ཡོངས་འཛིན་རིག་མཛོད། >ལག་རྩལ། >ལས་གྲྭ།

གདོང་སྣ་ཆུ་གློག་ས་ཚིགས།

གདོང་སྣ་ཆུ་གློག་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་རྫོང་མཁར་དང་བར་ཐག་སྤྱི་ལེ18ཀྱི་མཚམས་དང་། སྔོ་རྒྱའི་འགག་ཆུ་གློག་ས་ཚིགས་ཀྱི་སྨད་རྒྱུད་དུ་སྤྱི་ལེ18ཀྱི་མཚམས་སུ་ཡོད། རྒྱ་ཡིག་གི་མིང་། 康扬水电站 ཕྱི་ཡིག་གི་མིང་། Kang Yang Hydropower Station སྲིད་འཛིན་ཁོངས་གཏོགས། རྨ་ལྷོ་ཁུལ་གཅན་ཚ་རྫོང་གདོང་སྣ་གྲོང་རྡལ། བཙུགས་ལོ། 2003ལོའི་ཟླ7པའི་ཚེས1ཉིན། ཆུ་ཤོང་ཚད། སྨི་གྲུ་བཞི་མ་ཁྲི2880ཡིན། གནས་ཡུལ།

རིགས་དབྱེ།   ལག་རྩལ།ལས་གྲྭ།

སྔོ་རྒྱའི་འགག་ཆུ་གློག་ས་ཚིགས།

སྔོ་རྒྱའི་འགག་ཆུ་གློག་ས་ཚིགས་ནི་ཚྭ་རྔ་འགག་ཆུ་གློག་ས་ཚིགས་བསྐྲུན་པའི་རྗེས་སུ། ཡང་བསྐྱར་རྨ་ཆུའི་སྟོད་ཕྱོགས་སུ་བཙུགས་པའི་ཆུ་གློག་ས་ཚིགས་ཆེ་གྲས་ཤིག་ཡིན། དེ་ནི་རྒྱལ་ཁབ་ཀྱི"བརྒྱད་ལྔའི"གཙོ་གནད་ལས་གཞི་ཞིག་ཡིན། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ཞིང་། མཚོ་སྔོན་དང་། ཀན་སུའུ། ཧྲན་ཞི། ཉིན་ཞ་བཅས་ཞིང་ཆེན4ཡིས་མ་དངུལ་བསྡུས་ནས་འཛུགས་སྐྲུན་བྱས་པ་ཡིན། རྒྱ་ཡིག་གི་མིང་། 李家峡水电站 ཕྱི་ཡིག་གི་མིང་། Lijiaxia Hydropower Station སྲིད་འཛིན་ཁོངས་གཏོགས། རྨ་ལྷོ་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ།

རིགས་དབྱེ།   ལག་རྩལ།ལས་གྲྭ།

སྒ་གཞོག་ཐབས།

དང་པོ་སྒ་གཞོག་བྱེད་ཀྱི་རྒྱུ་ཤིང་ཆེས་ཡག་ཤོས་ནི། སྟག་པ་ཤིང་དང་གྲོ་བ་ཤིང་ཡིན། རྟ་སྒ་གཞོག་བྱེད་ཀྱི་ཤིང་ལ་སྟག་པ་ཤིང་གི་རྩ་བྲད་སྦོམ་ལ་རང་འགུག་ཅན་བཟང་བས། ཤིང་སྡོང་རྩ་བ་བརྐོས་ནས་སྒ་འོས་མིན་བཅས་ལ་སྒ་མཁན་རང་ཉིད་ཀྱིས་བརྟག་དགོས་ལ། ཤིང་བཟང་ཤོས་ཡིན་ན་ཁྱིམ་ནས་ཟླ་བ་ལྔ་དྲུག་གམ་ལོ་གཅིག་གཉིས་ཙམ་ལ་བསྐམ་བཅུག་ནས་ད་གཟོད་རྟ་སྒ་གསར་པ་གཞོག་དགོས། སྒ་ཁོག་དོག་ཆེ་ན་རྟའི་རྒྱབ་གཅད། ལེབ་ཆེ་ན་འགྱུར་སླ། སྔ་རུ་དང་ཕྱི་རུ་མཐོ་ཆེ་ན་ལྟད་ལ་མི་བདེ། ཧ་ཅང་དམའ་ན་བརྗིད་དང་མཛེས་ཆ་མེད་པས་སྒ་མཁན་གྱི་ཉམས་མྱོང་དང་སྒ་དཔེ་ལེགས་པོ་ལ་དཔེ་བྱ་རྒྱུ་གལ་ཆེའོ།།

རིགས་དབྱེ།   ལག་རྩལ།ལས་གྲྭ།

སྔོ་ཚོད་འདེབས་པའི་གྲ་སྒྲིག

འདིར་སྔོ་ཚོད་འདེབས་པའི་གྲ་སྒྲིག་ལས་ཞིང་ཆས་གཙོ་བོ་དང་འདེབས་སྟངས། དྲོད་ཁང་གི་ས་ཁོད་ལེགས་སྒྲིག་དང་ས་རྒྱུ་དུག་སེལ་བྱེད་སྟངས་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད། རྒྱ་ཡིག་གི་མིང་། 蔬菜种植的准备 རིགས་དབྱེ། སྔོ་ཚོད་འདེབས་འཛུགས། ཞིང་ཆས་གཙོ་བོ། ལྕགས་ཁེམ། གཙོ་བོ་ས་སློག་པ་དང་། རྣང་མ་ལས་པ། ས་ཁོད་སྙོམ་པ། རྣང་ཤུར་ལས་པ་སོགས་ལ་མཁོ། ཤལ་དྲ། གཙོ་བོ་བསློགས་ཡོད་པའི་ས་སྙོམ་སྤྱད་ལ་མཁོ། སྦྱག་མ། གཙོ་བོ་སྔོ་ཚོད་སྐྱེ་སྐབས་ས་རྒྱུ་ལྷོད་པ་དང་ཡུར་མ་ཡུར་སྤྱད་ལ་མཁོ། རྐོ་མ།

