ཅིས་ཤན་ལིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིས་ཤན་ལིན།
ཅིས་ཤན་ལིན། (1911ལོའི་ཟླ8པའི་ཚེས6----2009ལོའི་ཟླ7པའི་ཚེས11)ཀྲུང་གོའི་ཧྲན་ཏུང་ཞིང་ཆེན་ལོའོ་ཁྲིན་གྲོང་ཁྱེར་གྱི་ལིན་ཆིན་གྱི་མི་ཡིན། རྒྱལ་སྤྱིའི་སྐད་གྲགས་ཅན་གྱི་ཤར་ཕྱོགས་རིག་པའི་དེད་དཔོན་ཆེན་མོ། སྐད་བརྡ་རིག་པ་བ། རྩོམ་རིག་པ། ནང་ཆོས་ཞིབ་འཇུག་པ། ལོ་རྒྱུས་མཁས་པ། སློབ་གསོ་བ་དང་སྤྱི་ཚོགས་བྱེད་སྒོ་སྤེལ་མཁན་གྲགས་ཅན་ཞིག་ཡིན། ཀྲུང་གོའི་ཚན་རིག་གླིང་རྟོག་གེ་ཚན་རིག་ཚན་ཁག་གི་ཁོངས་མི། ལོའོ་ཁྲིན་སློབ་ཆེན་གྱི་མཚན་འཛིན་སློབ་གཙོ་དང་པེ་ཅིན་སློབ་ཆེན་གྱི་སློབ་གཙོ་གཞོན་པ། ཀྲུང་གོའི་ཚན་རིག་གླིང་གི་ཡ་གླིང་ལྷོ་མའི་ཞིབ་འཇུག་ཁང་གི་འགོ་འཛིན། པེ་ཅིན་སློབ་ཆེན་གྱི་ཚེ་གང་སློབ་དཔོན་ཆེན་པོ་བཅས་གྱི་འགན་སོགས་བཞེས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཅིས་ཤན་ལིན།
རྒྱ་ཡིག་གི་མིང་།
季羡林
འཁྲུངས་འདས་ལོ་ཚིགས
1911ལོའི་ཟླ8པའི་ཚེས6----2009ལོའི་ཟླ7པའི་ཚེས11
འཁྲུངས་ཡུལ།
ཀྲུང་གོའི་ཧྲན་ཏུང་ཞིང་ཆེན་ལོའོ་ཁྲིན་གྲོང་ཁྱེར་གྱི་ལིན་ཆིན་རྫོང་།
1 ངོ་སྤྲོད་མདོར་བསྡུས།

1911ལོའི་ཟླ8པའི་ཚེས6ཉིན་་ཧྲན་ཏུང་ཆིན་ཕིན་ཞན(ད་ལྟའི་ལིན་ཆིན་གྲོང་ཁྱེར)གྱི་ཞིང་བའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ལོ་དྲུག་ལ་སོན་རག་བར་དུ་ཆིན་ཕིན་དུ་མ་ཅིན་ཀུང་དགེ་རྒན་དུ་བརྟེན་ན་འབྲི་ཀློག་སྦྱངས། 1917ལོར་ཁྱིམ་དང་བྲལ་ནས་ནན་ཅིན་དུ་སོང་ནས་ཨ་ཁུར་སྐྱབས་བཅོལ་བྱས་ནས་སྒེར་བཙུགས་སློབ་གླིང་དུ་ཕེབས་ནས《རུས་བརྒྱ་པ》དང་《ཡིག་འབྲུ་ཆིག་སྟོང་མ》 《གཞུང་བཞི》སོགས་ལ་སྦྱང་བ་བྱས།

1918ལོ་དང1920ལོའི་ནང་དུ་ཅི་ནན་ཧྲན་ཏུང་དགེ་ཐོན་ཟུར་བཙུགས་སློབ་ཆུང་དང་པོ་དང་ཅི་ནན་གསོ་སྦྱོང་གསར་བའི་སློབ་ཆུང་གཉིས་སུ་ཞུགས་ནས་སློབ་ཞོར་དུ་དབྱིན་ཡིག་སྦྱངས།

1923ལོར་སློབ་ཆུང་མཐར་ཕྱིན་ནས་ཀྲིན་ཡུས་སློབ་འབྲིང་དུ་ལོ་བྱེད་བསྡད་རྗེས་གསར་དུ་བཙུགས་པའི་ཧྲན་ཏུང་སློབ་ཆེན་གྱི་ཟུར་བཙུགས་མཐོ་འབྲིང་དུ་ཞུགས། སློབ་ཕྱིའི་ནང་དུ་གནའ་རྩོམ་སློབ་སྦྱོང་འཛིན་གྲྭ་ཞིག་ཏུ་ཞུགས་ནས《ཙོའོ་རབས》དང《ཀྲན་གོའི་ཇུས་ཆེན》། 《ལོ་རྒྱུས་གླེགས་བམ》སོགས་བཀླགས་ཤིང་། དགོང་མོར་དབྱིན་ཡིག་རྩོམ་རིག་ཚོགས་པར་ཞུགས་ནས་སྦྱང་བ་བྱས།

