འཕྲུལ་ཆས་ལས་གྲྭ་ནི་དངོས་ལུགས་གཏན་སྲོལ་བེད་སྤྱོད་བྱེད་པ་དང་འབྲེལ་བའི་འཕྲུལ་ཆས་ཀྱི་རྒྱུད་ཁོངས་ལ་དབྱེ་ཞིབ་དང་ཇུས་འགོད། བཟོ་སྐྲུན་དང་ཉམས་གསོ་བྱེད་པའི་ལས་གྲྭའི་རིག་ཚན་ཞིག་ཡིན་ལ། འཕྲུལ་ཆས་ལས་གྲྭ་ནི་འབྲེལ་ཡོད་ཀྱི་རང་བྱུང་ཚན་རིག་དང་ལག་རྩལ་ཚན་རིག་དེ་གཞི་རྩའི་གཞུང་ལུགས་སུ་བཟུང་སྟེ། ཐོན་སྐྱེད་ལག་ལེན་ཁྲོད་ཀྱི་ལག་རྩལ་ཉམས་མྱོང་ལ་ཟུང་འབྲེལ་བྱས་ཤིང་། གསར་འབྱེད་དང་ཇུས་འགོད། བཟོ་སྐྲུན། སྒྲིག་འཇུག བེད་སྤྱོད་དང་ཉམས་གསོ། འཕྲུལ་ཆས་སྣ་ཚོགས་ཁྲོད་ཀྱི་གཞུང་ལུགས་ཐམས་ཅད་དང་དངོས་ཡོད་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་པའི་ཉེར་སྤྱོད་རིག་ཚན་ཞིག་ཡིན་པ་དང་། འཕྲུལ་ཆས་ལས་གྲྭ་ནི་བཟོ་རིག་ཞིབ་འཇུག་སློབ་མའི་སློབ་གསོའི་རིམ་པ་དང་པོའི་རིག་ཚན་དང་། ལས་གྲྭའི་ཞིབ་འཇུག་སློབ་མའི་སློབ་གསོའི་ཁྱབ་ཁོངས་ཤིག་ཡིན།
གཞན་མེད་རླངས་སྣུམ། རྒྱ་སྐད། 无铅汽油。 དབྱིན་ཇིའི་སྐད་དུ། 【Un-LeadedPetrol 】 དབྱིན་ཡིག་བསྡུས་བྲིས། ( ULP) དེ་ཡང་མ་བཅོས་རྡོ་སྣུམ་(原油)གྱི་ནང་ནས་རླངས་སྣུམ་འདོན་པའི་བརྒྱུད་རིམ་ཁྲོད་དུ་ཞན་(铅)ནམ་ཞ་ཉེ་ཡི་རྡུལ་ཕྲན་ཁ་སྣོན་བྱས་མེད་པའི་རླངས་སྣུམ་ལ་ཟེར།
ཕག་གསོའི་ལག་རྩལ་ཞེས་པ་འདིར་འཇན་མིན་སོགས་ཀྱི་ཕྱིའི་ཆེད་མཁས་པ་དག་གིས་ཞིབ་འཇུག་གི་དཔྱད་འབྲས་ལྟར། ཕག་ཚང་ལ་སོག་ཕྱེ་བཏིང་བ་དང་། དུས་རྒྱུན་གཟན་ཆས་སྟེར་བ་ནི་ཕག་གསོ་བར་མེད་དུ་མི་རུང་བའི་ཚུལ་བསྟན་ཡོད།
བེའུ་གསོ་ཐབས་ནི་བེའུ་བཙས་རྗེས་ཀྱི་ཆུ་ཚོད1-2ནང་འོ་མ་ཐོག་མའམ་སྤྲི་འཐུང་ཐུབ་དགོས་པ་མ་ཟད། ཉིན་ལྟར་འོ་མ་ཐེངས4-6ལ་ལྡུད་དགོས། གལ་ཏེ་བཞོན་མར་འོ་མ་མེད་ན་མིས་བཟོས་འོ་མ་སྦྱོར་སྒྲིག་བྱས་ཏེ་ལྡུད་དགོས་ལ། དེ་ལྟར་རིམ་བཞིན་བེའུའི་འཚར་ལོངས་དང་བསྟུན་ནས་འོ་མ་བཅད་དེ་གཟན་ཆས་སྤུས་ལེགས་བྱིན་ནས་གསོ་སྐྱོང་ལེགས་པོ་བྱེད་དགོས།
