ཡོངས་འཛིན་རིག་མཛོད། >ལག་རྩལ། >ལས་གྲྭ། >གཞན་དག

ཐོན་རྫས།

ཐོན་རྫས་ནི་ཁྲོམ་རར་འདོན་སྤྲོད་བྱས་ཏེ་མི་རྣམས་ཀྱི་བེད་སྤྱོད་དང་འཛད་སྤྱོད་བྱེད་པ་མ་ཟད། མི་རྣམས་ཀྱི་དགོས་མཁོ་ཐམས་ཅད་སྐོང་ནུས་པ་སྟེ། དེའི་ནང་དུ་གཟུགས་ལྡན་དངོས་རྫས་དང་གཟུགས་མེད་ཞབས་ཞུ། རྩ་འཛུགས། འདུ་ཤེས་སམ་ཡང་ན། དེ་དག་གི་སྡེབ་སྒྲིག་འདུ་བ་དང་། ཐོན་རྫས་སྤྱིར་བཏང་དུ་རིམ་པ་ལྔ་རུ་དབྱེ་ཆོག་སྟེ། སྲོག་ཤིང་ཐོན་རྫས་དང་གཞི་རྩའི་ཐོན་རྫས། རེ་སྨོན་ཐོན་རྫས། ཟུར་སྣོན་ཐོན་རྫས། མངོན་མེད་ཐོན་རྫས་བཅས་ཡིན།

རིགས་དབྱེ།  

སྦ་ཟམ།

སྦ་ཟམ་ནི་ལོ་རྒྱུས་སྔ་ལ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཟམ་པ་ཞིག་རེད། ཟམ་པ་དེ་རིགས་ནི་གཙོ་བོ་དྭགས་ཀོང་ཁུལ་ཤིང་ནགས་མང་བའི་ཡུལ་གྲུ་ཁག་ལ་བཙུགས་ཡོད།

རིགས་དབྱེ།  

ལྕགས་ཟམ།

ལྕགས་ཟམ་ནི་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་གསར་གཏོད་གནང་བའི་བོད་ཀྱི་ལོ་རྒྱུས་ཐོག་གི་ཟམ་པ་ཆེ་ཤོས་ཤིག་ཡིན།

རིགས་དབྱེ།  

དེང་རབས་ཅན་གྱི་ལྕགས་ཟམ།

ལྕགས་ཟམ་དེ་ནི་སྤྱི་ལོ1940ལོའི་ནང་ཚ་རོང་ཟླ་བཟང་དགྲ་འདུལ་གྱིས་བཀོད་འདོམས་གནང་སྟེ་བསྐྲུན་པའི་བོད་ཀྱི་ལོ་རྒྱུས་ཐོག་གི་དེང་རབས་ཅན་གྱི་ལྕགས་ཟམ་དང་པོ་དེ་ཡིན།

རིགས་དབྱེ།  

ལས་གྲྭའི་གསལ་བྱང་།

ལས་གྲྭའི་གསལ་བྱང(EI)ནི་ཨ་རིའི་བཟོ་སྐྲུན་པ་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ལོ1884ལོར་བཙུགས་པའི་ལོ་རྒྱུས་ཐོག་ཡུན་རིང་པའི་ཕྱོགས་བསྡུས་རང་བཞིན་གྱི་འཚོལ་བཤེར་ཡོ་བྱད་ཆེ་གྲས་ཤིག་རེད། EIདེ་གོ་ལ་ཧྲིལ་པོའི་རིག་གཞུང་ལས་རིགས་དང་། བཟོ་སྐྲུན་ལས་རིགས། ཆ་འཕྲིན་ལས་རིགས་བཅས་སུ་སྐད་གྲགས་ཆེན་པོ་ཡོད་པ་དང་དེ་ནི་ཚན་རྩལ་ལས་རིགས་ཀྱིས་ཐུན་མོང་ཐོག་ཁས་ལེན་བྱེད་པའི་འཚོལ་ཞིབ་ཡོ་བྱད་གལ་ཆེན་ཞིག་རེད།