རིགས་དབྱེ།   ལག་རྩལ།ལས་གྲྭ།

སྲན་ལེབ་འདེབས་པའི་ལག་རྩལ།

འདིར་སྲན་ལེབ་འདེབས་པའི་ལག་རྩལ་གྱི་ས་ཐང་སྙོམ་པ་དང་ལུད་འཇོག་པ། ས་བོན་བཟང་བོ་འདེམ་པ་དང་ས་བོན་ལས་སྣོན་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད། རྒྱ་ཡིག་གི་མིང་། 扁豆播种技术 རིགས་དབྱེ། འབྲུ་རིགས་འདེབས་འཛུགས། ས་ཐང་སྙོམ་པ། སྟོན་ལོག་བརྒྱབ་པ་བཟང་ན་ཞིང་སའི་ངོ་ཇེ་ཆེར་འགྲོ་བ་དང་སེར་འཛིན་པ། རྩྭ་ལྡུམ་གསོད་པ། ནད་འབུའི་གནོད་སྐྱོན་ཇེ་ཉུང་དུ་གཏོང་བ་བཅས་བྱེད་ཐུབ། འདི་ནི་སྲན་མྱུག་སྦོབ་པོ་སྐྱེ་བའི་རྨང་གཞི་ཡིན། སྲན་ལེབ་ནི་རྩ་ལག་ཡོད་པའི་སྐྱེ་དངོས་ཀྱི་རིགས་ཤིག་ཡིན་པ་དང་།

རིགས་དབྱེ།   ལག་རྩལ།ལས་གྲྭ།

ལ་སེར་འདེབས་པའི་ལག་རྩལ།

ལ་སེར་ནི་ལོ་གཅིག་ནས་གཉིས་ལ་སྐྱེས་པའི་རྩྭ་རིགས་ཀྱི་སྐྱེ་དངོས་ཤིག་ཡིན། ས་སེར་ལ་སྤྲིད་དཀར་དང་། ཀལ། འཚོ་བཅུད། གུང་ལ་ཕུག་གི་བཅུད་སོགས་འཚོ་བཅུད་ཀྱི་རྒྱུ་ལྡན་པ་མ་ཟད། ད་དུང་མིག་གི་ནུས་པ་ཇེ་བཟང་ལ་ཡོང་བ་དང་། རིམས་འགོག་གི་ནུས་པ་མཐོར་འདེགས་བྱེད་པ། སྙིང་ནད་འགོག་བཅོས་བྱེད་པ། ཁྲག་ཚིལ་ཇེ་དམའ་རུ་གཏོང་བ་སོགས་ཀྱི་རིན་ཐང་ལྡན། འདིར་ལ་སེར་འདེབས་པའི་ལག་རྩལ་གྱི་ཁོར་ཡུག་གི་ཆ་རྐྱེན་དང་ལ་སེར་འདེབས་པའི་ལག་རྩལ། ནད་དང་གནོད་འབུ་འགོག་བཅོས་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།   ལག་རྩལ།ལས་གྲྭ།

གྲོ་འདེབས་པའི་ལག་རྩལ།

འདིར་གྲོ་འདེབས་པའི་ལག་རྩལ་གྱི་ཞིང་ས་འདེམ་པ་དང་ཞིང་འདེབས་པ། ས་ཐང་སྙོམ་པ་དང་ལུད་འཇོག་པ་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད། རྒྱ་ཡིག་གི་མིང་། 小麦播种技术 རིགས་དབྱེ། འབྲུ་རིགས་འདེབས་འཛུགས། ཞིང་ས་འདེམ་པ། ས་མཐུག་པ་དང་ལུད་ཅུང་མང་བ། ཆུ་ལུད་ལ་འགན་ལེན་བྱེད་ཐུབ་པ། ཆུ་གཏོང་སླ་བ་བཅས་ཀྱི་ཞིང་ས་འདེམ་དགོས། དེ་ཡང་ཐོག་མར་སྲན་ཤུལ་འདེམ་པ་དང་། གཞུག་ནས་སྐྱེ་ཤུལ་འདེམ་དགོས་ལ། གྲོ་ཤུལ་ལ་གྲོ་བསྐྱར་འདེབས་བྱས་ན་མི་བཟང་།

རིགས་དབྱེ།   ལག་རྩལ།ལས་གྲྭ།

ཞོག་ཁོག་འདེབས་པའི་ལག་རྩལ་གསར་བ།

འདིར་ཞོག་ཁོག་འདེབས་པའི་ལག་རྩལ་གསར་བའི་སོན་བཟང་འདེམ་པ་དང་ཞིང་ས་བདམས་ནས་ས་ཐང་སྙོམ་པ། རྨང་ལུད་འདང་ངེས་འཇོག་པ་དང་ས་བོན་ལས་སྣོན་བྱེད་པ་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད། རྒྱ་ཡིག་གི་མིང་། 土豆播种的新技术 རིགས་དབྱེ། འབྲུ་རིགས་འདེབས་འཛུགས། སོན་བཟང་འདེམ་པ། ས་བོན་བཟང་བོ་འདེམ་པ་ནི་ཞོག་ཁོག་གི་ཐོན་ཚད་ཇེ་མཐོར་གཏོང་བའི་གནད་དམ་པ་ཡིན། ཞིང་ས་བདམས་ནས་ས་ཐང་སྙོམ་པ། ཞོག་ཁོག་ནི་ས་ཞིང་གཅིག་གི་སྟེང་ལ་བསྟུད་མར་བཏབ་ན་མི་བཟང་བའི་སྐྱེ་དངོས་ཤིག་ཡིན། ཞོག་ཁོག་འདེབས་ས་དེ་ལོ་གསུམ་གྱི་ནང་དུ་ཞོག་ཁོག་མ་བཏབ་པའི་ཞིང་སར་བརྗེ་དགོས། ཞོག་ཁོག་བསྟུད་མར་བཏབ་ན་ཐོན་འབྲས་མི་བཟང་བས་ཐོན་སྐྱེད་ཀྱི་ཕྱོགས་ནས་བསྟུད་མར་འདེབས་མི་རུང་།

