སྦ་ཁྲི་བཞེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་བྱོན་པའི་ལོ་ཙཱ་བ་ཞིག་ཡིན་པ་མ་ཟད། བུ་སྟོན་ཆོས་འབྱུང་སོགས་ཀྱི་ལུགས་སུ་སད་མི་བདུན་གྱི་གྲས་སུའང་བགྲངས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴赤协
ལས་རིགས།
ལོ་ཙཱ་བ།
མཚན་གྱི་རྣམ་གྲངས།
འབའ་ཁྲི་བཞེར་དང་། དབས་ཁྲི་ཤེར། སྦ་ཁྲི་གཞེར།
དུས་རབས།
བརྒྱད་པ།
1 ངོ་སྤྲོད།

སྦ་ཁྲི་བཞེར་གྱི་མཚན་འབྲི་སྟངས་ལ་ཡིག་ཚང་མང་དག་ཅིག་བཞེད་མི་མཐུན་པར་འདུག་སྟེ། འབའ་ཁྲི་བཞེར་དང་། དབས་ཁྲི་ཤེར། སྦ་ཁྲི་གཞེར་སོགས་ཡོད་ཅིང་། ཀློང་ཆེན་ཆོས་འབྱུང་དང་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་སོགས་ཆོས་འབྱུང་དག་ལས་ལོ་ཙཱ་བའི་མཚན་བགྲངས་པའི་གྲལ་གྱི་རིམ་པར་གཞིགས་ན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་བྱོན་པའི་ལོ་ཙཱ་བ་ཞིག་ཡིན་པ་མ་ཟད། བུ་སྟོན་ཆོས་འབྱུང་སོགས་ཀྱི་ལུགས་སུ་སད་མི་བདུན་གྱི་གྲས་སུའང་བགྲངས་ཡོད། འདི་ཉིད་གཅིག་པུའི་མཚན་བཀོད་པའི་འགྱུར་མ་མཐོང་ཡང་ལོ་ཙཱ་བ་གཞན་དང་ལྷན་དུ་བསྒྱུར་པའི་འགྱུར་རྣམས་ལེ་ཚན་གཞན་དུ་ཞུས་ཟིན་པས་བསྐྱར་ཟློས་མེད་པར་ཞུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།