ཡོངས་འཛིན་རིག་མཛོད། >ལག་རྩལ། >ལས་གྲྭ། >གློག་ཤུགས་ལས་གྲྭ།

གློག་ཤུགས་ལས་གྲྭ།

གློག་ཤུགས་ལས་གྲྭ་ནི་གློག་ནུས་ཐོན་སྐྱེད་དང་སྐྱེལ་འདྲེན། འབྲེལ་ཡོད་ཀྱི་ལས་གཞི་ལ་བགོ་བཤའ་བྱེད་པ་དང་། ཁྱབ་ཆེ་བའི་སྒོ་ནས་བརྗོད་ན་གློག་ནི་སྒུལ་ཤུགས་སུ་བྱེད་པ་དང་ནུས་ཁུངས་དེ་ཁྱབ་ཁོངས་མང་པོའི་ཁྲོད་དུ་ཉེར་སྤྱོད་བྱེད་པའི་བཟོ་སྐྲུན་ལ་ཟེར།

རིགས་དབྱེ།  

སྔོ་རྒྱའི་འགག་ཆུ་གློག་ས་ཚིགས།

སྔོ་རྒྱའི་འགག་ཆུ་གློག་ས་ཚིགས་ནི་ཚྭ་རྔ་འགག་ཆུ་གློག་ས་ཚིགས་བསྐྲུན་པའི་རྗེས་སུ། ཡང་བསྐྱར་རྨ་ཆུའི་སྟོད་ཕྱོགས་སུ་བཙུགས་པའི་ཆུ་གློག་ས་ཚིགས་ཆེ་གྲས་ཤིག་ཡིན། དེ་ནི་རྒྱལ་ཁབ་ཀྱི"བརྒྱད་ལྔའི"གཙོ་གནད་ལས་གཞི་ཞིག་ཡིན། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ཞིང་། མཚོ་སྔོན་དང་། ཀན་སུའུ། ཧྲན་ཞི། ཉིན་ཞ་བཅས་ཞིང་ཆེན4ཡིས་མ་དངུལ་བསྡུས་ནས་འཛུགས་སྐྲུན་བྱས་པ་ཡིན།

རིགས་དབྱེ།  

བྲག་ཁང་སྣ་ཁ་ཆུ་གློག་ས་ཚིགས།

བྲག་ཁང་སྣ་ཁ་ཆུ་གློག་ས་ཚིགས་ནི་ཕྱི་རྒྱལ་གྱི་ཚོང་བས་མ་རྩ་བཏང་ནས་འཛུགས་སྐྲུན་བྱས་པའི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་ཆུ་གློག་ས་ཚིགས་འབྲིང་གྲས་ཤིག་ཡིན། དེ་ནི་ཞང་ཀང་ཀྲིན་ཞིན་ཚོགས་པའི་ཀུང་ཟི་དང་ཨ་རིའི་ཨེ་ཡེ་སི་ཚོགས་པའི་ཀུང་ཟི་གཉིས་ཀྱིས་མཉམ་དུ་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ཆེས་ཆེ་བའི་ཕྱི་རྒྱལ་ཚོང་བས་མ་དངུལ་བཏང་བའི་ལས་གཞི་དང་བཟོ་སྐྲུན་གཙོ་བོ་ཞིག་ཡིན།

རིགས་དབྱེ།  

གདོང་སྣ་ཆུ་གློག་ས་ཚིགས།

གདོང་སྣ་ཆུ་གློག་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་རྫོང་མཁར་དང་བར་ཐག་སྤྱི་ལེ18ཀྱི་མཚམས་དང་། སྔོ་རྒྱའི་འགག་ཆུ་གློག་ས་ཚིགས་ཀྱི་སྨད་རྒྱུད་དུ་སྤྱི་ལེ18ཀྱི་མཚམས་སུ་ཡོད།

རིགས་དབྱེ།  

ལ་ཟེ་བ་ཆུ་གློག་ས་ཚིགས།

ལ་ཟེ་བ་ཆུ་གློག་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཚལ་རྔ་འགག་ནས་ཆིང་ཐུང་འགག་བར་དུ་འཆར་འགོད་བྱས་པའི་སྐས་རིམ་གློག་ཚུགས་ཆེ་གྲས་གཉིས་པ་དེ་ཡིན། ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་དུ་གནས་ཡོད། ལ་ཟེ་བ་ཆུ་ཤུགས་གློག་ཁང་གི་ཆུ་རགས་ཆེ་ཤོས་སྨི250ཟིན་པ་དང་། དུས་ཐེངས་དང་པོའི་ཆུ་གསོག་ཚད་སྨི2370ཟིན་པ། ཆུ་མཛོད་ཀྱི་རྒྱུན་གཏན་ཆུ་གསོག་ཚད་སྨི2452ཟིན་པ། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར10.79ཟིན་པ། འཕྲུལ་འཁོར་ཚན་པ6གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི420ཟིན་པ། ལོ་མང་ཆ་སྙོམས་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར102.23ཟིན་པ། འགུལ་རྣམ་མ་དངུལ་སྒོར་དུང་ཕྱུར149.86བཅས་ཟིན་ཡོད། གློག་ཁང་དེ་སྤྱི་ལོ2004ལོར་ཆུ་ལམ་བཅད་ནས་ཆུ་རགས་འདྲུ་འགོ་ཚུགས་པ་དང་མིག་སྔར་ཚང་མ་བསྐྲུན་ཟིན་ནས་གློག་གཏོང་འགོ་ཚུགས་ཡོད། ལ་ཟེ་བ་ཆུ་ཤུགས་གློག་ཁང་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་དང་ནུས་རྒྱུ་གཙང་མའི་རྟེན་གཞི་ཆེ་ཤོས་དེ་ཡིན་ལ་རྨ་ཆུ་རྒྱུག་ཁུལ་གྱི་ཆུ་རགས་ཆེ་ཤོས་ཡང་ཡིན། གློག་ཚིགས་སྤྱི་ལོ2009ལོའི་ཟླ4པར། ཁག་དང་པོའི་འཕྲུལ་ཚན་གཉིས་ནས་གློག་གཏོང་འགོ་ཚུགས་ཤིང་། དེའི་ནང་གི་འཕྲུལ་ཚན་དྲུག་པ་ནི་ཀྲུང་གོའི་གློག་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར8ཟིན་པའི་མཚོན་རྟགས་ཤིག་ཡིན་པ་དང་། སྤྱི་ལོ2010ལོའི་ཟླ8པར་ལ་ཟེ་བ་ཆུ་གློག་ས་ཚིགས་ཀྱི་དུས་ཐེངས་དང་པོའི་འཕྲུལ་ཙུའུ་ལྔ་ཆ་ཚང་དྲ་སྦྲེལ་བྱུང་ནས་གློག་གཏོང་འགོ་ཚུགས།