གཟན་ཆས་སྤུས་ལེགས་འདྲེས་སྦྱོར་བྱ་ཐབས་ནི་འབྲུ་རྡོག་དང་། འབྲས་རྡོག་རྣམས་ཞིབ་འཐག་འཕྲུལ་འཁོར་ནང་བླུགས་ནས་ཞིབ་མོར་བཏགས་རྗེས་གཟན་ཆས་གཞན་དང་འདྲེས་སྦྱོར་བྱས་ནས། སྤུས་ལེགས་གཟན་ཆས་ཀྱི་ནུས་པ་ལེགས་པོ་ཐོན་ཐུབ། ཡང་སྦང་མ་རྣམས་ཉི་མར་བསྐམས་རྗེས་ཞིབ་འཐག་འཕྲུལ་འཁོར་ནང་བཏགས་ནས་མ་རྨོས་ལོ་ཏོག་ཕྱི་མ་དང་འདྲེས་སྦྱོར་བྱས་ཏེ་ཕན་འབྲས་ལེགས་པོ་ཐོན་ཐུབ།
སྔོ་སྐམ་བྱུང་བའི་མ་རྨོས་ལོ་ཏོག་གི་གཞུང་རྟ་དང་སོ་ནམ་ལས་ཐོན་པའི་སོག་མ་སོགས་གཏུབ་པར་བཀོལ་ཆོག་ཅིང་། འཕྲུལ་ཆས་རིགས་འདི་ལ་རྣམ་པ་གཉིས་ཡོད་དེ། འགྲིལ་ཟོ་ཚུལ་དང་སྡེར་སྒོར་ཚུལ་སོ་སོར་ངོས་འཛིན་ནོ།།
གྲུག་ཧྲུག་འཕྲུལ་ཆས་ནི་གཟན་ཆས་ཞིབ་ཤོས་གྲུག་ཧྲུག་གཏོང་བ་དང་གཟན་ཆས་རྩུབ་ཤོས་གྲུག་ཧྲུག་གཏོང་བའི་འཕྲུལ་ཆས་རིགས་གཉིས་ཡོད་ཅིང་། གཟན་ཞིབ་གྲུག་ཧྲུག་འཕྲུལ་ཆས་ལའང་སྤྱིར་སྤྱོད་ཚུལ་ཐོ་ལེབ་གྲུག་ཧྲུག་འཕྲུལ་ཆས་དང་ཆུ་ཐིགས་ཚུལ་གྲུག་ཧྲུག་འཕྲུལ་ཆས། གྱེན་བཞེངས་ཚུལ་ཐོ་ལེབ་གྲུག་ཧྲུག་འཕྲུལ་ཆས་སོགས་རྣམ་པ་དུ་མ་ཡོད་དོ།། གཟན་ཞིབ་གྲུག་ཧྲུག་འཕྲུལ་ཆས་འདི་འབྲུ་རྡོག་ཚུལ་གྱི་རྒྱུ་ཆ་སྦྱོར་བཟོ་ལ་སྤྱོད་པ་གཙོ་སྟེ། དཔེར་ན་མ་རྨོས་ལོ་ཏོག་དང་སྲན་མ། གྲོ་ནས་ལྟ་བུའོ།། གྲུག་ཧྲུག་འཕྲུལ་ཆས་ལ་ལར་རགས་གྲུག་དང་ཞུག་གྲུག་གི་ནུས་པ་བསྒྱུར་རྒྱུ་ཡོད་པ་ཡིན་ནོ།།
དཀྲུག་སྲུབ་འཕྲུལ་ཆས་ལ་ཕྱེ་སྐམ་དཀྲུག་སྲུབ་འཕྲུལ་ཆས་དངTMRགཟན་ཆས་དཀྲུག་སྲུབ་འཕྲུལ་ཆས་ཟེར་བ་གཉིས་ཡོད་ཅིང་། སོ་སོའི་ཁྱད་ཆོས་དང་བེད་སྤྱོད་གཏོང་ཚུལ་ཡོད།
