ཡོངས་འཛིན་རིག་མཛོད། >ལག་རྩལ། >ལས་གྲྭ། >སྐྱེ་དངོས་ལས་གྲྭ།

སྐྱེ་དངོས་ལས་གྲྭ།

སྐྱེ་དངོས་ལས་གྲྭ་ནི་དུས་རབས20པའི་ལོ་རབས70པའི་དུས་འགོར་དར་རྒྱས་སུ་ཕྱིན་པའི་ཕྱོགས་བསྡུས་རང་བཞིན་གྱི་ཉེར་སྤྱོད་རིག་གཞུང་ཚན་ཁག་ཅིག་ཡིན་ལ། ལོ་རབས90པར་གཞི་རྩའི་མ་ལག་སྨྲ་བའི་སྐྱེ་དངོས་ལས་གྲྭའི་དབུ་བརྙེས་ཤིང་། མ་ལག་སྐྱེ་དངོས་ལས་གྲྭའི་མཚན་ཉིད་བྱུང་བ་རེད། སྐྱེ་དངོས་ལས་གྲྭ་ཞེས་པ་ནི་སྤྱིར་བཏང་དུ་སྐྱེ་དངོས་རིག་པའི་གཞུང་ལུགས་དང་ལག་རྩལ་རྨང་གཞི་བྱས་ཏེ། མཉམ་སྦྱོར་རྫས་བཟོ། འཕྲུལ་ཆས། གློག་རྡུལ་རྩིས་འཁོར་སོགས་དེང་རབས་ལས་གྲྭའི་ལག་རྩལ་དང་། ཆ་རྡུལ་སྐྱེ་དངོས་རིག་པའི་གྲུབ་འབྲས་གསར་ཤོས་བེད་སྤྱོད་གང་ལེགས་བྱས་ནས་རྒྱུད་འཛིན་དངོས་རྫས་ལ་ཚོད་འཛིན་དང་གནས་གཏན་འཁེལ་གྱིས་སྐྱེ་དངོས་སམ་ཡང་ན་དེའི་བྱེད་ལས་ལ་སྒྱུར་བཀོད་བྱས་ཏེ་དུས་ཡུན་ཐུང་ངུའི་ནང་དུ་ཚད་བརྒལ་རྒྱུད་ཐག་རིང་བའི་གཟུགས་དབྱིབས་ལྡན་པའི་སྐྱེ་དངོས་རིགས་གསར་པ་གསར་སྐྲུན་བྱས་པ་དང་། ཡང་བསྐྱར་འོས་འཚམ་གྱི་སྐྱེ་དངོས་འགྱུར་འབྱུང་ཆས་ཡིས“ལས་གྲྭའི་སྲིན”ནམ་ཡང་ན“ལས་གྲྭའི་ཕྲ་ཕུང་སྡོང”ལ་གཞི་ཁྱོན་ཆེ་བའི་སྒོ་ནས་གསོ་སྐྱོང་བྱས་པར་བརྟེན། སྤྱོད་སྒོ་ཅན་གྱི་བརྗེ་ཚབ་ཐོན་དངོས་འབོར་ཆེན་ཐོན་སྐྱེད་བྱེད་པ་དང་ཡང་ན་དེ་དག་གི་ཐུན་མོང་མ་ཡིན་པའི་ལུས་ཁམས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་གསར་བྱུང་གི་ལག་རྩལ་ཞིག་ཡིན་ནོ།།

རིགས་དབྱེ།  

སྔོ་ལྗང་གཟན་ཆས།

འདི་ནི་ཆུའི་གྲུབ་ཆས་བརྒྱ་ཆའི60ཡན་ཟིན་པའི་གཟན་རྩྭ་ལ་གོ་ཞིང་། ནང་དུ་ལྗང་ལོའི་རྫས་མོད་པོ་འདུས་པའོ།། རང་བྱུང་ཕྱུགས་རྩྭ་དང་མིས་བཏབ་ཕྱུགས་རྩྭ། སྔོ་བྲེགས་གཟན་རྩྭ་སོགས་འདུས་ཤིང་། འཚོ་བཅུད་ཀྱི་ཁྱད་ཆོས་གཙོ་ཤོས་ནི་ཆུའི་གྲུབ་ཆ་འདུས་ཚོད་མང་བ། སྐམ་ཚུལ་དངོས་པོ་ཉུང་བ། ཚི་སྣ་རྩུབ་རིགས་ཉུང་བ། ཀལ་དང་ལིན་རྫས་འདུས་ཚོད་མང་ཞིང་སྡུར་ཚད་འཚམ་པ། གུང་ལའི་རྫས་དང་འཚོ་བཅུད་རྫས་ཀྱིBཚན་དངEཚན Kཚན། Cཚནབཅས་ཀྱི་འདུས་ཚད་མོད་པ་ཡིན་ལ། བོངས་ཚོད་ཆེ་བ་དང་ཁ་ལ་འཕྲོད་པ། འཇུ་འགྱུར་བེད་ཆོད་འབྱུང་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཕྱིར། ལུག་རྒྱུད་ཀུན་གྱིས་ཟ་མོས་ཆེ་བ།