རིགས་དབྱེ།  

ནད་དཔྱད་རང་བཞིན་གྱི་ཚོད་ལྟ།

དེ་ནི་སྐོར་ཞིབ་དང་། དྲ་ཐོག་ལྟ་ཞིབ་ཚད་ལེན། འཆར་ཅན་ཚོད་ལྟ་སོགས་སྒྲིག་ཆས་ཀྱི་གནས་ཚུལ་མི་ལེགས་པ་ཤེས་རྟོགས་བྱུང་བའམ་ཡང་ན་ལས་ཀ་ཡག་པོ་མ་བྱུང་བ་དང་། ཡང་ན་ཁྱིམ་རྒྱུད་ཀྱི་ཞན་ཆའི་ཉེན་བརྡ་ཕོག་པའམ་ཡང་ན་བསྟུད་མར་འཁོར་སྐྱོད་དུས་ཡུན་རིང་བ་བྱས་ནས་སྒྲིག་ཆས་ཀྱི་རྣམ་པར་སྔར་བས་དཔྱད་དཔོག་བྱེད་པར་ཚོད་ལྟ་བྱེད་པ་ཞིག་ཡིན།

རིགས་དབྱེ།  

ཨར་སྐྲུན་གློག་ཤུགས་དང་རིག་ནུས་ཅན།

ཨར་སྐྲུན་གློག་ཤུགས་དང་རིག་ནུས་ཅན་ནི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན་པ་དང་། ཨར་ལས་འཛུགས་སྐྲུན་རིགས་ཀྱི་ཆེད་ལས་ཁོངས་སུ་གཏོགས། གཞི་རྩའི་སློབ་ཡུན་ལོ་བཞི་ཡིན་ལ། བཟོ་རིག་པའི་ཤེས་རམས་པའི་བསླབ་གནས་སྤྲོད་ཀྱིན་ཡོད། སྤྱི་ལོ2012ལོར་ཆེད་ལས་དེ《མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག(སྤྱི་ལོ2012ལོའི་པར་གཞི)》ནང་དངོས་སུ་ཐོན་ཡོད།

རིགས་དབྱེ།  

བར་སྟོང་ཆ་འཕྲིན་དང་གྲངས་འཛིན་ལག་རྩལ།

བར་སྟོང་ཆ་འཕྲིན་དང་གྲངས་འཛིན་ལག་རྩལ་ནི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན་ཞིང་། རྩིས་འཁོར་རིགས་ཀྱི་ཆེད་ལས་ཁོངས་སུ་གཏོགས་པ་དང་། གཞི་རྩའི་སློབ་ཡུན་ལོ་བཞི་ཡིན་ལ་བཟོ་རིག་པའི་ཤེས་རམས་པའི་བསླབ་གནས་སྤྲོད་ཀྱིན་ཡོད། ཆེད་ལས་དེ་ནི་ཆ་འཕྲིན་ཚན་རིག་དང་། བར་སྟོང་ཚན་རིག རྩིས་འཁོར་ཚན་རིག དོ་དམ་རིག་པ་སོགས་རིག་ཚན་མང་པོ་གཞི་གཅིག་ཏུ་འདུས་པའི་རིག་ཚན་ཆེད་ལས་ཤིག་ཡིན་པ་དང་། མཉེན་ཆས་ལས་གྲྭའི་རྨང་གཞི་དང་། འཕྲིན་གཏོང་། རྩིས་འཁོར་ལག་རྩལ། བར་སྟོང་ཇུས་ཐག་གཅོད་ཐབས་སོགས་འདྲེས་སྦྱོར་ཤེས་བྱའི་གྲུབ་ཆ་བཅས་ཏན་ཏིག་ལྡན་པ་གསོ་སྐྱོང་དང་། གྲངས་འཛིན་ལས་གྲྭ་ཆེ་གྲས་ཇུས་འགོད་དང་དོ་དམ་ནུས་པ་ཁོང་དུ་ཆུད་པ། ཁྱབ་ཁོངས་དེའི་ཚན་རིག་ཞིབ་འཇུག་དང་། ལག་རྩལ་གསར་སྤེལ། ལས་གྲྭ་བེད་སྤྱོད། ཆ་འཕྲིན་ཞབས་ཞུ། དོ་དམ་སོགས་ཀྱི་ལས་དོན་ཕྱོགས་བསྡུས་དང་བཀོལ་སྤྱོད་བྱེད་ནུས་པའི་མཐོ་རིམ་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་ཡིན།

རིགས་དབྱེ།