རིགས་དབྱེ།  

བཟོ་སྐྲུན་ལག་རྩལ།

བཟོ་སྐྲུན་ལག་རྩལ་ཞེས་པ་ནི་བཟོ་སྐྲུན་ཉེར་སྤྱོད་ལག་རྩལ་ལ་ཟེར། བཟོ་སྐྲུན་ལག་རྩལ་ལ་ཐོན་སྐྱེད་ལག་རྩལ་ཡང་ཟེར། དེ་ནི་བཟོ་ལས་ཐོན་སྐྱེད་ཁྲོད་དངོས་སུ་བཀོལ་སྤྱོད་བྱེད་པའི་ལག་རྩལ་ཞིག་ཡིན། མི་རྣམས་ཀྱིས་ཚན་རིག་གི་ཤེས་བྱ་བེད་སྤྱོད་བྱེད་པའམ་ལག་རྩལ་གོང་དུ་འཕེལ་བའི་ཞིབ་འཇུག་གི་གྲུབ་འབྲས་དེ་བཟོ་ལས་ཐོན་སྐྱེད་ནང་བེད་སྤྱོད་བྱས་ནས་རང་བྱུང་ཁམས་ལ་བསྒྱུར་བཀོད་བྱེད་པའི་དམིགས་ཡུལ་འགྲུབ་པར་བྱེད་པའི་ཐབས་ཤེས་ལ་ཟེར། ཚན་རིག་ལག་རྩལ་ནི་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱི་ལག་རྩལ་ཡིན། མི་རྣམས་ཀྱིས་ཀྱང་རྟག་ཏུ་བཟོ་སྐྲུན་ལག་རྩལ་ལ་བཟོ་རིག་ཟེར་ཞིང་། ཚན་རིག་ལག་རྩལ་ལ་རྩིས་ཚན་ཟེར།

རིགས་དབྱེ།  

འཇང་ཤོག

འཇང་ཤོག་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སན་པ་ཞེས་པའི་འཇང་རིགས་ཀྱི་སྡེ་བ་ཞིག་ཏུ་གནའ་བོའི་འཇང་རིགས་ཀྱི་ཤོག་བུ་བཟོ་བའི་ལག་རྩལ་ད་ལྟའི་བར་དུ་ཡང་མ་ཉམས་པར་རྒྱུན་འཛིན་དང་དར་སྤེལ། ལག་ལེན་དུ་འདེབས་བཞིན་ཡོད་པ་ཞིག་ཡིན།

རིགས་དབྱེ།  

མཐོ་གསར་ལག་རྩལ་ཐོན་རྫས།

མཐོ་གསར་ལག་རྩལ་ཐོན་རྫས་ཞེས་པ་ནི་རྒྱལ་ཁབ་དང་ཞིང་ཆེན་གྱི་མཐོ་གསར་ལག་རྩལ་གྱི་གཙོ་གནད་ཁྱབ་ཁོངས་དང་། ལག་རྩལ་ཁྱབ་ཁོངས། ཐོན་རྫས་བཅས་ཀྱི་དཔྱད་གཞིའི་དཀར་ཆག་དང་མཐུན་པའི་ཐོན་རྫས་གསར་པར་ཟེར། ཞིང་ཆེན་ནང་ཁུལ་དུ་ཐེངས་དང་པོར་ཐོན་སྐྱེད་བྱས་པའི་བརྗེ་རེས་རྣམ་པའི་ཐོན་རྫས་སམ་རྒྱལ་ནང་དུ་ཐོག་མར་ཐོན་སྐྱེད་བྱས་པའི་ལེགས་བཅོས་རྣམ་པའི་ཐོན་རྫས་སམ་གསར་གཏོད་ཐོན་རྫས་སོགས་ཀྱི་ཁོངས་སུ་གཏོགས། ལག་རྩལ་འདུས་ཚད་ཅུང་མཐོ་བ་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ(ཁེ་སྤོགས་ཁྲལ་ཚད20%ལས་མཐོ་དགོས)དང་རྒྱ་ཆེ་བའི་ཚོང་རའི་མདུན་ལྗོངས་ཡོད།