བལ་འབྲེག་འཕྲུལ་ཆས་ལ་བེད་སྤྱོད་བྱེད་སྟངས་ཀྱི་དབང་དུ་སྒུལ་སྤོ་ཚུལ་དང་བརྟན་འཁོད་ཚུལ་ཏེ་རིགས་གཉིས་ཡོད་ཅིང་། སྔོན་མ་དེ་རྩྭ་སྙེག་མཚེར་བརྗེའི་གནས་ཚུལ་ལ་བཀོལ་འཚམ་པ་དང་། ཕྱི་མ་དེ་ལུག་ཁྱུ་ཆེ་ཞིང་ལུག་མང་བའི་དབྱིབས་ཚོད་ཅན་གྱི་ཕྱུགས་ར་ལ་བཀོལ་བར་འཚམ་པ་ཡིན།
རྒྱུན་པར་སྤྱོད་པའི་སྨུགས་སྟོར་ཆས་ལ་རིགས་གཉིས་ཏེ། དབུགས་བཞུ་སྨུགས་སྟོར་ཆས་དང་རྒྱབ་འཁུར་ཚུལ་སྒུལ་སྨུགས་སྟོར་ཆས་ཞེས་སོ་སོར་ངོས་འཛིན་ནོ།།
སྨུག་ཕྱི་འོད་ཐིག་གི་དུག་སེལ་གློག་སྒྲོན་ཞེས་པ་ནི། ཁང་བའི་ནང་རོལ་གྱི་དུག་སེལ་བར་སྤྱོད་པ་གཙོ་སྟེ། ཁོངས་ཁྱོན་སྨི10རེའི་ཚོད་དུ30wཅན་གྱི་སྨུག་ཕྱི་འོད་ཐིག་གློག་སྒྲོན་སྦུ་གུ་གཅིག་བཀོད་སྒྲིག་འོས་ཤིང་། ཕྱོད་ལྡན་དབར་ཐག་སྨི2ལས་མི་འདའ་བ་ཙམ་སྟེ། དེ་དང་མཉམ་དུ་ཁང་བའི་ནང་དུ་དྲོད་ཚད་འཇལ་སྤྱད་དང་རླན་ཚད་འཇལ་སྤྱད་ཀྱང་ངེས་པར་བཀོད་སྒྲིག་འཁྱོངས་དགོས་སོ།།
གཟན་ཤོང་ནི་སྤྱིར་བཏང་དུ་ལུག་ཁང་དང་འགུལ་སྐྱོད་བྱེད་ས་ན་བཟོས་ཡོད་ཅིང་། མང་ཤོས་སོ་ཕག་དང་ཨར་འདམ་གྱིས་བརྩིགས་པའི་དབྱིབས་ནར་མོ་ཅན་ཡིན།
བསྐོར་དྲ་ལ་མ་བུའི་བསྐོར་དྲ་དང་ལུག་ལག་བསྐོར་དྲའི་ཁྱད་ཙམ་ཡོད་པ་དང་། ཤིང་ཆ་སྤྱད་ནས་བཟོས་པ་དང་ལྕགས་ཆ་སྤྱད་ནས་བཟོས་པའི་ཁྱད་ཀྱང་ཡོད་སྲིད་དོ།།
རྔོ་རྨོ་དང་ལུས་ཐོག་གི་འཁྲི་འབུ་འགོག་ཆེད། ལོ་རེར་དུས་ཀྱི་ངེས་པ་ཡོད་པ་ལྟར་ལུག་ཁྱུ་ལ་སྨན་ཁྲུས་རྒྱག་བྱེད་ཀྱི་རྫིང་བུ་ཞིག་ཡིན།
སྔོ་བསྙལ་དོང་བུ་ནི་སྔོ་ཉར་གཟན་ཆས་བཟོ་སྤྱད་ཅིག་ཡིན་ལ། འདིར་ས་ཁའི་ཚུལ་དང་ས་འོག་ཚུལ། ཕྱེད་ཕབ་ཚུལ་ཏེ་སྣ་ཀ་གསུམ་ཡོད།
ཤིང་འབྲས་ལ་ཆུ་འདྲེན་ཐབས་ཞེས་འདིར་ཤིང་འབྲས་ཀྱི་མྱུ་གུའི་རྩ་བ་ཆུས་སྦོང་བ་དང་། ཆུ་གསོག་འཇོག་གིས་དུས་ལྟར་འཆར་གཞི་ཡོད་པའི་སྒོ་ནས་ཆུ་དྲངས་ན་མྱུ་གུ་འཚར་ལོངས་བྱུང་བའི་ཚུལ་གསལ་བཤད་བྱས་ཡོད།