1926ལོར་སློབ་འབྲིང་མཐར་ཕྱིན་ནས་ཀྲིན་ཡིས་སློབ་འབྲིང་དུ་ལོ་ཕྱེད་ཙམ་ལ་མཐོ་འབྲིང་བཏོན་པ་དང་དེའི་རྗེས་གསར་དུ་བཙུགས་པའི་ཧྲན་ཏུང་སློབ་ཆེན་གྱི་ཟུར་བཙུགས་མཐོ་འབྲིང་དུ་སྤར། དེའི་བར་དུ་འཇར་མན་ཡི་གེར་སྦྱངས་བ་བྱས།

1928ལོ-1929ལོའི་བར་འཇར་པན་བཙན་འཛུལ་གྱིས་ཅིས་ནན་བཟུང་ཞིང་ལོ་གཅིག་ལ་སློབ་མཚམས་བཞག ལོ་དེར《དཔལ་ཡོན་ཅན་གྱི་སྤྱི་སྲོལ།》དང《སྨན་མཁས་པ》།  《ཟློས་གར་ལ་བལྟ་བ》སོགས་གསར་རྩོམ་བྱས་པ་དང་ཤིས་དོ་ཞེས་པའི་པུར་མིང་སྤྱད་ནས་ཐེན་ཅིན《ཟླ་མེད་ཚགས་པར》སྟེང་དུ་སྤེལ།

1929ལོར་གསར་དུ་བཙུགས་པའི་ཧྲན་ཏུང་ཅིས་ནན་མཐོ་འབྲིང་དུ་ཞུགས།

མཐོ་འབྲིང་སློབ་མཐར་ཕྱིན་ནས་ཆིན་ཧྭ་སློབ་ཆེན་དང་པེ་ཅིན་སློབ་ཆེན་དུ་རྒྱགས་སྤྲད་དེ་ཆིན་ཧྭ་སློབ་ཆེན་གྱི་ཕྱི་གླིང་རྩོམ་རིག་སྡེ་ཁག་ཏུ་ཞུགས་ནས་གཙོ་བོ་འཇར་ཡིག་ལ་ཞིབ་འཇུག་བྱས། ཆིན་ཧྭ་སློབ་ཆེན་འགྲིམས་པའི་སྐབས་སུ་ལྷུག་རྩོམ་བཞི་བཅུ་ལྷག་སྤེལ་བ་དང་སྒྱུར་རྩོམ་ཡང་མང་པོ་བྲིས།

1934ལོར་སློབ་མཐར་ཕྱིན་ནས་མ་ཡུམ་སློབ་གྲྭའི་སློབ་གཙོ་སུང་ཧེ་ཝུ་ལགས་ཀྱིས་གདན་ཞུ་ལྟར་ཧྲན་ཏུང་ཅིས་ནན་མཐོ་འབྲིང་དུ་རྒྱ་ཡིག་དགེ་རྒན་བྱས།

1935ལོར་ཆིན་ཧྭ་སློབ་ཆེན་དང་འཇར་མན་བར་ལ་ཞིབ་འཇུག་སློབ་མ་བརྗེ་རེས་ཀྱི་ཆིངས་ཡིག་བཞག་པས་ཁོང་གི་དེ་ཀའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པས། ལོ་དེའི་ཟླ་དགུ་བའི་ནང་དུ་འཇར་མན་གྱི་ཀུ་ཐེན་ཀིན་སློབ་ཆེན་དུ་ཞུགས་ནས་རྒྱ་གར་རིག་པར་སློབ་སྦྱོང་གནངས། སྔ་གཞུག་ཏུ་ཝུར་རྡུ་ཧྲི་མེ་ཐུ་སློབ་དཔོན་ཆེན་མོ་དང་ཞུས་ཁུ་སློབ་དཔོན་ཆེན་མོ་སོགས་ལས་སྒྲ་རིག་པ་དང་ཐོད་ཀར་ཡིག ཨུ་རུ་སུའི་ཡི་གེ་དང་ཨ་རབ་ཀྱི་ཡི་གེ་སོགས་ལ་སྦྱངས།