རིགས་དབྱེ།  

གཟན་ཆས་རྩུབ་ཤོས།

གཟན་ཆས་རྩུབ་ཤོས་རིགས་དེར་རང་བཞིན་གྱི་གཤེར་ཁུ་འདུས་ཚོད་བརྒྱ་ཆའི60མན་ཡིན་པ་དང་། རྒྱུ་སྐམ་པོའི་དངོས་པོ་ནང་ནས་ཚི་སྣ་འདུས་ཚོད་བརྒྱ་ཆའི18ལས་མང་བའམ། དེ་དང་མཉམ་པའི་གཟན་ཆས་རིགས་ལ་གོ་ཞིང་། དེ་ལ་གཏོགས་པ་རྩྭ་སྐམ་རིགས་དང་ཞིང་ལས་ཀྱི་ཞོར་ཐོན་རིགས། སྦང་སྙིགས་རིགས། ལྗོན་པ་ལ་ལའི་ལོ་མ་སོགས་འདུའོ།།

རིགས་དབྱེ།  

སྔོ་ཉར་གཟན་ཆས།

སྔོ་ཉར་གཟན་ཆས་ཟེར་པ་དེ་རྩྭ་ལྡུམ་རིགས་སྔོན་པོ་དེ་ལ་ཟེར་ཞིང་། སྐྱུག་ལྡད་སྒོ་ཕྱུགས་རིགས་ཀྱི་གཟན་ཆས་ཡག་ཤོས་ཡིན་སྲིད་དོ།།

རིགས་དབྱེ།  

ནུས་ཚོད་བཟང་བའི་གཟན་ཆས།

ནུས་ཚོད་བཟང་བའི་གཟན་ཆས་ནི་རྒྱུ་བ་སྐམ་པོའི་གཟན་ཆས་ཁྲོད་ཀྱི་ཚི་སྣ་རྩུབ་པོའི་འདུས་ཚོད་བརྒྱ་ཆའི18ལས་དམའ་བ་དང་། སྤྲི་དཀར་རྩུབ་པོ་བརྒྱ་ཆའི20ལས་དམའ་བའི་གཟན་ཆས་རིགས་ལ་གོ་བའོ།།

རིགས་དབྱེ།  

སྤྲི་དཀར་རྫས་ཀྱི་གཟན་ཆས།

སྤྲི་དཀར་རྫས་ཀྱི་གཟན་ཆས་ནི་དངོས་པོ་སྐམ་པོའི་ནང་གི་ཚི་སྣ་རྩུབ་པོའི་འདུས་ཚོད་བརྒྱ་ཆའི18ལས་ཉུང་བ་དང་མཉམ་པའམ། དེ་བས་ཅུང་ཟད་མང་བའི་གཟན་ཆས་ཀྱི་སྤྱི་མིང་ངོ་།། ལུག་ལ་དགོས་པའི་སྤྲི་དཀར་རྫས་ཀྱི་མང་ཤོས་གྲོད་པའི་ནང་གི་སྐྱེ་དངོས་ཕྲ་རབ་ལས་རུལ་ཕབས་བྱུང་ནས་ཚིམ་འགྱུར་བ་ཡིན་པས། སྤྲི་དཀར་རྫས་ཀྱི་གཟན་ཆས་དེ་དག་གིས་གསོ་སྐྱོང་ཁྲོད་ནས་ཁ་སྐོང་ཚུལ་དུ་སྤྱོད་པ་ཙམ་ཡིན་པས། སྤྲི་དཀར་རྫས་ཀྱི་ཁ་སྐོང་གཟན་ཆས་ཞེས་ཞིབ་ནན་གྱིས་ངོས་འཛིན་ཚུལ་ཡོད་དོ།།