དགུན་དུས་ལུད་སྙལ་ཐབས་ཞེས་པར་ས་དབྱིབས་གཤོང་སར་ལུད་སྙལ་བ་དང་། ལུད་སྙལ་སྐབས་དྲོད་ཚད་མཐོ་བ། རྫབ་ལུད་གསོག་པ་བཅས་ལག་བསྟར་བགྱིས་ན་ལུད་རྫས་སྤུས་དག་ཆགས་ཐུབ།
རྫབ་རླངས་ཀྱི་རྨང་གཞིའི་ཤེས་བྱ་ཞེས་པ་འདི་རུ། གཙོ་བོ་རྫབ་རླངས་ཀྱི་འབུ་ཕྲ་མང་པོས་སྐྱ་ལྡན་དངོས་པོར་རུལ་འགྱུར་ལ་ཕན་པས། དུས་རྒྱུན་རྫབ་སྙལ་རྒྱུ་ཆ་ཕུན་སུམ་ཚོགས་པོས་བརླན་ཚད་ཀྱི་བ་ཚྭ་དང་། སྐྱུར་ཚད་འོས་འཚམས་ཀྱིས་འགན་སྲུང་བྱེད་དགོས་གདམས་ཡོད།
སོན་བྱ་གསོ་བར་གཟན་ཆག་གི་ཐོན་རྫས་སྤུས་དག་བྱིན་ནས་གསོ་སྐྱོང་བྱེད་པ་དང་། བྱ་ཕྲུག་གསོས་རྗེས་བྱ་ཚང་གི་དྲོད་ཚད་རྒྱུན་འཁྱོངས་བྱེད་པར་འགྱིག་ཤོག་གིས་བྱ་ཚང་བཟོས་ནས། དྲོད་ཚད་ལ་འགན་སྲུང་བྱེད་དགོས།
བོད་ལྗོངས་སུ་སྤྱི་ཟླ3པའི་ཟླ་དཀྱིལ་གྱི་དུས་ཚོད་གང་རུང་ཞིག་ལ་ལ་ཕུག་གི་སོན་འདེབས་བྱས་ན་འཚམ་ཞིང་། དེ་ཡང་ས་གཤིས་གཤིན་སར་ལུད་རྫས་སྟོང་ཁེ35གཏོར་ནས། ཁུང་བུ་རེར་སོན་རྐང1-2བར་འདེབས་དགོས་པ་དང་། བར་ཐག་ལི་སྨི35འཇོག་པ་དང་། སྡོང་རྐང་དབར་བར་ཐག་ལི་སྨི20འཇོག་དགོས་པ་མ་ཟད། དུས་ལྟར་གནོད་འབུ་འགོག་བཅོས་བྱེད་དགོས།
སོན་འདེབས་དང་ཡང་ན་འདེབས་འཛུགས་མ་བྱས་གོང་ཞིང་ས་རྨོད་སློག་རྒྱག་པ་དང་སྦྲགས་ནས་བརྒྱབ་པའི་ལུད་ལ་གཏིང་ལུད་ཟེར། གཏིང་ལུད་ཀྱིས་སྒྲུབ་དགོས་པའི་ལས་འགན་གཉིས་ཡོད་པ་སྟེ་གཅིག་ནི་ལུད་གསོ་བ་དང་ས་རྒྱུ་ལེགས་བཅོས་གཏོང་བ། ཅིག་ཤོས་ལོ་ཏོག་སྐྱེ་འཚར་ལ་འཚོ་བཅུད་རྒྱུན་མི་ཆད་པར་མཁོ་འདོན་བྱ་རྒྱུ་དེ་ཡིན།
དྲོད་ཁང་གི་ས་ཞིང་ལི་སྨི10ཡི་དྲོད་ཚད་ཨང་གྲངས་ཧྲེ་ཧྲི་ཏུའུ12ཡན་སླེབས་པ་བྱས་རྗེས་སྡོང་རྐང་གཏན་ཁེལ་བྱས་ཆོག སྡོང་རྐང་གཏན་ཁེལ་མ་བྱས་གོང་ཉིན10-15བར་དྲོད་ཁང་གི་རླུང་བཀག་ནས་དྲོད་ཚད་འཕར་བ་བྱེད་དགོས། ས་ཞིང་མུའུ་རེར་སྐྱེ་ལྡན་ལུད་སྤྱི་རྒྱ50ལིན་སོན་ཅཱ་སྤྱི་རྒྱ30བཅས་གཏོར་དགོས། སྤྱིར་ན་མུའུ་རེར་སྡོང་རྐང2000-3000བར་འདེབས་འཛུགས་བྱེད་དགོས།