1937ཀུ་ཐེན་ཀིན་སློབ་ཆེན་གྱི་རྒྱ་ཡིག་སྡེ་ཁག་ཏུ་སློབ་ཁྲིད་དགེ་རྒན་གྱི་འགན་བཞེས།

1941ལོར་ཀུ་ཐེན་ཀིན་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་མཚད་ཉིད་རིག་པའི་འབུམ་རིམ་པའི་བསླབ་གནས་བླངས། རྗེས་ཀྱི་ལོ་དུ་མའི་ནང་དུ་འཇར་ཡིག་གི་ལམ་ནས་དཔྱད་རྩོམ་འགའ་ཤས་བྲིས་པ་དང《ཀུ་ཐེན་ཀིན་ཚན་རིག་སློབ་གླིང་གི་གླིང་དེབ》ལྟ་བུའི་རིག་གཞུང་ཆེད་དེབ་སོགས་སུ་བཀོད།

1946ལོར་ཕྱིར་རང་རྒྱལ་དུ་ལོག་ནས་པེ་ཅིན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་ཤར་ཕྱོགས་སྐད་བརྡ་རིག་པའི་སྡེ་ཁག་གི་ཁག་གཙོའི་འགན་སྤྱི་ལོ1983ལོའི་བར་དུ་ཁུར། དེའི་བར་དུ་ཁོས་ནང་བསྟན་ལོ་རྒྱུས་དང་རྒྱ་གར་རྒྱ་ནག་གི་རིག་གནས་འབྲེལ་བའི་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱས་པ་དང་རིག་གཞུང་གསར་གཏོད་ཅན་གྱི་དཔྱད་རྩོམ་དུ་མ་སྤེལ། བཅིངས་འགྲོལ་བྱས་རྗེས་མུ་མཐུད་དུ་པེ་ཅིན་སློབ་ཆེན་གྱི་ཤར་ཕྱོགས་རིག་པའི་སྡེ་ཁག་གི་ཀྲུའུ་རིན་གྱི་འགན་ཁུར། སྡེ་ཁག་གི་ལས་དོན། རིག་གཞུང་ཞིབ་འཇུག་དང་ལོ་ཙཱའི་བྱ་བ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

1956ལོའི་ཟླ2པའི་ནང་དུ་ཀྲུང་གོའི་ཚན་རིག་གླིང་གི་མཚད་ཉིད་སྤྱི་ཚོགས་ཚན་རིག་རིག་པའི་ཨུ་ཡོན་དུ་བདམས།

1954ལོ། 1959ལོ་དང1964ལོའི་ནང་དུ་སྐབས་གཉིས་པ་དང་གསུམ་པ། བཞི་བ་སོགས་ཀྱི་སྲིད་གྲོས་ཨུ་ཡོན་དུ་བདམས་པ་དང་། ཀྲུང་གོའི་རིག་གནས་ཆེད་མངགས་པའི་མིང་ཐོག་ནས་རྒྱ་གར་དང་འབར་མ། སུའུ་ལེན། དབྱི་རག ཨེ་ཅེབ། སུ་རུ་ཡ་སོགས་རྒྱལ་ཁབ་ཁག་ལ་འཚམས་ཞུ་ཕེབས།

1978ལོར་རིག་གསར་མཇུག་སྒྲིལ་རྗེས་མུ་མཐུད་དུ་པེ་ཅིན་སློབ་ཆེན་གྱི་ཤར་ཕྱོགས་སྐད་བརྡ་རིག་པའི་སྡེ་ཁག་གི་ཁག་གཙོ་དང་པེ་ཅིན་སློབ་ཆེན་གྱི་སློབ་གཙོ་གཞོན་པ། པེ་ཅིན་སློབ་ཆེན་ཡ་གླིང་ལྷོ་མའི་ཞིབ་འཇུག་གླིང་གི་གླིང་གཙོ། སྐབས་ལྔ་བའི་སྲིད་གྲོས་ཨུ་ཡོན། ཀྲུང་གོའི་ཕྱི་ཡིག་རྩོམ་རིག་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་བཞེས།

1979ལོར་ཀྲུང་གོའི་ཡ་གླིང་ལྷོ་མའི་སློབ་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས།

1980ལོར་ཀྲུང་གོའི་གནའ་ཡིག་སློབ་ཚོགས་ཀྱི་མཚན་འཛིན་ཚོགས་གཙོའི་འགན་བཞེས།

1981ལོར་ཀྲུང་གོའི་ཕྱི་ཡིག་སློབ་ཁྲིད་ཞིབ་འཇུག་ཚོགས་པའི་ཚོགས་གཙོའི་འགན་བཞེས།

1983ལོར་སྐབས་དྲུག་པའི་རྒྱལ་ཡོངས་མི་དམངས་ཀྱི་འཐུས་མི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་གོའི་ལོ་རྒྱུས་སློབ་ཚོགས་ཀྱི་ཚོགས་གཙོ། ཀྲུང་གོའི་ཏུན་ཧོང་ཐུ་རུ་ཧྥན་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་བཞེས།

