སྔོ་རྒྱའི་འགག་ཆུ་གློག་ས་ཚིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྔོ་རྒྱའི་འགག་ཆུ་གློག་ས་ཚིགས།
སྔོ་རྒྱའི་འགག་ཆུ་གློག་ས་ཚིགས་ནི་ཚྭ་རྔ་འགག་ཆུ་གློག་ས་ཚིགས་བསྐྲུན་པའི་རྗེས་སུ། ཡང་བསྐྱར་རྨ་ཆུའི་སྟོད་ཕྱོགས་སུ་བཙུགས་པའི་ཆུ་གློག་ས་ཚིགས་ཆེ་གྲས་ཤིག་ཡིན། དེ་ནི་རྒྱལ་ཁབ་ཀྱི"བརྒྱད་ལྔའི"གཙོ་གནད་ལས་གཞི་ཞིག་ཡིན། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ཞིང་། མཚོ་སྔོན་དང་། ཀན་སུའུ། ཧྲན་ཞི། ཉིན་ཞ་བཅས་ཞིང་ཆེན4ཡིས་མ་དངུལ་བསྡུས་ནས་འཛུགས་སྐྲུན་བྱས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李家峡水电站
ཕྱི་ཡིག་གི་མིང་།
Lijiaxia Hydropower Station
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ136.747ཡོད།
བཙུགས་ལོ།
1995ལོའི་ཟླ12པའི་ཚེས12ཉིན།
གནས་ཡུལ།
གཅན་ཚ་རྫོང་ཁམས་ར་གྲོང་རྡལ་སྔོ་རྒྱ་སྡེ་བའི་ལུང་འགག་ཏུ་ཡོད།
1 ངོ་སྤྲོད།

སྔོ་རྒྱ་འགག་ཆུ་གློག་ས་ཚིགས་ནི་གཅན་ཚ་རྫོང་དང་དཔའ་ལུང་རྫོང་གཉིས་འདྲེས་མཚམས་ཀྱི་སྔོ་རྒྱ་སྡེ་བའི་གོང་རོལ་གྱི་ལུང་ཁོག་ཏུ་ཡོད་ཅིང་།.jpg སྤྱི་ལོ1995ལོའི་ཟླ12 པའི་ཚེས12ཉིན་དངོས་སུ་ལས་མགོ་བརྩམས་པ་དང་། སྤྱི་ལོ1999ལོའི་ཟླ12པའི་ཚེས10ཉིན་བཟོ་སྐྲུན་སྐབས་དང་པོ་ལེགས་གྲུབ་བྱུང་། སྤྱི་ལོ2000ལོའི་ཟླ1པའི་ཚེས1ཉིན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་བཟོ་སྐྲུན་ཚད་ཡོད་ཀུང་ཟིར་བསྒྱུར། དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ས་ཚིགས་ཨང་རིམ་གསུམ་པ་ཅན་ཞིག་ཡིན། ཆུ་རགས་ཧྲིལ་བོའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ136.747ཡོད་ལ།

ཆུ་རགས་ཀྱི་རིང་ཚད་ལ་སྨི414.39དང་། .jpgམཐོ་ཚད་ལ་སྨི165དང་། ཆུ་རགས་ཀྱི་སྟེང་གི་ཞེང་ཚད་ལ་སྨི8ཡོད། ཞབས་ཀྱི་ཞེང་ཚད་ལ་སྨི45ཡོད། ཆུ་གློག་ས་ཚིགས་འདི་ནི་ནུབ་བྱང་གི་གློག་ལམ30kvདང་མཉམ་སྦྲེལ་བྱས་ཡོད་ཅིང་། ད་ལྟ་ནུབ་བྱང་ས་ཁུལ་གྱི་ཆེས་ཆེ་བའི་ཆུ་གློག་ས་ཚིགས་ཤིག་ཡིན། གློག་འདོན་སྤྲོད་བྱེད་ས་གཙོ་བོ་ནི་ཧྲན་ཞི་དང་། ཀན་སུའུ། ཉིན་ཞ། མཚོ་སྔོན་བཅས་ཞིང་ཆེན་བཞི་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-23

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།