སྔོ་ཚལ་ལ་མ་གཞི་ནས་ཚད་ཉུང་མ་རྒྱུའི་དགོས་མཁོ་ཆུང་ཡང་སྔོ་ཚལ་གྱི་སྐྱེ་འཚར་ལ་ནུས་པ་ཆེན་པོ་ལྡན་པས། སྔོ་ཚལ་འདེབས་འཛུགས་བྱེད་སྐབས་ཚད་ཉུང་ལུད་རྒྱག་པར་ངེས་པར་དུ་མཐོང་ཆེན་བྱེད་དགོས།
ཞིང་བ་རྣམས་ཀྱིས་ལུད་རྫས་ཉོ་སྐབས་ཐོག་མར་ལུད་ཀྱི་དཔང་ཡིག་ཚད་ལྡན་ཡིན་མིན་ལ་ཞིབ་དཔྱད་བྱེད་པ། དེ་ནས་རིམ་བཞིན་ལུད་ཀྱི་ཨང་རྟགས་དང་། ལུད་རྫས་དུས་ཡོལ་ཡོད་མེད་ལ་ནན་ཏན་གྱིས་ལྟ་དགོས་པ་མ་ཟད་མཐར་ལུད་ཉོས་པའི་འཛིན་ཡིག་ཀྱང་ལེན་དགོས།
དེ་ནི་རང་བྱུང་དཔལ་འབྱོར་གྱི་ཆ་རྐྱེན་འོག་མི་ཤུགས་དང་། ཕྱུགས་ཤུགས། ལག་བཟོས་ཡོ་བྱད། ལྕགས་ཆས་སོགས་གཙོ་བོར་བྱས་པའི་ལག་ཤེས་ངལ་རྩོལ་བྱེད་སྟངས་དང་། མི་རབས་ནས་མི་རབས་བར་གསོག་འཇོག་བྱས་པའི་སྲོལ་རྒྱུན་གྱི་ཉམས་མྱོང་ལ་བརྟེན་ནས་འཕེལ་རྒྱས་བཏང་སྟེ་རང་མཁོ་རང་འདང་གི་རང་བྱུང་དཔལ་འབྱོར་གྱིས་གཙོ་ཁྲིད་ཀྱི་གོ་གནས་བཟུང་བའི་ཞིང་ལས་ལ་ཟེར། སྲོལ་རྒྱུན་གྱི་ཞིང་ལས་ནི་འཚོ་ཚིས་ཞིང་ལས་ཤིག་ཡིན་ཞིང་། ཞིང་ལས་ཐོན་རྫས་ལ་ཚད་ཡོད་པ་དང་། ཁྱིམ་ཚང་གི་ཁོངས་མི་ཐོན་སྐྱེད་ངལ་རྩོལ་ལ་ཞུགས་པ་མ་ཟད་ཁྱིམ་ཚང་ནང་ཁུལ་དུ་ལས་བགོས་ཀྱང་བྱེད་ཀྱིན་ཡོད་པས། ཞིང་ལས་ཐོན་སྐྱེད་མང་ཆེ་བ་ཉམས་མྱོང་གསོག་འཇོག་ལ་བརྟེན་དགོས་པས་ཐོན་སྐྱེད་བྱེད་སྟངས་ཅུང་བརྟན་པོ་ཡིན། སྲོལ་རྒྱུན་གྱི་ཞིང་ལས་ཐོན་སྐྱེད་ཆུ་ཚད་དམའ་བ་དང་། ལྷག་མ་ཉུང་བ། གསོག་འཇོག་དལ་བ་བཅས་ཀྱི་དབང་གིས་ཐོན་ཚད་ལ་རང་བྱུང་ཁོར་ཡུག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རིག་ཚན་མི་འདྲ་བའི་ཁྱབ་ཁོངས་ནང་སྲོལ་རྒྱུན་གྱི་ཞིང་ལས་ལ་རིགས་དབྱེ་བྱེད་སྟངས་མི་འདྲ་བ་ཡོད། མི་ཆོས་ས་ཁམས་རིག་པའི་ཁྲོད་ཀྱི་སྲོལ་རྒྱུན་ཞིང་ལས་རིགས་ལ་སྐམ་འདེབས་ཞིང་ལས་དང་། ཆུ་འབྲས་ཞིང་ལས། ས་དབུས་རྒྱ་མཚོའི་ཞིང་ལས། འབྲོག་ལས་བཅས་ཡོད།