རིགས་དབྱེ།  

ས་འོག་ངར་ལྕགས།

ས་འོག་ངར་ལྕགས་ལ་གོ་དོན་གཉིས་ཡོད་ཅིང་། གཅིག་ནི་གདོད་མའི་ཐ་སྙད་དམ་ཡང་ན་སྒྲ་དོག་འཇུག་གི་ཐ་སྙད་ཡིན་པ་སྟེ། ངར་ལྕགས་ལས་རིགས་ནང་ཁུལ་གྱིས་ངར་ལྕགས་ཁེ་ལས་ཆུང་གྲས་ལ་དཔེ་དབྱིབས་བཟོ་རྩལ་སྤྱད་ནས་ཐོན་སྐྱེད་དང་། རིང་ཚད་ལ་སྨི་གཅིག་དང་གཉིས་ཡས་མས་ཀྱི་ནར་དབྱིབས་ཀྱི་ངར་ལྕགས་ལུགས་མའི་སྤྱི་མིང་ཡིན་ལ། གཞན་གཅིག་ནི་སྡེ་ཁག་གི་ཐ་སྙད་དམ་གོ་དོན་རྒྱ་ཆེ་བ་སྟེ། ངར་ལྕགས་བེད་མེད་རྒྱུ་ཆ་དང་ལྟོས་འབྱུང་ཐབ་སོགས་བཞུ་ཐབས་ལ་བརྟེན་ནས་ནུས་ལྡན་ངང་གྲུབ་ཆ་དང་སྤུས་ཚད་ཚོད་འཛིན་བྱེད་མི་ཐུབ་པའི་ངར་ལྕགས་དང་དེ་བཞིན་རྒྱུ་ཆ་བཙིར་གནོན་བྱས་ནས་བཟོས་པའི་ངར་ལྕགས་རྒྱུ་ཆ་ལ་ཟེར།

རིགས་དབྱེ།  

ཁོར་སྲུང་ལས་གྲྭའི་ཆེད་ལས་འགན་ལེན་འོས་ཐོབ་ཚད་གཞི།

ཁོར་སྲུང་ལས་གྲྭའི་ཆེད་ལས་འགན་ལེན་འོས་ཐོབ་ཚད་གཞི་ལ་རིམ་པ་དང་པོ་དང་། རིམ་པ་གཉིས་པ། རིམ་པ་གསུམ་པ་བཅས་སུ་དབྱེ་ཡོད། མི་སྣ་གཙོ་བོའི་གྲས་སུ་ལག་རྩལ་འགན་འཁུར་བ་དང་། འཛུགས་སྐྲུན་མཁན། ཨར་ལས་བྱ་ཡུལ་གྱི་དོ་དམ་མི་སྣ། ལག་རྩལ་བཟོ་པ་སོགས་ཚུད་ཡོད།

རིགས་དབྱེ།  

མཉམ་ལས་ཁང་།

མཉམ་ལས་ཁང་ནི་ངལ་རྩོལ་མང་ཚོགས་རང་མོས་ཀྱིས་མཉམ་འབྲེལ་བྱས་ཏེ་མཉམ་ལས་ཐོན་སྐྱེད་དང་མཉམ་ལས་བདག་གཉེར་བྱས་ནས་བཙུགས་པའི་མཉམ་ལས་རྩ་འཛུགས་ཀྱི་རྣམ་པ་ཞིག་ཡིན་ལ། མཉམ་ལས་དཔལ་འབྱོར་རྩ་འཛུགས་ཞེས་པ་ནི་ཐོག་མར“མཉམ་ལས”ཡིན་པ་དང་། དེ་ནས“དཔལ་འབྱོར་རྩ་འཛུགས”ཞིག་ཡིན།

རིགས་དབྱེ།  

སྡེ་བའི་དཔལ་འབྱོར་མཉམ་ལས་ཁང་།

སྡེ་བའི་དཔལ་འབྱོར་མཉམ་ལས་ཁང་ནི་གྲོང་གསེབ་ཀྱི་གཉེར་སྐྱོང་སྒྲིག་སྲོལ་ཉིས་བརྩེགས་འོག་ཐུན་མོང་ལ་དབང་བ་དང་། མཉམ་ལས་གཉེར་སྐྱོང་། དམངས་གཙོའི་དོ་དམ། ཧྲེ་ཡོན་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྡེ་ཁུལ་རང་བཞིན་གྱི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་ཟེར།

རིགས་དབྱེ།  

བཟོ་སྐྲུན་མི་ཆོས་ཀྱི་དོན་སྤྱི་དང་དཔེ་མཚོན་གྱོད་གཞི།

དཔེ་ཆ་འདི་ནི་སྤྱི་ལོ2006ལོར་པེ་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་ལ། རྩོམ་པ་པོ་ནི་མེ་ཁྲ་ཨེར་སི•E•ཡིན།