རིགས་དབྱེ།   ལག་རྩལ།ལས་གྲྭ།

ཉི་འོད་དྲོད་ཁང་གི་ཞིང་ཁའི་དོ་དམ།

འདིར་ཉི་འོད་དྲོད་ཁང་གི་ཞིང་ཁའི་དོ་དམ་གྱི་དོ་དམ་དང་ནད་དང་གནོད་འབུ་འགོག་བཅོས་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད། རྒྱ་ཡིག་གི་མིང་། 阳光温室的农田管理 རིགས་དབྱེ། སྔོ་ཚོད་འདེབས་འཛུགས། ཞིང་ཁའི་དོ་དམ། དྲོད་ཚད། སྔོ་ཚོད་སྐྱེ་བའི་དུས་སྐབས་སུ་སྔོ་ཚོད་ལ་འཕྲོད་པའི་དྲོད་ཚད་ཕལ་ཆེར10-20℃ཡིན། དྲོད་ཚད་མཐོ་དྲགས་པའམ་ཡང་ན་མང་དྲགས་ན་སྔོ་ཚོད་ལ་གནོད་པ་ཡོད། དེ་བས་རྒྱུན་དུ་དྲོད་ཁང་ནང་གི་དྲོད་ཚད་ཀྱི་འགྱུར་ལྡོག་ལ་ཁ་ལོ་བསྒྱུར་དགོས། ཉིན་མོར་དྲོད་ཚད་མཐོ་བ་དང་མཚན་མོར་དྲོད་ཚད་དམའ་བས།

རིགས་དབྱེ།   ལག་རྩལ།ལས་གྲྭ།

ལ་ཙི་འདེབས་པའི་ལག་རྩལ།

ལ་ཙི་ནི་དྲོད་ཁོལ་ལ་དགའ་ཞིང་བད་འཁྱག་ལ་སྐྲག་པ་དང་། དྲོད་ཚད་མཐོན་པོར་འཛེམ་ཞིང་ཉི་མར་ལྡེ་བར་སྐྲག་པ། བརླན་གཤེར་ལ་དགའ་ཞིང་ཆུ་འཚིག་ལ་སྐྲག་པ། ལུད་ལ་ཅུང་དགའ་ཞིང་ཐན་པར་སྐྲག་པ་བཅས་ཀྱི་སྔོ་ཚོད་ཅིག་ཡིན་ཞིང་། ཉི་འོད་དྲོད་ཁང་ནས་དུས་ཚིགས་གཅིག་ལ་འདེབས་པ་གཙོ་བོ་ཡིན་ལ། འདིར་ལ་ཙི་འདེབས་པའི་ལག་རྩལ་གྱི་ས་བོན་འདེམ་པ་དང་རྨོ་འདེབས་མྱུག་གསོ། སྣུར་འཛུགས་བྱེད་པ་དང་ཞིང་ཁའི་དོ་དམ་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད། རྒྱ་ཡིག་གི་མིང་།

རིགས་དབྱེ།   ལག་རྩལ།ལས་གྲྭ།

ཀན་ལན་འདེབས་པའི་ལག་རྩལ།

ཀན་ལན་ནི་པད་ཁའི་རིགས་སུ་གཏོགས་པའི་སྐྱེ་དངོས་ཀྱི་རིགས་ཤིག་ཡིན། དེའི་འཚོ་བཅུད་ཕུན་སུམ་ཚོགས་པ་སྟེ། འཚོ་བཅུད་དང་སྤྲིད་དཀར་ཅུང་མང་པོ་འདུས། དེ་བརྔོས་ཆོག་ལ་འཁྱག་ཟས་བྱས་ཀྱང་ཆོག འདིར་ཀན་ལན་འདེབས་པའི་ལག་རྩལ་གྱི་ཁོར་ཡུག་གི་ཆ་རྐྱེན་དང་ཀན་ལན་འདེབས་པའི་ལག་རྩལ། ནད་དང་གནོད་འབུ་འགོག་བཅོས་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད། རྒྱ་ཡིག་གི་མིང་། 甘蓝种植技术 རིགས་དབྱེ། སྔོ་ཚོད་འདེབས་འཛུགས། ཁོར་ཡུག་གི་ཆ་རྐྱེན། དྲོད་ཚད། ཀན་ལན་ནི་གྲང་ངར་དང་ཚ་བ་ཐུབ་པའི་སྐྱེ་དངོས་ཤིག་ཡིན། སྤྱིར་བཏང་དུ་དྲོད་ཚད7-25℃ཡིན་ན་འབྲས་བུ་ལེགས་པོ་འབྱུང་།

རིགས་དབྱེ།   ལག་རྩལ།ལས་གྲྭ།

ཏེ་པེ་ཁྲུན།

ཁོག་དུག་དང་རེག་གསོད་ཀྱི་ནུས་པ་ཧ་ཅང་ཆེ། བུལ་ཏོག་ཅན་གྱི་ཞུན་མའི་ནང་དུ་ཏེ་ཏེ་ཝེ་ལ་འགྱུར་ཞིང་དེའི་རྗེས་སུ་མུ་མཐུད་དུ་དབྱེ་ཕྲལ་བྱས་ན་སྨན་ནུས་འཆོར་འགྲོ། མི་དང་ཕྱུགས་ལ་དུག་ཕོག་པའི་རང་བཞིན་ཅུང་དམའ་བར་མ་ཟད་སྐྱི་ལྤགས་ལ་མི་གནོད། རྒྱ་ཡིག་གི་མིང་། 敌百虫 རིགས་དབྱེ། འབུ་གསོད་སྨན། ངོ་སྤྲོད། ཁོག་དུག་དང་རེག་གསོད་ཀྱི་ནུས་པ་ཧ་ཅང་ཆེ། བུལ་ཏོག་ཅན་གྱི་ཞུན་མའི་ནང་དུ་ཏེ་ཏེ་ཝེ་ལ་འགྱུར་ཞིང་དེའི་རྗེས་སུ་མུ་མཐུད་དུ་དབྱེ་ཕྲལ་བྱས་ན་སྨན་ནུས་འཆོར་འགྲོ། མི་དང་ཕྱུགས་ལ་དུག་ཕོག་པའི་རང་བཞིན་ཅུང་དམའ་བར་མ་ཟད་སྐྱི་ལྤགས་ལ་མི་གནོད།

