཆགས་འབྲི་མཁན་དང་། ཡིག་གཟུགས་མཁན་པོ། མཛེས་རྩལ་སློབ་གསོ་བ་བཅས་ཡིན།

རིགས་དབྱེ།  

ལི་ཁུའུ་ཁྲན།

ཁོང་གི་དངོས་མིང་ལ་ལི་ཡིང་ཞུ་བ་དང་། ཧྲན་ཏུང་ཞིང་ཆེན་དུ་སྐུ་བལྟམས། ཁོང་ནི་ཀྲུང་གོའི་དེང་རབས་ཀྱི་ཕུལ་དུ་བྱུང་བའི་འདབ་ཆགས་འབྲི་མཁན་དང་། ཡིག་གཟུགས་མཁན་པོ། མཛེས་རྩལ་སློབ་གསོ་བ་བཅས་ཡིན།

རིགས་དབྱེ།  

བསྟན་ཚུལ།

ཁོང་ནི་སྤྱི་ལོ1952ལོར་མདོ་སྨད་གནས་མཆོག་བཀྲ་ཤིས་སྒོ་མང་གི་ཉེ་འདབས་ཏེ། མགོ་ལོག་པདྨ་རྫོང་ཡ་རུ་ཐང་ཡུལ་ཚོའི་རུ་ཆེན་གསུམ་པ་རུ་ཆུང་ལྔ་བར་ཡུམ་ཀྱེ་ཀྱེ་ཡི་སྲས་སུ་སྐྱེས་ཤིང་། ཆུང་བའི་དུས་ནས་བློ་རིག་མྱུར་ཞིང་དམངས་ཁྲོད་སྒྱུ་རྩལ་ལ་བརྩེ་བ་ཟབ་རྐྱེན་ཕྱིས་སུ་གེ་སར་ཐང་ག་རྒྱུད་འཛིན་གྲགས་ཅན་ཞིག་ཏུ་གྱུར།

རིགས་དབྱེ།