ཡོངས་འཛིན་རིག་མཛོད། >ལག་རྩལ། >ལས་གྲྭ། >རྫས་འགྱུར་ལས་གྲྭ།

རྫས་འགྱུར་ལས་གྲྭ།

རྫས་འགྱུར་བཟོ་ལས་ལ་ཞིབ་འཇུག་དང་གཞན་པའི་བརྒྱུད་རིམ་བཟོ་ལས་ཐོན་སྐྱེད་ཁྲོད་དུ་སྤེལ་བའི་རྫས་འགྱུར་བརྒྱུད་རིམ་དང་དངོས་ལུགས་བརྒྱུད་རིམ་གྱི་ཐུན་མོང་གི་ཆོས་ཉིད་ཀྱི་ལས་གྲྭའི་རིག་ཚན་ཞིག་ཡིན། བཟོ་ལས་འདི་དག་ལ་སྲོལ་རྒྱུན་གྱི་རྫས་འགྱུར་བཟོ་ལས་བཟོ་སྐྲུན་འདུ་བ་ལས་གཞན་དེང་རབས་ཀྱི་རྫས་འགྱུར་བཟོ་ལས་ལ་ད་དུང་སྐྱེ་དངོས་ལས་གྲྭ་དང་སྐྱེ་དངོས་སྨན་བཟོ། དེ་བཞིན་འབྲེལ་ཡོད་ཀྱི་ནཱ་སྨི་ལག་རྩལ་འདུ་བ་རེད། དེ་མ་ཟད་འདིའི་རིགས་ཀྱི་དེང་རབས་རྫས་འགྱུར་བཟོ་ལས་དེ་ཉེ་བའི་ལོ་འདི་དག་ལ་འཕེལ་རྒྱས་ཆེན་པོ་བྱུང་པ་དང་མིའི་རིགས་ཀྱི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན། དེ་ལས་གཞན་མིའི་རིགས་ཀྱི་འཚོ་བ་སྐྱེལ་སྟངས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པ་རེད།

རིགས་དབྱེ།