རིགས་དབྱེ།   ལག་རྩལ།ལས་གྲྭ།

ཀེའུ་འདེབས་པའི་ལག་རྩལ།

ཀེའུ་ནི་ནམ་ཟླ་གྲང་འཁྱགས་པ་ལ་འཕྲོད་ཅིང་གྲང་ངར་བཟོད་ཐུབ་པ་ཞིག་ཡིན། སྐྱེ་བའི་སྐབས་སུ་དྲོད་ཀྱང་བཟོད་ཐུབ་པས། དྲོད་ཚད་ཀྱི་ཕྱོགས་ལ་དེ་འདྲའི་གཟབ་ནན་བྱེད་མི་དགོས་པ་ཞིག་ཡིན་ལ། འདིར་ཀེའུ་འདེབས་པའི་ལག་རྩལ་གྱི་ཁོར་ཡུག་གི་ཆ་རྐྱེན་དང་ས་བོན་འདེམ་པ། ཞིང་ཁའི་དོ་དམ་དང་དགུན་བརྒལ་འདེབས་འཛུགས། ནད་དང་གནོད་འབུ་འགོག་བཅོས་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད། རྒྱ་ཡིག་གི་མིང་། 韭菜种植技术 རིགས་དབྱེ། སྔོ་ཚོད་འདེབས་འཛུགས། ཁོར་ཡུག་གི་ཆ་རྐྱེན། དྲོད་ཚད། ཀེའུ་ནི་ནམ་ཟླ་གྲང་འཁྱགས་པ་ལ་འཕྲོད་ཅིང་གྲང་ངར་བཟོད་ཐུབ་པ་ཞིག་ཡིན།

རིགས་དབྱེ།   ལག་རྩལ།ལས་གྲྭ།

སྒོག་པ་འདེབས་པའི་ལག་རྩལ།

སྒོག་རིགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རིགས་ཀྱང་ཅུང་མང་། འདེབས་འཛུགས་ཀྱི་དམིགས་ཡུལ་མི་མཐུན་པ་ལྟར་དབྱེ་ན་སྒོག་ལོག་སྤྱོད་པ་དང་སྒོག་ཤིང་སྤྱོད་པ། སྔོ་སྒོག་སྤྱོད་པ་སོགས་ཡོད། སྒོག་པ་ལ་འཚོ་བཅུད་དང་། ཕུང་བོ་བདེ་ཐང་། འབུ་ཕྲ་གསོད་པ་སོགས་ཀྱི་རིན་ཐང་ལྡན། འདིར་སྒོག་པ་འདེབས་པའི་ལག་རྩལ་གྱི་ཁོར་ཡུག་གི་ཆ་རྐྱེན་དང་སྒོག་པ་འདེབས་པའི་ལག་རྩལ། ནད་དང་གནོད་འབུ་འགོག་བཅོས་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད། རྒྱ་ཡིག་གི་མིང་། 大蒜种植技术 རིགས་དབྱེ།

རིགས་དབྱེ།   ལག་རྩལ།ལས་གྲྭ།

ཟམ་པ་ཉིས་བརྩེགས།

ཡུལ་ཤུལ་དང་གདང་ལ་གྲོང་རྡལ་གྱི་ས་མཚམས་སུ་ཟམ་པ་ཉིས་བརྩེགས་ཅན་ཞིག་ཡོད་པར་དེ་ལྟར་ཐོགས། རྒྱ་ཡིག་གི་མིང་། 叁巴尼合则 ལ་ཏིང་གི་མིང་། zam pa nyis brtsegs རིགས་དབྱེ། ཟམ་པ། སྲིད་འཛིན་ཁོངས་གཏོགས། ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ། གནས་ཡུལ། གདང་ལ་གྲོང་རྡལ་གྱི་བྱང་ཕྱོགས་སུ་གནས། ངོ་སྤྲོད། གདང་ལ་གྲོང་རྡལ་གྱི་བྱང་གི་སྤྱི་ལེ120མཚམས་སུ་ཡོད།  ཡུལ་ཤུལ་དང་གདང་ལ་གྲོང་རྡལ་གྱི་ས་མཚམས་སུ་ཟམ་པ་ཉིས་བརྩེགས་ཅན་ཞིག་ཡོད་པར་དེ་ལྟར་ཐོགས།

རིགས་དབྱེ།   ལག་རྩལ།ལས་གྲྭ།

ཕག་གསོ་ཐབས།

ཕག་གསོ་ཐབས་ཞེས་པར་ཕག་ལ་དུས་ལྟར་གཟན་ཆས་མང་ཙམ་སྟེར་བ་དང་། ཆུ་ལྡུད་པ། དུག་སྦྲེང་འདེད་པ་བཅས་ཀྱིས་གསོ་སྐྱོང་ལེགས་པོ་བྱེད་དགོས། ཁོངས་གཏོགས། ཞིང་ལས། གཟན་ཆས་མང་ཙམ་སྟེར་བ། གཟན་ཆས་འདེམས་སྒྲུབ་ཞིབ་ཚགས་བྱེད་པ་དང་ཚ་སེལ་མེ་སྦྱོང་གི་གཟན་ཆས་དང་སྦྱོར་རྟ་མང་ཙམ་སྟེར་དགོས། རྒྱུན་མཐོང་གི་ཚ་སེལ་མེ་སྦྱོང་རིགས་ཀྱི་གཟན་ཆག་དང་སྦྱོར་རྟ་ལ་གློ་སྤགས་དང་མིས་བཟོས་ཚྭ། ནན་ཀྭ་སོགས་ཡོད་ཅིང་ཐོན་སྐྱེད་བྱེད་པའི་ནང་ཆ་རྐྱེན་ལ་གཞིགས་ཏེ་འདེམས་སྤྱོད་བྱེད་ཆོག ཁྲེ་རྒོད་དང་ཀྭ་རིགས་སྐམ་པོ་དེ་མིན་སྦང་མ་སོགས་ཚ་གཤིས་གཟན་ཆས་གང་ཐུབ་ཀྱིས་ཉུང་ཙམ་སྟེར་དགོས།   ཆུ་ལྡུད་པ། དབྱར་དུས་ཕག་པ་ཆུ་འཐུང་ཤུགས་ཆེ་རུ་འགྲོ་བ་དང་དེའི་ནང་ནས་འོ་མ་ལྡུད་བཞིན་པའི་ཕག་དང་ཕག་ཕྲུག་གི་ཆུའི་མཁོ་ཚད་དེ་བས་ཆེ་རུ་འགྲོ་བཞིན་ཡོད་པས།