རིགས་དབྱེ།  

ལས་གྲྭའི་འབོར་ཚད་ཀྱི་ཞིབ་ཐོ།

དེ་ནི་འཛུགས་སྐྲུན་ལས་གྲྭའི་ཡན་ལག་ལས་གྲྭའི་རྣམ་གྲངས་དང་། བྱ་ཐབས་རྣམ་གྲངས། རྣམ་གྲངས་གཞན་དག གཏན་འཁེལ་གྱི་གྲོན་དངུལ་རྣམ་གྲངས། ཁྲལ་དངུལ་རྣམ་གྲངས་བཅས་ཀྱི་མིང་དང་དེ་མཚུངས་ཀྱི་གྲངས་འབོར་སོགས་ཀྱི་ཞིབ་ཕྲའི་གསལ་ཐོ་ཞིག་ཡིན་ཞིང་། དེ་ནི་ཡན་ལག་རྣམ་གྲངས་ཀྱི་ལས་གྲྭའི་གྲངས་འབོར་གྱི་ཞིབ་ཐོ་དང་། བྱ་ཐབས་རྣམ་གྲངས་ཀྱི་ཞིབ་ཐོ། རྣམ་གྲངས་གཞན་དག་གི་ཞིབ་ཐོ། གཏན་འབེབས་ཁྲལ་དངུལ་གྱི་ཞིབ་ཐོ་བཅས་ལས་གྲུབ་པ་ཞིག་ཡིན།

རིགས་དབྱེ།  

གསར་དར་ཐོན་ལས།

གསར་དར་ཐོན་ལས་ནི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་རིམ་སྤར་དང་འབྲེལ་བ་ཡོད་པ་དང་། ཁྱོན་ཡོངས་རང་བཞིན་དང་། ཡུན་རིང་རང་བཞིན། ཁྲིད་སྟོན་རང་བཞིན། སྒུལ་རྣམ་རང་བཞིན་བཅས་ལྡན་པའི་ཐོན་ལས་ལ་ཟེར། སྲོལ་རྒྱུན་གྱི་ཐོན་ལས་དང་བསྡུར་ན། ལག་རྩལ་འདུས་ཚད་མཐོ་བ་དང་། ཟུར་སྣོན་རིན་ཐང་མཐོ་བ། ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་སོགས་ཀྱི་ཁྱད་ཆོས་ལྡན་ལ། རྒྱལ་དམངས་དཔལ་འབྱོར་དང་ཁེ་ལས་འཕེལ་རྒྱས་དེ་གསར་གཏོད་སྐུལ་འདེད་དང་ནང་གནས་འཕར་སྣོན་གྱི་ལམ་བུའི་ཐོག་སྐྱོད་པར་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་ཡང་ཡིན།

རིགས་དབྱེ།  

སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ལས་ཁེ་ལས།

​སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ལས་ཁེ་ལས་ནི་ཐོན་སྐྱེད་རྒྱུ་ཆ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་རྨང་གཞིའི་ཐོག་བཙུགས་པ་དང་། རྒྱལ་ཁབ་ཀྱི་འཆར་གཞིའི་མཛུབ་ཁྲིད་འོག་ཚོང་རའི་དགོས་མཁོར་གཞིགས་ནས་ཁྲིམས་ལྟར་བཟོ་ལས་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་དང་། རང་ཚུགས་ཀྱིས་ཞིབ་རྩིས་རྒྱག་པ། ཁྲིམས་མིའི་ཐོབ་ཐང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་ཟོག་ཐོན་སྐྱེད་དང་གཉེར་སྐྱོང་སྡེ་ཚན་ཞིག་ཡིན། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་ཁེ་ལས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་ཁེ་ལས་གཉིས་སུ་ཕྱེ་ཆོག སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ལས་ཁེ་ལས་ཀྱི་རྩ་བའི་ལས་འགན་ནི་རྒྱལ་ཁབ་ཀྱི་འཆར་གཞི་དང་ཚོང་རའི་དགོས་མཁོ་ལ་གཞིགས་ནས་ཚོང་ཟོག་ཐོན་སྐྱེད་གོང་དུ་སྤེལ་རྒྱུ་དང་། རྒྱུ་ནོར་གསར་སྐྲུན་བྱ་རྒྱུ། གསོག་འཇོག་ཇེ་མང་དུ་གཏོང་རྒྱུ་བཅས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགོས་མཁོ་བསྐོང་རྒྱུ་དེ་ཡིན།

