ཕེའི་ཏཱི.ཉེའུ་མ་ཁོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕེའི་ཏཱི.ཉེའུ་མ་ཁོ།
ཕེའི་ཏཱི.ཉེའུ་མ་ཁོ། 1916ལོར་ཅེ་ཁེའི་པོར་ནོ་གྲོང་ཁྱེར་དུ་སྐྱེས། ལོ་ཙཱ་བ་དང་ལོ་ཙཱའི་གཞུང་ལུགས་པ་གྲགས་ཅན་ཞིག་ཡིན་ལ་ཡོ་རོབ་གླིང་གི་སྐད་རིགས་མང་པོའི་ལོ་ཙཱའི་བྱ་བར་ཞུགས་མྱོང་། ཕུལ་དུ་བྱུང་བའི་ཡིག་སྒྱུར་མཁན་དང་རྩོམ་སྒྲིག་པ་ཞིག་ཡིན་པར་མ་ཟད་སྐད་བརྡ་རིག་པ་བ་ཞིག་ཀྱང་ཡིན། དབྱིན་ཇུའི་སྐད་བརྡ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས་ལ། ཁོང་གི་དགའ་ཕྱོགས་གཙོ་བོ་ནི་སྐད་བརྡ་རིག་པའི་འབྲེལ་ཡོད་གཞུང་ལུགས་ལོ་ཙཱའི་ལག་ལེན་ཁྲོད་སྤྱོད་པ་དང་། ལོ་ཙཱའི་ཞིབ་འཇུག་དང་དབྱིན་ཡིག་སྐད་བརྡའི་ཞིབ་འཇུག་གཉིས་ཟུང་དུ་སྦྲེལ་པ་དེ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཕེའི་ཏཱི.ཉེའུ་མ་ཁོ།
རྒྱ་ཡིག་གི་མིང་།
彼得.纽马克
ཕྱི་ཡིག་གི་མིང་།
Peter Newmark
ལས་རིགས།
དགེ་རྒན་ཆེན་མོ། ལོ་ཙཱ་བ།
1 ​ལོ་རྒྱུས་མདོར་བསྡུས།

ཕེའི་ཏཱི.ཉེའུ་མ་ཁོ།  1916ལོར་ཅེ་ཁེའི་པོར་ནོ་གྲོང་ཁྱེར་དུ་སྐྱེས། དགུང་ལོའི་ལྔའི་སྟེང་དུ་ཕ་ཡུལ་དང་གྱེས་ནས་དབྱིན་ཇིར་གཞིས་སྡོད་བྱས་པ་དང་དབྱིན་ཇི་རུ་སྲོལ་རྒྱུན་སློབ་གླིང་སློབ་གསོ་མྱངས། སྐད་གྲགས་ཅན་གྱི་ལཱ་ཀུ་པུའི་སྤྱི་བཙུགས་སློབ་གྲྭར་ཞུགས་ཤིང་དེའི་རྗེས་དབྱིན་ཇུའི་གཙུག་ལག་སློབ་ཆེན་གྱི་གསུམ་གཅིག་སློབ་གླིང་དུ་ཞུགས་ནས་སྐད་བརྡ་རིག་པར་སློབ་སྦྱོང་གནངས།  དེའི་གོ་རིམ་ནང་དུ་ཧྥ་རན་སིའི་སྐད་དང་འཇར་མན་གྱི་སྐད་ལ་བྱང་བར་གྱུར།  ལོ་ཙཱ་བ་དང་ལོ་ཙཱའི་གཞུང་ལུགས་པ་གྲགས་ཅན་ཞིག་ཡིན་ལ་ཡོ་རོབ་གླིང་གི་སྐད་རིགས་མང་པོའི་ལོ་ཙཱའི་བྱ་བར་ཞུགས་མྱོང་།  ཕུལ་དུ་བྱུང་བའི་ཡིག་སྒྱུར་མཁན་དང་རྩོམ་སྒྲིག་པ་ཞིག་ཡིན་པར་མ་ཟད་སྐད་བརྡ་རིག་པ་བ་ཞིག་ཀྱང་ཡིན།  དབྱིན་ཇུའི་སྐད་བརྡ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས་ལ།  ཁོང་གི་དགའ་ཕྱོགས་གཙོ་བོ་ནི་སྐད་བརྡ་རིག་པའི་འབྲེལ་ཡོད་གཞུང་ལུགས་ལོ་ཙཱའི་ལག་ལེན་ཁྲོད་སྤྱོད་པ་དང་།  ལོ་ཙཱའི་ཞིབ་འཇུག་དང་དབྱིན་ཡིག་སྐད་བརྡའི་ཞིབ་འཇུག་གཉིས་ཟུང་དུ་སྦྲེལ་པ་དེ་རེད།

2 བརྩམས་ཆོས་ངོ་སྤྲོད།

དུས་རབས་གོང་མའི་ལོ་རབས་དྲུག་ཅུའི་མཇུག་ཏུ།  ལོ་ཙཱ་ཞེས་པའི་སྐད་བརྡའི་བྱ་འགུལ་འདི་ལ་དོ་སྣང་ཆེན་པོ་བྱུང་།  ལྷག་པར་དུ་སྐད་བརྡ་རིག་པའི་འབྲེལ་ཡོད་གཞུང་ལུགས་དེ་ཞུགས་པས་ལོ་ཙཱའི་ཞིབ་འཇུག་གི་བྱ་བར་གྲུབ་འབྲས་ཆེན་པོ་བླངས།  1974ལོར་ཉེའུ་མ་ཁོས་དགེ་རྒན་ཆེན་མོའི་གོ་ཐོབ་བླངས་ནས་ལོ་ཙཱའི་གཞུང་ལུགས་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱས།  དེ་ནས་བཟུང་ཁོང་གིས་ཆེད་དུ་ལོ་ཙཱའི་གནད་དོན་ལ་དཔྱད་པའི་ཆེད་རྩོམ་རེ་འབྲི་མགོ་བརྩམ།  ལོ་ཙཱའི་ལག་ལེན་དང་སློབ་ཁྲིད་ལག་ལེན་འབོར་ཆེན་གྱི་སྣེ་ཁྲིད་འོག་ཉེའུ་མ་ཁོའི་ལོ་ཙཱའི་བསམ་བློ་གྲུབ་མགོ་ཚུགས་ཤིང་ཁོང་གིས་བརྩམས་ཆོས་ཐོག་མ《ལོ་ཙཱའི་གནད་དོན་ཞིབ་དཔྱད》ཅེས་པ་པར་དུ་བསྐུན་པས་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར།  དེབ་དེའི་ནང་དུ་ཁོང་གིས“ཚིག་དོན་ལོ་ཙཱ” དང “འབྲེལ་གཏུགས་ལོ་ཙཱ”ཞེས་པའི་གོ་དོན་བཏོན།  1988ལོར《ལོ་ཙཱའི་བསླབ་ཚན》དེབ་འདི་ལ1988ལོའི་དབྱིན་ཇུའི་ཉེར་སྤྱོད་སྐད་བརྡ་རིག་པའི་མཐུན་ཚོགས་ཀྱི་བྱ་དགའ་ཐོབ།  1991ལོར《ལོ་ཙཱ་གླེང་བ》ཞེས་པ་པར་དུ་བསྐྲུན། 1993ལོ་ནས1995ལོའི་བར་དུ《ལོ་ཙཱའི་དཔྱད་གླེང་ཐུང་ངུ》དེབ་ཕྲེང་གཉིས་བརྩམས།  གོང་གི་དེབ་དེ་གཉིས་སྐད་རིགས་མང་པོར་སྒྱུར་ནས་པར་ཏུ་བསྐྲུན་པར་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་དབྱིན་ཇུའི་ལོ་ཙཱའི་གར་སྟེགས་སྟེང་གོ་གནས་གལ་ཆེན་བཟུང་།  ད་ལྟ་ཁོང་ཉིད་དགུང་ལོ་བརྒྱ་ལྷག་ལ་སོན་ཡང་ད་དུང་ཡང་རྩོམ་འབྲིའི་ཞོར་དུ་སློབ་ཁྲིད་གནང་བཞིན་ཡོད་རེད།

3 ཉེའུ་མ་ཁོའི་ལོ་ཙཱའི་གཞུང་ལུགས།

ཉེའུ་མ་ཁོ་ལགས་ནི་དབྱིན་ཇུའི་མིང་དུ་གྲགས་པའི་ལོ་ཙཱའི་གཞུང་ལུགས་སྨྲ་བ་དང་ལོ་ཙཱའི་སློབ་གསོ་པ་སྟེ།  ཁོང་གིས་སྐད་ཡིག་སོ་སོ་འདྲ་མཉམ་ཡིན་ལ་ཕན་ཚུན་ལ་བསྒྱུར་རུང་བར་ཁས་ལེན་བྱེད་ཅིང་།  ལོ་ཙཱ་ནི་ཚན་རིག་ཅིག་ཡིན་ལ་སྒྱུ་རྩལ་ཞིག་དང་ཐབས་རྩལ་ཞིག་ཡིན་པའང་ཁས་ལེན།  དེ་ཡང་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་སྤྱད་དེ་བྱེ་བྲག་གི་ལོ་ཙཱའི་གནད་དོན་ལ་དབྱེ་ཞིབ་མཛད་ཅིང་།  ཚིག་དོན་རང་བཞིན(语义性)གྱི་ལོ་ཙཱ་དང་འབྲེལ་གཏུགས་རང་བཞིན(交际性)གྱི་ལོ་ཙཱ་ཞེས་པ་ཉིད་ནི་ལོ་ཙཱའི་གཞུང་ལུགས་ཀྱི་སྲོག་ཤིང་ལྟ་བུ་ཡིན་ལ།  ཁོའི་ལོ་ཙཱའི་གཞུང་ལུགས་ཁྲོད་ཆེས་གལ་ཆེ་ཞིང་ཁྱད་ཆོས་མངོན་པར་གསལ་བའི་གྲུབ་ཆ་གཙོ་བོའང་ཡིན།  ཁོང་གི་དགོངས་པ་ལྟར་ན།ལོ་ཙཱ་ཞིབ་འཇུག་བྱ་བར་ཐོག་མའི་བསྒྱུར་བྱའི་ཡིག་ཆ་ལ་ཞིབ་འཇུག་བྱེད་དགོས་ལ།  བསྒྱུར་བྱའི་ཡིག་ཆ(文本)མི་འདྲ་བ་ལས་སྒྱུར་ཐབས་ཀྱང་མི་འདྲ་བ་སྟེ་ཚིག་དོན་རང་བཞིན་གྱི་ལོ་ཙཱ་དང་འབྲེལ་གཏུགས་རང་བཞིན་གྱི་ལོ་ཙཱ་ཞེས་པ་གཉིས་སྤྱོད་དགོས།  ཁོང་གིས་སྐད་བརྡའི་བྱེད་ནུས་གཞུང་ལུགས་གཞིར་བཟུང་སྟེ་བསྒྱུར་བྱའི་ཡིག་ཆ་ལ་མཚོན་པ་ཅན(表达性)དང་བརྡ་འཕྲིན་ཅན(信息性)།  འབོད་སྐུལ་ཅན(号召性)ཞེས་རིགས་གསུམ་དུ་འབྱེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-17

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།