རིགས་དབྱེ།   ལག་རྩལ།ལས་གྲྭ།

ལུག་གསོ་ལག་རྩལ།

ལུག་གསོ་བའི་ལས་རིགས་དེ་འབྲོག་ཁུལ་ནས་ཞིང་ཁུལ་དུ་རིམ་པར་འགྱུར་བཞིན་ཡོད་པས། འོན་ཀྱང་ཞིང་ཁུལ་གྱི་སྲོལ་རྒྱུན་དོ་དམ་བྱེད་སྟངས་ལ་དཔལ་འབྱོར་གྱི་ཁེ་ཕན་འབྲས་ཆེན་པོ་ཐོབ་དཀའ། རིགས་རྒྱུད་སྤུས་ལེགས་ནང་འདྲེན་བྱེད་པ་དང་ཟུང་འབྲེལ་གྱིས་གཞི་རྩའི་ལག་རྩལ་ཁོང་དུ་ཆུད་ཚེ་ལུག་གསོ་བའི་དཔལ་འབྱོར་གྱི་ཁེ་ཕན་མཐོ་རུ་གཏོང་ཐུབ། ཁོངས་གཏོགས། ལག་རྩལ། ངོ་སྤྲོད། ལུག་གསོ་བའི་ལས་རིགས་དེ་འབྲོག་ཁུལ་ནས་ཞིང་ཁུལ་དུ་རིམ་པར་འགྱུར་བཞིན་ཡོད་པས། འོན་ཀྱང་ཞིང་ཁུལ་གྱི་སྲོལ་རྒྱུན་དོ་དམ་བྱེད་སྟངས་ལ་དཔལ་འབྱོར་གྱི་ཁེ་ཕན་འབྲས་ཆེན་པོ་ཐོབ་དཀའ། རིགས་རྒྱུད་སྤུས་ལེགས་ནང་འདྲེན་བྱེད་པ་དང་ཟུང་འབྲེལ་གྱིས་གཞི་རྩའི་ལག་རྩལ་ཁོང་དུ་ཆུད་ཚེ་ལུག་གསོ་བའི་དཔལ་འབྱོར་གྱི་ཁེ་ཕན་མཐོ་རུ་གཏོང་ཐུབ།

རིགས་དབྱེ།   ལག་རྩལ།ལས་གྲྭ།

གྲུག་ཧྲུག་འཕྲུལ་ཆས།

གྲུག་ཧྲུག་འཕྲུལ་ཆས་ནི་གཟན་ཆས་ཞིབ་ཤོས་གྲུག་ཧྲུག་གཏོང་བ་དང་གཟན་ཆས་རྩུབ་ཤོས་གྲུག་ཧྲུག་གཏོང་བའི་འཕྲུལ་ཆས་རིགས་གཉིས་ཡོད་ཅིང་། གཟན་ཞིབ་གྲུག་ཧྲུག་འཕྲུལ་ཆས་ལའང་སྤྱིར་སྤྱོད་ཚུལ་ཐོ་ལེབ་གྲུག་ཧྲུག་འཕྲུལ་ཆས་དང་ཆུ་ཐིགས་ཚུལ་གྲུག་ཧྲུག་འཕྲུལ་ཆས། གྱེན་བཞེངས་ཚུལ་ཐོ་ལེབ་གྲུག་ཧྲུག་འཕྲུལ་ཆས་སོགས་རྣམ་པ་དུ་མ་ཡོད་དོ།། གཟན་ཞིབ་གྲུག་ཧྲུག་འཕྲུལ་ཆས་འདི་འབྲུ་རྡོག་ཚུལ་གྱི་རྒྱུ་ཆ་སྦྱོར་བཟོ་ལ་སྤྱོད་པ་གཙོ་སྟེ། དཔེར་ན་མ་རྨོས་ལོ་ཏོག་དང་སྲན་མ། གྲོ་ནས་ལྟ་བུའོ།།

རིགས་དབྱེ།   ལག་རྩལ།ལས་གྲྭ།

དགུན་དུས་ལུད་སྙལ་ཐབས།

དགུན་དུས་ལུད་སྙལ་ཐབས་ཞེས་པར་ས་དབྱིབས་གཤོང་སར་ལུད་སྙལ་བ་དང་། ལུད་སྙལ་སྐབས་དྲོད་ཚད་མཐོ་བ། རྫབ་ལུད་གསོག་པ་བཅས་ལག་བསྟར་བགྱིས་ན་ལུད་རྫས་སྤུས་དག་ཆགས་ཐུབ། ཁོངས་གཏོགས། ཞིང་ལས། གཤོང་ས། ཞིང་ལུད་གསོག་ས་དེ་ས་ཆ་གཤོང་ས་ཞིག་བྱུང་ན་རླུང་བུའི་གནོད་འཚེ་དེ་ས་ཆ་མཐོ་ས་ལས་ཆུང་བ་དང་། ས་ཆ་བདེ་ཐང་ལས་དྲོད་ཚད་ཏུའུ3-4ཡི་དྲོ་བ་ཡོད་སྟབས་ས་ཆ་གཤོང་སར་ལུད་ཕུང་རྒྱག་དགོས། ལུད་ཕུང་གི་དབྱིབས་ནར་མོའམ་ཡང་ན་དབྱིབས་སྒོར་མོ་ཞིག་བཟོ་དགོས་པ་དང་། ལུད་ཕུང་གི་མཐོ་ཚད་དེ་འཚམ་པོ་ཞིག་བཟོ་དགོས་པ་ལས་ཧ་ཅང་མཐོ་དྲགས་ན་གྲང་ངར་ཆེ་བའི་རླུང་བུ་རྒྱུན་མི་ཆད་པར་རྒྱུག་པས།