རིགས་དབྱེ།  

ལག་རྩལ་ཐོན་སྐྱེད་ནོར་དོན།

​ལག་རྩལ་ཐོན་སྐྱེད་ནོར་དོན་འཆར་གཞི་ལ་ཐོན་སྐྱེད་ལག་རྩལ་ནོར་དོན་འཆར་གཞི་ཡང་ཟེར། བསྡུས་མིང་ལ་“ཁེ་ལས་ཀྱི་འཆར་གཞི”དང་ཡང་ན“ཁེ་ལས་ཀྱི་དཔལ་འབྱོར་འཆར་གཞི”ཟེར། ཁེ་ལས་ཀྱིས་ཐོན་སྐྱེད་ལག་རྩལ་གཉེར་སྐྱོང་བྱེད་སྒོ་སྤེལ་བའི་ཕྱོགས་བསྡུས་ཀྱིས་རྩིས་རྒྱག་པར་ཟེར། གཙོ་བོ་ཐོན་རྫས་ཐོན་སྐྱེད་དང་། ཕྱིར་འཚོང་། ཐོན་རྫས་གསར་པ་ཚོད་བཟོ། ལག་རྩལ་སྒྲིག་འཛུགས་བྱེད་ཐབས། ངལ་རྩོལ་གླ་ཕོགས། དངོས་རྫས་མཁོ་སྤྲོད། ཐོན་རྫས་གྲུབ་འབྲས། ནོར་དོན་སོགས་ཀྱི་འཆར་གཞི་ཚུད་ཡོད། དེའི་ནང་ཐོན་རྫས་ཐོན་སྐྱེད་ཀྱི་འཆར་གཞི་ནི་འཆར་གཞི་ཧྲིལ་པོའི་ལྟེ་གནས་ཡིན།

རིགས་དབྱེ།  

བཟོ་བཀོད་བརྩམས་ཆོས།

བཟོ་བཀོད་བརྩམས་ཆོས་ཞེས་པ་ནི་རྩིགས་བཟོས་སམ་བཟོ་བཀོད་དངོས་པོའི་རྣམ་པའི་ཐོག་ནས་མཚོན་པའི་མཛེས་དཔྱོད་ཀྱི་དོན་སྙིང་ལྡན་པའི་བརྩམས་ཆོས་ལ་ཟེར།

རིགས་དབྱེ།  

ལྕགས་ལམ་ལས་གྲྭ།

ལྕགས་ལམ་ལས་གྲྭ་ནི་ཀྲུང་གོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན། ཆེད་ལས་དེས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་ལ་ཕྱོགས་པ་དང་། སྤྱི་ཚོགས་འཕེལ་རྒྱས་དང་ཚན་རྩལ་ཡར་ཐོན་དང་འཚམ་པ། ལྕགས་ལམ་དང་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ལས་གྲྭའི་ཁྱབ་ཁོངས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་ཆེད་ལས་ཤེས་བྱ་རྒྱ་ཆེར་ཁོང་དུ་ཆུད་པ། རིག་ནུས་བཟོ་སྐྲུན་དང་རིག་ནུས་འཁོར་རྒྱུག་འདུ་ཤེས་དང་མི་ཐབས་རིག་ནུས་སྣོལ་འདྲེས་སོགས་གསར་དར་ལག་རྩལ་ནུས་པ་ལྡན་པ་བཅས་གསོ་སྐྱོང་བྱས་ནས། ལྕགས་ལམ་ལས་གྲྭའི་འབྲེལ་ཡོད་ལས་གྲྭའི་ཁྱབ་ཁོངས་སུ་རྩད་ཞིབ་དང་། ཇུས་འགོད། ཨར་ལས། སྲུང་སྐྱོང་། དོ་དམ་དང་ཚན་རིག་ཞིབ་འཇུག་སོགས་སུ་བྱ་བ་གཉེར་བའི་ཤེས་ལྡན་མི་སྣ་སྐྱོང་དགོས།

རིགས་དབྱེ།  

ཚོད་འཛིན་ལས་གྲྭ།

དེ་ནི་རང་འགུལ་ཚོད་འཛིན་མ་ལག་གི་ལས་གྲྭ་སྣ་ཚོགས་མངོན་འགྱུར་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་བཟོ་སྐྲུན་ལག་རྩལ་ཞིག་ཡིན།

