གདོང་སྣ་ཆུ་གློག་ས་ཚིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གདོང་སྣ་ཆུ་གློག་ས་ཚིགས།
གདོང་སྣ་ཆུ་གློག་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་རྫོང་མཁར་དང་བར་ཐག་སྤྱི་ལེ18ཀྱི་མཚམས་དང་། སྔོ་རྒྱའི་འགག་ཆུ་གློག་ས་ཚིགས་ཀྱི་སྨད་རྒྱུད་དུ་སྤྱི་ལེ18ཀྱི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
康扬水电站
ཕྱི་ཡིག་གི་མིང་།
Kang Yang Hydropower Station
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་གཅན་ཚ་རྫོང་གདོང་སྣ་གྲོང་རྡལ།
བཙུགས་ལོ།
2003ལོའི་ཟླ7པའི་ཚེས1ཉིན།
ཆུ་ཤོང་ཚད།
སྨི་གྲུ་བཞི་མ་ཁྲི2880ཡིན།
གནས་ཡུལ།
རྨ་ལྷོ་ཁུལ་གཅན་ཚ་རྫོང་གདོང་སྣ་གྲོང་རྡལ་དུ་ཡོད།
1 ངོ་སྤྲོད།

གདོང་སྣ་ཆུ་གློག་ས་ཚིགས་ནི་གཅན་ཚ་རྫོང་དང་དཔའ་ལུང་རྫོང་གཉིས་བསྣོལ་མཚམས་ཀྱི་རྨ་ཆུའི་འབབ་རྒྱུད་དུ་བཙུགས་ཡོད་པ་དང་། སྤྱི་ལོ2003ལོའི་ཟླ7པའི་ཚེས1ཉིན་ལས་མགོ་བརྩམས་པ་དང་། སྤྱི་ལོ2005ལོའི་ཟླ8པའི་ཚེས28ཉིན་ཆུ་དངོས་སུ་བསྐྱིས། སྤྱི་ལོ2007ལོའི་ཟླ5པར་འཛུགས་སྐྲུན་ཡོངས་སུ་ལེགས་གྲུབ་བྱུང་སྟེ་དངོས་སུ་བཀོལ་སྤྱོད་བྱས། སྟོད་རྒྱུད་ཀྱི་བྲག་ཁང་སྣ་ཁ་ཆུ་གློག་ས་ཚིགས་དང་བར་ཐག་སྤྱི་ལེ10ཡོད། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་ནི་སྨི་གྲུ་བཞི་མ་ཁྲི2880ཡིན་པ་དང་། སྤྱིའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ28.25ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-23

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།