རིགས་དབྱེ།   ལག་རྩལ།ལས་གྲྭ།

སྨན་ཁྲུས་རྫིང་བུ།

རྔོ་རྨོ་དང་ལུས་ཐོག་གི་འཁྲི་འབུ་འགོག་ཆེད། ལོ་རེར་དུས་ཀྱི་ངེས་པ་ཡོད་པ་ལྟར་ལུག་ཁྱུ་ལ་སྨན་ཁྲུས་རྒྱག་བྱེད་ཀྱི་རྫིང་བུ་ཞིག་ཡིན། བོད་ཡིག་གི་མིང་། སྨན་ཁྲུས་རྫིང་བུ། ཁོངས་གཏོགས། ཕྱུགས་ལས། ངོ་སྤྲོད། རྔོ་རྨོ་དང་ལུས་ཐོག་གི་འཁྲི་འབུ་འགོག་ཆེད། ལོ་རེར་དུས་ཀྱི་ངེས་པ་ཡོད་པ་ལྟར་ལུག་ཁྱུ་ལ་སྨན་ཁྲུས་རྒྱག་བྱེད་ཀྱི་རྫིང་བུ་ཞིག་ཡིན། ཁྱད་ཆོས། རྫིང་བུ་དེ་སྤྱིར་ཨར་འདམ་གྱིསབཟོས་ཤིང་། དབྱིབས་ནར་མོ་ཚུལ་ཡིན་པ་དང་། ཟབ་ཚད1mདང་རིང་ཚད10mཡས་མས་ཡོད་པ། མཐིལ་ཞེང30-50㎝ཡོད་པ་དགོས་ལ།

རིགས་དབྱེ།   ལག་རྩལ།ལས་གྲྭ།

དབྱིབས་དྲིལ་ཅན་གཟན་ཆས།

དབྱིབས་དྲིལ་ཅན་གཟན་ཆས་ནི་རིལ་རྡོག་དབྱིབས་ཀྱི་གཟན་ཆས་དང་། ལེབ་མོར་བཟོས་པའི་རྩྭ་སྐམ། སོབ་པོར་བཏང་པའི་གཟན་ཆས་ལྟ་བུའོ།། བོད་ཡུལ་ལ་མཚོན་ན། ས་ནང་ངམ་ཕྱུགས་རྩྭ་ནང་གི་སེ་རྫས་རྒྱུན་སྲོལ་ལས་ཉུང་བས། སེ་རྫས་ཁ་གསབ་རྒྱག་ཆེད། མཚོ་སྔོན་ཞིང་ཆེན་ཁོངས་ནས་ལེབ་མོ་ཚུལ་གྱི་ལྡག་སྤྱོད་སེ་རྫས་བཟོས་ཡོད་པ་དེ་བལྡག་བཅུག་ན་ཕན་ནོ།། བོད་ཡིག་གི་མིང་། དབྱིབས་དྲིལ་ཅན་གཟན་ཆས། ཁོངས་གཏོགས། གཟན་ཆས། ངོ་སྤྲོད། དབྱིབས་དྲིལ་ཅན་གཟན་ཆས་ནི་རིལ་རྡོག་དབྱིབས་ཀྱི་གཟན་ཆས་དང་། ལེབ་མོར་བཟོས་པའི་རྩྭ་སྐམ། སོབ་པོར་བཏང་པའི་གཟན་ཆས་ལྟ་བུའོ།། བོད་ཡུལ་ལ་མཚོན་ན། ས་ནང་ངམ་ཕྱུགས་རྩྭ་ནང་གི་སེ་རྫས་རྒྱུན་སྲོལ་ལས་ཉུང་བས།

རིགས་དབྱེ།   ལག་རྩལ།ལས་གྲྭ།

སྨུགས་སྟོར་ཆས།

རྒྱུན་པར་སྤྱོད་པའི་སྨུགས་སྟོར་ཆས་ལ་རིགས་གཉིས་ཏེ། དབུགས་བཞུ་སྨུགས་སྟོར་ཆས་དང་རྒྱབ་འཁུར་ཚུལ་སྒུལ་སྨུགས་སྟོར་ཆས་ཞེས་སོ་སོར་ངོས་འཛིན་ནོ།། བོད་ཡིག་གི་མིང་། སྨུགས་སྟོར་ཆས། ཁོངས་གཏོགས། འཕྲུལ་ཆས། ངོ་སྤྲོད། རྒྱུན་པར་སྤྱོད་པའི་སྨུགས་སྟོར་ཆས་ལ་རིགས་གཉིས་ཏེ། དབུགས་བཞུ་སྨུགས་སྟོར་ཆས་དང་རྒྱབ་འཁུར་ཚུལ་སྒུལ་སྨུགས་སྟོར་ཆས་ཞེས་སོ་སོར་ངོས་འཛིན་ནོ།། དབུགས་བཞུ་སྨུགས་སྟོར་ཆས། དབུགས་བཞུ་སྨུགས་སྟོར་ཆས་ནི། སྟོར་བའི་སྨུགས་རྡུལ་ཞིབ་ཅིང་སྨན་ཆུའི་གར་ཚད་མཐོ་བ། མཁའ་རླུང་ནང་ནས་འཕྱོ་ཡུན་རིང་བ་བཅས་ཀྱི་དབང་དུ། མཁའ་རླུང་ནང་གི་རྡུལ་ཕྲན་ལ་བརྟེན་པའི་ནད་དུག་དང་སྲིན་ཕྲན་འཇོམས་པར་འགྱུར་རོ།།

རིགས་དབྱེ།   ལག་རྩལ།ལས་གྲྭ།

གཟན་ཆས་རྩུབ་ཤོས།

གཟན་ཆས་རྩུབ་ཤོས་རིགས་དེར་རང་བཞིན་གྱི་གཤེར་ཁུ་འདུས་ཚོད་བརྒྱ་ཆའི60མན་ཡིན་པ་དང་། རྒྱུ་སྐམ་པོའི་དངོས་པོ་ནང་ནས་ཚི་སྣ་འདུས་ཚོད་བརྒྱ་ཆའི18ལས་མང་བའམ། དེ་དང་མཉམ་པའི་གཟན་ཆས་རིགས་ལ་གོ་ཞིང་། དེ་ལ་གཏོགས་པ་རྩྭ་སྐམ་རིགས་དང་ཞིང་ལས་ཀྱི་ཞོར་ཐོན་རིགས། སྦང་སྙིགས་རིགས། ལྗོན་པ་ལ་ལའི་ལོ་མ་སོགས་འདུའོ།། བོད་ཡིག་གི་མིང་། གཟན་ཆས་རྩུབ་ཤོས། ཁོངས་གཏོགས། གཟན་ཆས། ངོ་སྤྲོད། གཟན་ཆས་རྩུབ་ཤོས་རིགས་དེར་རང་བཞིན་གྱི་གཤེར་ཁུ་འདུས་ཚོད་བརྒྱ་ཆའི60མན་ཡིན་པ་དང་།

རིགས་དབྱེ།   ལག་རྩལ།ལས་གྲྭ།

སྔོ་ཉར་གཟན་ཆས།

སྔོ་ཉར་གཟན་ཆས་ཟེར་པ་དེ་རྩྭ་ལྡུམ་རིགས་སྔོན་པོ་དེ་ལ་ཟེར་ཞིང་། སྐྱུག་ལྡད་སྒོ་ཕྱུགས་རིགས་ཀྱི་གཟན་ཆས་ཡག་ཤོས་ཡིན་སྲིད་དོ།། བོད་ཡིག་གི་མིང་། སྔོ་ཉར་གཟན་ཆས། ཁོངས་གཏོགས། གཟན་ཆས། ངོ་སྤྲོད། སྔོ་ཉར་གཟན་ཆས་ཟེར་པ་དེ་རྩྭ་ལྡུམ་རིགས་སྔོན་པོ་དེ་ལ་ཟེར་ཞིང་། སྐྱུག་ལྡད་སྒོ་ཕྱུགས་རིགས་ཀྱི་གཟན་ཆས་ཡག་ཤོས་ཡིན་སྲིད་དོ།། ཁྱད་ཆོས། སྔོ་ཉར་གཟན་ཆས་ཟེར་པ་དེ་རྩྭ་ལྡུམ་རིགས་སྔོན་པོ་ཡིན་པའི་སྐབས་སུ་གཏུབ་ནས། རླུང་སེར་མི་ཐེབས་པའི་ཆ་རྐྱེན་འོག་ནས། འོ་སྐྱུར་རུལ་རྟ་ལྟ་བུའི་ཕབ་རྩིའི་ནུས་པ་ལ་བརྟེན་ནས་བསྙལ་ཉར་བྱུང་བའི་གཟན་ཆས་ལ་གོ་ཞིང་། དེ་ལྟར་ཉར་ཚགས་བྱུང་ཚེ།

རིགས་དབྱེ།   ལག་རྩལ།ལས་གྲྭ།

ནུས་ཚོད་བཟང་བའི་གཟན་ཆས།

ནུས་ཚོད་བཟང་བའི་གཟན་ཆས་ནི་རྒྱུ་བ་སྐམ་པོའི་གཟན་ཆས་ཁྲོད་ཀྱི་ཚི་སྣ་རྩུབ་པོའི་འདུས་ཚོད་བརྒྱ་ཆའི18ལས་དམའ་བ་དང་། སྤྲི་དཀར་རྩུབ་པོ་བརྒྱ་ཆའི20ལས་དམའ་བའི་གཟན་ཆས་རིགས་ལ་གོ་བའོ།། བོད་ཡིག་གི་མིང་། ནུས་ཚོད་བཟང་བའི་གཟན་ཆས། ཁོངས་གཏོགས། གཟན་ཆས། ངོ་སྤྲོད། ནུས་ཚོད་བཟང་བའི་གཟན་ཆས་ནི་རྒྱུ་བ་སྐམ་པོའི་གཟན་ཆས་ཁྲོད་ཀྱི་ཚི་སྣ་རྩུབ་པོའི་འདུས་ཚོད་བརྒྱ་ཆའི18ལས་དམའ་བ་དང་། སྤྲི་དཀར་རྩུབ་པོ་བརྒྱ་ཆའི20ལས་དམའ་བའི་གཟན་ཆས་རིགས་ལ་གོ་བའོ།།

རིགས་དབྱེ།   ལག་རྩལ།ལས་གྲྭ།

སྤྲི་དཀར་རྫས་ཀྱི་གཟན་ཆས།

སྤྲི་དཀར་རྫས་ཀྱི་གཟན་ཆས་ནི་དངོས་པོ་སྐམ་པོའི་ནང་གི་ཚི་སྣ་རྩུབ་པོའི་འདུས་ཚོད་བརྒྱ་ཆའི18ལས་ཉུང་བ་དང་མཉམ་པའམ། དེ་བས་ཅུང་ཟད་མང་བའི་གཟན་ཆས་ཀྱི་སྤྱི་མིང་ངོ་།། ལུག་ལ་དགོས་པའི་སྤྲི་དཀར་རྫས་ཀྱི་མང་ཤོས་གྲོད་པའི་ནང་གི་སྐྱེ་དངོས་ཕྲ་རབ་ལས་རུལ་ཕབས་བྱུང་ནས་ཚིམ་འགྱུར་བ་ཡིན་པས། སྤྲི་དཀར་རྫས་ཀྱི་གཟན་ཆས་དེ་དག་གིས་གསོ་སྐྱོང་ཁྲོད་ནས་ཁ་སྐོང་ཚུལ་དུ་སྤྱོད་པ་ཙམ་ཡིན་པས། སྤྲི་དཀར་རྫས་ཀྱི་ཁ་སྐོང་གཟན་ཆས་ཞེས་ཞིབ་ནན་གྱིས་ངོས་འཛིན་ཚུལ་ཡོད་དོ།། བོད་ཡིག་གི་མིང་། སྤྲི་དཀར་རྫས་ཀྱི་གཟན་ཆས། ཁོངས་གཏོགས།

རིགས་དབྱེ།   ལག་རྩལ།ལས་གྲྭ།

བསྐོར་དྲ།

བསྐོར་དྲ་ལ་མ་བུའི་བསྐོར་དྲ་དང་ལུག་ལག་བསྐོར་དྲའི་ཁྱད་ཙམ་ཡོད་པ་དང་། ཤིང་ཆ་སྤྱད་ནས་བཟོས་པ་དང་ལྕགས་ཆ་སྤྱད་ནས་བཟོས་པའི་ཁྱད་ཀྱང་ཡོད་སྲིད་དོ།། བོད་ཡིག་གི་མིང་། བསྐོར་དྲ། ཁོངས་གཏོགས། ཕྱུགས་ཆས། ངོ་སྤྲོད། འདི་ལ་མ་བུའི་བསྐོར་དྲ་དང་ལུག་ལག་བསྐོར་དྲའི་ཁྱད་ཙམ་ཡོད་པ་དང་། ཤིང་ཆ་སྤྱད་ནས་བཟོས་པ་དང་ལྕགས་ཆ་སྤྱད་ནས་བཟོས་པའི་ཁྱད་ཀྱང་ཡོད་སྲིད་དོ།། མ་བུའི་བསྐོར་དྲ། མ་བུའི་བསྐོར་དྲ་ལྟར་ན། མཐོ་ཚད་ལ1mདང་། རིང་ཚད་ལ1.5㎝ཡོད་ཅིང་། དྲ་མིག་ཅན་གྱི་ཆོད་བཟོས་ནས། ལུག་ཁང་གི་གྲུ་ག་རུ་ཟུར་དྲང་བར་འཛུགས་པ་དང་། གྱང་ལྡེབས་ལ་བརྟན་ཐབས་བརྟེན་ཏེ།

རིགས་དབྱེ།   ལག་རྩལ།ལས་གྲྭ།

བལ་འབྲེག་འཕྲུལ་ཆས།

བལ་འབྲེག་འཕྲུལ་ཆས་ལ་བེད་སྤྱོད་བྱེད་སྟངས་ཀྱི་དབང་དུ་སྒུལ་སྤོ་ཚུལ་དང་བརྟན་འཁོད་ཚུལ་ཏེ་རིགས་གཉིས་ཡོད་ཅིང་། སྔོན་མ་དེ་རྩྭ་སྙེག་མཚེར་བརྗེའི་གནས་ཚུལ་ལ་བཀོལ་འཚམ་པ་དང་། ཕྱི་མ་དེ་ལུག་ཁྱུ་ཆེ་ཞིང་ལུག་མང་བའི་དབྱིབས་ཚོད་ཅན་གྱི་ཕྱུགས་ར་ལ་བཀོལ་བར་འཚམ་པ་ཡིན། བོད་ཡིག་གི་མིང་། བལ་འབྲེག་འཕྲུལ་ཆས། ཁོངས་གཏོགས། འཕྲུལ་ཆས། ངོ་སྤྲོད། བལ་འབྲེག་འཕྲུལ་ཆས་ལ་བེད་སྤྱོད་བྱེད་སྟངས་ཀྱི་དབང་དུ་སྒུལ་སྤོ་ཚུལ་དང་བརྟན་འཁོད་ཚུལ་ཏེ་རིགས་གཉིས་ཡོད་ཅིང་། སྔོན་མ་དེ་རྩྭ་སྙེག་མཚེར་བརྗེའི་གནས་ཚུལ་ལ་བཀོལ་འཚམ་པ་དང་།

རིགས་དབྱེ།   ལག་རྩལ།ལས་གྲྭ།

ལུད་རྫས་ཉོ་བར་དོ་སྣང་བྱེད་ས།

ཞིང་བ་རྣམས་ཀྱིས་ལུད་རྫས་ཉོ་སྐབས་ཐོག་མར་ལུད་ཀྱི་དཔང་ཡིག་ཚད་ལྡན་ཡིན་མིན་ལ་ཞིབ་དཔྱད་བྱེད་པ། དེ་ནས་རིམ་བཞིན་ལུད་ཀྱི་ཨང་རྟགས་དང་། ལུད་རྫས་དུས་ཡོལ་ཡོད་མེད་ལ་ནན་ཏན་གྱིས་ལྟ་དགོས་པ་མ་ཟད་མཐར་ལུད་ཉོས་པའི་འཛིན་ཡིག་ཀྱང་ལེན་དགོས། ཁོངས་གཏོགས། ཞིང་ལས། ལུད་ཀྱི་དཔང་ཡིག་ཞིབ་དཔྱད། ཐོན་སྐྱེད་ཆོག་པའི་དཔང་ཡིག་དང་། སྤུས་བཤེར་ཚད་ལྡན་དཔང་ཡིག ལུད་རྫས་ཐོ་འགོད་དཔང་ཡིག་བཅས་ལ་ཞིབ་དཔྱད་བྱེད་དགོས། ལུད་ཀྱི་ཨང་རྟགས་ལ་ལྟ་བ། དེར་གཙོ་བོ་ལུད་རྫས་ཀྱི་མིང་དང་། ཐུམ་སྣོད་ཀྱི་ཚད་གཞི།

རིགས་དབྱེ།   ལག་རྩལ།ལས་གྲྭ།

ལུག་གསོ་བའི་ལག་རྩལ།

ལུག་གསོ་བའི་ལས་རིགས་དེ་འབྲོག་ཁུལ་ནས་ཞིང་ཁུལ་དུ་རིམ་པར་འགྱུར་བཞིན་ཡོད་པས། འོན་ཀྱང་ཞིང་ཁུལ་གྱི་སྲོལ་རྒྱུན་དོ་དམ་བྱེད་སྟངས་ལ་དཔལ་འབྱོར་གྱི་ཁ་ཕན་འབྲས་ཆེན་པོ་ཐོབ་དཀའ། རིགས་རྒྱུད་སྤུས་ལེགས་ནང་འདྲེན་བྱེད་པ་དང་ཟུང་འབྲེལ་གྱིས་གཞི་རྩའི་ལག་རྩལ་ཁོང་དུ་ཆུད་ཚེ་ལུག་གསོ་བའི་དཔལ་འབྱོར་གྱི་ཁེ་ཕན་མཐོ་རུ་གཏོང་ཐུབ། ཁོངས་གཏོགས། ཕྱུགས་ལས། ངོ་སྤྲོད། ལུག་གསོ་བའི་ལས་རིགས་དེ་འབྲོག་ཁུལ་ནས་ཞིང་ཁུལ་དུ་རིམ་པར་འགྱུར་བཞིན་ཡོད་པས། འོན་ཀྱང་ཞིང་ཁུལ་གྱི་སྲོལ་རྒྱུན་དོ་དམ་བྱེད་སྟངས་ལ་དཔལ་འབྱོར་གྱི་ཁ་ཕན་འབྲས་ཆེན་པོ་ཐོབ་དཀའ། རིགས་རྒྱུད་སྤུས་ལེགས་ནང་འདྲེན་བྱེད་པ་དང་ཟུང་འབྲེལ་གྱིས་གཞི་རྩའི་ལག་རྩལ་ཁོང་དུ་ཆུད་ཚེ་ལུག་གསོ་བའི་དཔལ་འབྱོར་གྱི་ཁེ་ཕན་མཐོ་རུ་གཏོང་ཐུབ།

རིགས་དབྱེ།   ལག་རྩལ།ལས་གྲྭ།