རིགས་དབྱེ།  

རྩིས་འཁོར་ལས་གྲྭ།

དེ་ནི་གློག་འཕྲུལ་བཟོ་སྐྲུན་རིག་པ་དང་རྩིས་འཁོར་ཚན་རིག་གི་སྣོལ་འདྲེས་ཁྱབ་ཁོངས་ཁག་ཅིག་ནང་དོན་དུ་བྱས་པའི་བཟོ་སྐྲུན་རིག་པ་ཞིག་ཡིན་ཞིང་། དེའི་ལས་འགན་གཙོ་བོ་ནི་རྩིས་འཁོར་མ་ལག་ཇུས་འགོད་དང་མངོན་འགྱུར་བྱ་རྒྱུ་དེ་ཡིན།

རིགས་དབྱེ།  

འཇིག་རྟེན་འཕུར་སྐྱོད་ལས་གྲྭ།

དེ་ནི་བར་སྣང་དང་སྐར་མའི་གོ་ལའི་ཕྱོགས་བསྡུས་རང་བཞིན་གྱི་ལས་གྲྭ་འཚོལ་ཞིབ་དང་། གསར་སྤེལ། བེད་སྤྱོད་བཅས་བྱེད་པ་སྟེ། འཇིག་རྟེན་འཕུར་སྐྱོད་མ་ལག་ཕྱོགས་བསྡུས་ཀྱིས་ལག་བསྟར་བྱེད་པ་དང་། ལྷག་པར་དུ་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་དང་འཇིག་རྟེན་འཕུར་སྐྱོད་སྐྱེལ་འདྲེན་མ་ལག་གི་ཇུས་འགོད་དང་བཟོ་སྐྲུན། ཚོད་ལྟ། འཕེན་གཏོང་། འཁོར་སྐྱོད། ཕྱིར་ལོག ཚོད་འཛིན། དོ་དམ། བེད་སྤྱོད་བཅས་ཀྱི་ལས་གྲྭ་ཞིག་ཡིན།

རིགས་དབྱེ།  

བཟོ་ལས་ལས་གྲྭ།

ཆེད་ལས་དེས་སྔོན་ཐོན་གྱི་བཟོ་སྐྲུན་ལག་རྩལ་ཤེས་བྱའི་རྨང་གཞི་ལྡན་པ་དང་། དོ་དམ་ཚན་རིག་གི་རིགས་པའི་གཞུང་ལུགས་དང་བྱེད་ཐབས་ཁོང་དུ་ཆུད་པ། བརྒྱུད་རིམ་ལྡན་པའི་ལས་གྲྭ་དང་། བཟོ་ལས་ལས་གྲྭ། དོ་དམ་བཅས་ཐད་ཀྱི་ཤེས་བྱ་དང་། བྱང་ཚད། ནུས་པ་བཅས་ལྡན་པ། གཉེར་སྐྱོང(ཐོན་སྐྱེད་དང་ཞབས་ཞུ)མ་ལག་གི་དབྱེ་ཞིབ་དང་། ཇུས་འགོད། གདེང་འཇོག གསར་གཏོད་དང་ཚོད་འཛིན་བཅས་ཀྱི་ལག་རྩལ་དང་དོ་དམ་ཟུང་འབྲེལ་བྱེད་པའི་སྣ་འཛོམས་ཅན་གྱི་མཐོ་རིམ་ཤེས་ལྡན་པ་གསོ་སྐྱོང་བྱེད་བཞིན་ཡོད།

རིགས་དབྱེ།  

རྒྱབ་ལྗོངས་འཛེར་སྒྲ།

ཚད་ལེན་སྒྲ་ཁུངས་ལས་འདས་པའི་སྒྲའི་འབྱུང་ཁུངས་ལས་བྱུང་བའི་ཁོར་ཡུག་གི་འཛེར་སྒྲ་ཡི་སྤྱི་སྡོམ།

རིགས་དབྱེ།  

དབྱིབས་འགྱུར་ལྕགས་ཧྲང་།

དབྱིབས་འགྱུར་ལྕགས་ཧྲང་ནི་ཕྱི་ངོས་སུ་ལྕགས་རྩིབ་ཡོད་པའི་ལྕགས་ཧྲང་གི་རིགས་ཤིག་ཡིན་ལ། རྒྱུན་པར་གཞུང་རྩིབ་གཉིས་དང་རིང་ཚད་ཀྱི་ཁ་ཕྱོགས་སུ་ཆ་སྙོམས་ཀྱིས་ཁྱབ་པའི་འཕྲེད་རྩིབ་གཉིས་ཡོད།