1984ལོར་པེ་ཅིན་སློབ་ཆེན་གྱི་སློབ་སྒྲུབ་ཨུ་ཡོན་ཚོགས་པའི་ཀྲུའུ་རིན་གཞོན་པ་དང་། ཀྲུང་གོའི་ལོ་རྒྱུས་སློབ་ཚོགས་ཀྱི་རྒྱུས་ལས་ལས་མི། ཀྲུང་གོའི་མཐོ་རིམ་སློབ་གསོའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་བཞེས།

1985ལོར་ཀྲུང་གོའི་རྩོམ་རིག་ལྷན་ཚོགས་ཀྱི་ལས་འཛིན་པ་དང་ཀྲུང་གོའི་གཤིབ་བསྡུར་རིག་པའི་སློབ་ཚོགས་ཀྱི་མཚན་འཛིན་ཚོགས་གཙོའི་འགན་བཞེས།

1988ལོར་ཀྲུང་གོའི་གཙུག་ལག་རིག་གནས་དཔེ་གླིང་གི་ཨུ་ཡོན་ཀྲུའུ་ཞིས་འགན་བཞེས་པ་དང་མཁས་པའི་མིང་ཐོག་ནས་འཇར་མན་དང་ཉི་ཧོང་། ཐེ་ལན་སོགས་སུ་འཚམས་ཞུར་ཕེབས།

1990ལོར་ཀྲུང་གོའི་ཡ་ཧྥེ་སློབ་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས།

2009ལོའི་ཟླ7པའི་ཚེས་11ཉིན་གྱི་ཆུ་ཚོད11སྐར་མ10སྟེང་སྐུ་གཤེགས།

2 རིག་གཞུང་གྲུབ་འབྲས།

《རྒྱ་གར་ནག་གི་རིག་གནས་འབྲེལ་བའི་ལོ་རྒྱུས་དཔེ་ཚོགས།》

《རྒྱ་གར་གྱི་ལོ་རྒྱུས་ཧྲག་བསྡུས།》

《རྒྱ་གར་གནའ་རབས་སྐད་བརྡའི་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྡུས།》

《1857-1859ལོའི་རྒྱ་གར་མི་རིགས་ཀྱི་འོས་ལངས།》

《གདོལ་མའི་ཆོས་ལུགས་ཀྱི་སྐད་བརྡའི་གནད་དོན།》

《ཤར་ཕྱོགས་རྩོམ་རིག་ལོ་རྒྱུས།》

《ཤར་ཕྱོགས་རིག་གནས་ཉམས་ཞིབ།》

《བསམ་གཏན་དང་ཤར་ཕྱོགས་རིག་གནས།》

《ཤར་ནུབ་རིག་གནས་ཀྱི་དཔྱད་རྩོམ་ཕྱོགས་བསྡུས།》

《འཛམ་གླིང་རིག་གནས་ལོ་རྒྱུས་ཤེས་བྱ།》

འགྱུར་རྩོམ་ངོ་སྤྲོད།

《ཨན་ན་ཞིས་ཀི་སིས་སྒྲུང་ཐུང་ཕྱོགས་བསྒྲིགས།》

《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད།》

ཁོང་ནི་ཆུང་དུས་ནས་ཕྱི་གླིོང་དུ་སློབ་སྦྱོང་བྱས་པས་དབྱིན་ཡིག་དང་འཇར་ཡིག སྒྲ་རིག་པ་དང་ཨུ་རུ་སུའི་ཡི་གེ་དང་ཧྥ་རན་སུའི་ཡི་སོགས་ལ་མཁས་ཤིང་ལྷག་པར་དུ་ཐོད་ཀར་གྱི་ཡི་གེ་ལ་བྱང་ཆུད་པས་འཛམ་གླིང་སྟེང་སྐད་རིགས་འདི་ཉིད་རྟོགས་པའི་མཁས་པ་ཉུང་ངུ་འགས་གྲས་ཀྱི་གཅིག་ཡིན། ཁོང་གི་རྒྱ་གར་རིག་གནས་དང་ནང་བསྟན་རིག་གནས། ཐོད་ཀར་གྱི་རིག་གནས་སོགས་མ་ཟད་ཀྲུང་གོའི་རྩོམ་རིག རྩོམ་རིག་གཤིབ་བསྡུར་རིག་པ། རྩོམ་རིག་གཞུང་ལུགས་སོགས་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ཡོད་ཅིང་། དེ་དག་ཕྱོགས་བསྡུས་བྱས་ནས《ཅིས་ཤན་ལིན་གྱི་གསུང་འབུམ་ཕྱོགས་བསྒྲིགས》ཞེས་པ་དེབ་ཕྲེང24ཅན་པར་དུ་བསྐྲུན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-19

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།