རིགས་དབྱེ།  

དབྱིབས་དྲིལ་ཅན་གཟན་ཆས།

དབྱིབས་དྲིལ་ཅན་གཟན་ཆས་ནི་རིལ་རྡོག་དབྱིབས་ཀྱི་གཟན་ཆས་དང་། ལེབ་མོར་བཟོས་པའི་རྩྭ་སྐམ། སོབ་པོར་བཏང་པའི་གཟན་ཆས་ལྟ་བུའོ།། བོད་ཡུལ་ལ་མཚོན་ན། ས་ནང་ངམ་ཕྱུགས་རྩྭ་ནང་གི་སེ་རྫས་རྒྱུན་སྲོལ་ལས་ཉུང་བས། སེ་རྫས་ཁ་གསབ་རྒྱག་ཆེད། མཚོ་སྔོན་ཞིང་ཆེན་ཁོངས་ནས་ལེབ་མོ་ཚུལ་གྱི་ལྡག་སྤྱོད་སེ་རྫས་བཟོས་ཡོད་པ་དེ་བལྡག་བཅུག་ན་ཕན་ནོ།།

རིགས་དབྱེ།  

ཉིན་ཆས།

ཉིན་ཆས་ཞེས་པ་ལུག་གི་ཉིན་ཞག་གཅིག་ནང་ཟ་བར་འགྱུར་བའི་གཟན་ཆས་ཉིད་ཀྱི་དགོས་ཚོད་དེ་ཡིན།

རིགས་དབྱེ།  

སྐྱེ་དངོས་གསོ་རིག་ལས་གྲྭ།

དེ་ནི་དངོས་ལུགས་དང་། རྫས་འགྱུར། གྲངས་རིག རྩིས་འཁོར་དང་བཟོ་སྐྲུན་རིག་པའི་རྩ་བའི་རིགས་པ་དང་ཟུང་འབྲེལ་བྱས་ཏེ། སྐྱེ་དངོས་རིག་པ་དང་། གསོ་རིག བྱ་སྤྱོད་རིག་པའམ་འཕྲོད་བསྟེན་རིག་པ་བཅས་ཀྱི་ཞིབ་འཇུག་བྱ་བ་ཡིན།

རིགས་དབྱེ།  

ཉ་ཟན་འཕེན་ས།

ཉ་ཟན་འཕེན་ས་ནི་ཆུ་ཐོན་རིག་པའི་ཐ་སྙད་ཅིག་ཡིན།

རིགས་དབྱེ།  

ཆུ་བརྗེ་ཚད།

ཆུ་བརྗེ་ཚད་ནི་སྤྱི་ལོ2002ལོར་ཁྱབ་བསྒྲགས་བྱས་པའི་ཆུ་ཐོན་གྱི་ཐ་སྙད་ཅིག་ཡིན།

རིགས་དབྱེ།  

ཏན་མེད་སྦངས་དངོས།

གཟན་ཆས་ཀྱི་མ་དཔེའི་སྤྱི་འབོར་ནང་ནས་འཚོ་བཅུད་རིགས་ལྔ་འཐེན་རྗེས་ཀྱི་ཏན་མེད་སྦངས་དངོས་ལ་ཟེར།

རིགས་དབྱེ།  

སྤྲི་དཀར་གཟན་ཆས།

སྤྲི་དཀར་གཟན་ཆས་ནི་གཟན་ཆས་སྐམ་པོའི་ནང་གིCP≥20%དངCF<18%ཡི་གཟན་ཆས་རིགས་ཤིག་ལ་ཟེར།

རིགས་དབྱེ།  

གཏེར་རྫས་གཟན་ཆས།

གཏེར་རྒྱུའི་གཟན་ཆས་ཞེས་པ་ནི་རང་བྱུང་གིས་གྲུབ་པའི་གཏེར་རྫས་དང་བཟོ་ལས་འདྲེས་སྦྱོར་གྱི་འདྲེས་སྦྱོར་དངོས་རྫས་རྐྱང་པ་དང་འདྲེས་གཟུགས་ཀྱི་གཏེར་རྫས་སྣ་མང་སྡེབ་ནས་གