ཨ་ནན་ཏ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་ནན་ཏ།
འདི་ཉིད་ཀྱི་མཚན་དེ་ཕྱིའི་པཎྜི་ཏ་བལ་པོ་ཨ་ནན་ཏ་སོགས་དང་འདྲ་བར་མཐོང་ཡང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་བསྟན་པ་སྔ་དར་སྐབས་བྱོན་པའི་བོད་ཀྱི་ལོ་ཙཱ་བའི་མཚན་གྱི་གྲས་སུ་འདི་ཉིད་བགྲངས་ཡོད་ཅིང་། དེ་ལ་ཁ་ཆེ་ཨཱ་ནནྡ་ཞེས་འཁོད་འདུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
迦湿弥罗.阿难陀
ལས་རིགས།
ལོ་ཙཱ་བ།
མཚན་ཧྲིལ་བོར།
ཁ་ཆེ་ཨཱ་ནནྡ
དུས་རབས།
བརྒྱད་པ།
1 ངོ་སྤྲོད།

འདི་ཉིད་ཀྱི་མཚན་དེ་ཕྱིའི་པཎྜི་ཏ་བལ་པོ་ཨ་ནན་ཏ་སོགས་དང་འདྲ་བར་མཐོང་ཡང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་བསྟན་པ་སྔ་དར་སྐབས་བྱོན་པའི་བོད་ཀྱི་ལོ་ཙཱ་བའི་མཚན་གྱི་གྲས་སུ་འདི་ཉིད་བགྲངས་ཡོད་ཅིང་། དེ་ལ་ཁ་ཆེ་ཨཱ་ནནྡ་ཞེས་འཁོད་འདུག དེ་ཡང་ཐེ་ཚོམ་གྱི་རྒྱུ་རུ་སྲིད་ན། དེ་དང་འདྲ་བར་ཉང་ཆོས་འབྱུང་དུའང་བོད་ཀྱི་ལོ་ཙཱ་བའི་གྲས་སུ་འདི་ཉིད་བགྲངས་ཤིང་ཁ་ཆེ་སྐྱེས་བཟང་གི་བླ་མ་ཨ་ནན་ཏ་ཞེས་འཁོད་ཡོད་པར་གཞིགས་ན་བོད་ཀྱི་ལོ་ཙཱ་བ་ཨ་ནན་ཏ་ཞེས་པ་ཞིག་ཀྱང་བྱོན་མྱོང་བ་མ་ཟད། ཁོང་ཉིད་བྱོན་པའི་དུས་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་དུ་ཡིན་ཡིན་ཏེ། མཁས་པའི་དགའ་སྟོན་དུ། ཆོས་ལོག་དང་ངན་སྔགས་ལ་ཕྲ་མེན་གྱི་དག་བགྱིད་དམ་མི་བགྱིད་ལ་རྟོག་ཏུ་གསོལ་བས་མཆིམས་མེ་ལྷ་དང་སེང་མགོ་ལྷ་ལུང་གཟིགས། སང་ཤི་དང་གསུམ་རྟོག་ཏུ་བཏང་བས་བརྟགས་ན་སྐད་མ་གོ་དར་ཆགས་སྒོ་གསེབ་ཀྱི་ཚོང་འདུས་ན་ཁ་ཆེ་སྐྱེ་བཟང་གི་བུ་ཨཱ་ནནྟ་ལོ་ཙཱ་སློབ་འཕྲོ་ལ་ཆད་པ་བྱུང་ནས་ཚོང་བྱེད་པ་དེ་ལ་ལོ་ཙཱ་བཅོལ་ཞེས་བཙན་པོ་ཁོང་གི་རིང་དུ་ཡིན་ལ། དེ་ལྟ་ན་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་བྱོན་པའི་ལོ་ཙཱ་བ་རབ་དགུའི་ནང་གསེས་རྒན་གསུམ་གྱི་ཡ་གྱལ་དུ་བགྲངས་པ་དེ་ཡིན་དགོས། ཁོང་གི་མཛད་རྣམ་ཞིབ་ཏུ་མ་རྙེད་ལ་འགྱུར་གྱི་མཚན་བྱང་སོགས་གོང་དུ་ཁོང་དང་ལྷན་དུ་ཆོས་བསྒྱུར་མཁན་གྱི་ལོ་ཙཱ་བའི་སྐབས་སུ་གླེང་ཟིན་པ་ལྟར་རོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།