རིགས་དབྱེ།  

གཏེར་ཁ་སྔོག་འདོན་ལས་གྲྭ།

གཏེར་ཁ་སྔོག་འདོན་ལས་གྲྭMining Engineeringནི་ཀྲུང་གོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་སྡེ་གི་ཆེད་ལས་ཤིག་ཡིན་ལ། སློབ་ཡུན་ལོ་བཞི་དང་། བཟོ་རིག་ཤེས་རམས་པའི་བསླབ་གནས་སྤྲོད་པ་ཡིན།

རིགས་དབྱེ།  

གཏེར་ཁྲོན་ཇུས་འགོད།

རྡོ་སོལ་གསར་སྤེལ་དང་ཐོན་སྐྱེད་འཛུགས་སྐྲུན་ཁྲོད་གཏེར་ཁྲོན་ཇུས་འགོད་ལས་ཀ་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལྷུ་ཚིགས་ཤིག་ཡིན།

རིགས་དབྱེ།  

གཏེར་ཁྲོན་གྱི་གནོད་འཚེ་སྔོན་འགོག་དང་ཐག་གཅོད་བྱེད་པའི་འཆར་གཞི།

གཏེར་ཁྲོན་གྱི་གནོད་འཚེ་སྔོན་འགོག་དང་ཐག་གཅོད་བྱེད་པའི་འཆར་གཞི་ནི་གཏེར་ཁྲོན་དུ་གནོད་འཚེ་མི་འབྱུང་བ་དང་། དོན་རྐྱེན་བྱུང་ཚེ་སྔོན་འགོག་དང་ཐག་གཅོད་བྱེད་པའི་འཆར་གཞི་ཞིག་ཡིན།《འཆར་གཞི》བཟོ་འགོད་བྱེད་སྐབས་ངེས་པར་དུ་སྔོན་འགོག་གཙོ་བོར་འཛིན་པའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་དགོས་པ་དང་། གཏེར་ཁྲོན་དུ་འབྱུང་སྲིད་པའི་ལས་འཛོལ་སྔོན་དཔག་བྱས་ནས་ལས་འཛོལ་སྔོན་འགོག་བྱེད་པའི་ནུས་པ་ཐོན་ཐུབ་པ་བྱ་དགོས།

རིགས་དབྱེ།  

གཏེར་རིལ།

གཏེར་རིལ(mineral grain)ནི་སྤྱི་ལོ2019ལོར་ཁྱབ་བསྒྲགས་བྱས་པའི་ལྕགས་རིགས་བཙོ་སྦྱང་རིག་པའི་ཐ་སྙད་ཅིག་ཡིན།

རིགས་དབྱེ།  

གཏེར་ཁུལ་གྱི་འཆར་འགོད།

གཏེར་ཁུལ་གྱི་འཆར་འགོད་ནི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསལ་པོ་བྱས་པའི་རྨང་གཞིའི་ཐོག་གཏེར་ཁུལ་ནང་གི་གཏེར་ཁྲོན་བཀོད་སྒྲིག་དང། དེ་དང་འཚམ་པའི་བཙོ་སྦྱང་དང་རམ་འདེགས་བཟོ་ལས། སྡོད་དམངས་ཁུལ(གྲོང་རྡལ)དང་གཏེར་ཁུལ་གྱི་སྐྱེལ་འདྲེན་དང་སྒུལ་ཤུགས་མ་ལག་གི་སྤྱིའི་བཀོད་སྒྲིག་ལ་ཟེར། རྡོ་སྣུམ་དང་། རྡོ་སོལ། མདོག་ལྡན་ལྕགས་རིགས་སོགས་གཏེར་ཁུལ་མི་འདྲ་བ་ཚང་མར་ངེས་པར་དུ་ཐོན་སྐྱེད་ལག་རྩལ་གྱི་ཁྱད་ཆོས་དང་། རང་བྱུང་ཆ་རྐྱེན་དང་དཔལ་འབྱོར་ཆ་རྐྱེན་ལ་གཞིགས་ནས་བཀོད་སྒྲིག་ལུགས་མཐུན་དང་ཕྱོགས་ཡོངས་ནས་འཆར་འགོད་བྱེད་པ་ལ་ཟེར།

རིགས་དབྱེ།