དེ་ནི་ཞིང་ལས་ཁྲོད་ཀྱི་གཉེར་སྐྱོང་བྱེད་སྟངས་ཤིག་ཡིན་ཞིང་། ངལ་རྩོལ་ནུས་ཤུགས་དང་ཐོན་སྐྱེད་རྒྱུ་ཆ་གྲངས་འབོར་ངེས་ཅན་ཞིག་གཅིག་བསྡུས་ཀྱིས་མ་དངུལ་ཅུང་ཉུང་བའི་ས་ཞིང་ཐོག་ལེགས་བསྡུས་ཞིབ་གཉེར་གྱི་བྱེད་ཐབས་སྤྱད་དེ་ཐོན་སྐྱེད་བྱེད་པའི་ཞིང་ལས་ལ་ཟེར། རགས་ལས་ཞིང་ལས་དང་ལྟོས་ཟླ་བྱས་ཏེ། རྒྱ་ཁྱོན་ངེས་ཅན་གྱི་ས་ཞིང་སྟེང་དུ་ཐོན་སྐྱེད་རྒྱུ་ཆ་དང་ངལ་རྩོལ་མང་ཙམ་བཏང་ནས། སྔོན་ཐོན་གྱི་ཞིང་ལས་ལག་རྩལ་བྱེད་ཐབས་སྤྱད་དེ་ཞིང་ལས་ཐོན་རྫས་ཀྱི་ཚད་ཇེ་མང་དུ་གཏོང་བའི་ཞིང་ལས་ལ“ལེགས་བསྡུས་ཞིབ་གཉེར་ཞིང་ལས”ཟེར།
ཕྱོགས་སྟོན་གསོར་འཇུག་ཨར་ལས་བྱེད་ཐབས་ནི་གནས་གཏན་འཁེལ་གྱི་གསོར་འབིགས་འཕྲུལ་འཁོར་ས་ངོས་སུ་བཙུགས་རྗེས། ས་རྒྱུ་མི་བརྐོ་བའི་ཆ་རྐྱེན་འོག་འཚོལ་ཞིབ་ཡོ་ཆས་ཀྱི་ཕྱོགས་སྟོན་བེད་སྤྱད་ནས་འབིགས་གདུང་གི་ཁ་ཕྱོགས་ཚོད་འཛིན་བྱས་ཏེ། འཁོར་མདའ་ཇུས་འགོད་ཀྱི་བླང་བྱ་དང་མཐུན་པར་བྱས་ནས་ཐེངས་མང་པོར་ཁུང་བུ་རྒྱ་སྐྱེད་བཏང་བ་བརྒྱུད་འདྲུད་འཐེན་སྦུག་ལམ་ཕྱིར་འཐེན་བྱས་ནས་སྔར་གནས་སུ་བཞག་རྗེས་སྦུག་ལམ་འདིང་བའི་ཨར་ལས་བྱེད་ཐབས་ཤིག་རེད།
དེ་ནི་སྡེ་ཚན་རྒྱ་ཁྱོན་གྱི་ས་ཞིང་ཐོག་ལོ་རེར་ཐོབ་ཐུབ་པའི་ཐོན་ཚད་ཆེ་ཤོས་ལ་ཟེར།
མཚན་འཕུར་ཕྱེ་ལེབ་འགོག་སེལ་ལག་རྩལ་ནི་སྡོང་རའི་རྒྱུན་ལྡན་གྱི་སྐྱེ་འཕེལ་ལ་འགན་སྲུང་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན།
གྲུ་དབྱིབས་ཕྱེ་ལེབ་འགོག་སེལ་ལག་རྩལ་ནི་སྡོང་རའི་རྒྱུན་ལྡན་གྱི་སྐྱེ་འཕེལ་ལ་འགན་སྲུང་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན།
འཕྲུལ་ཆས་ལས་གྲྭ། བརྡ་འགྲེལ 331 ཡོད། |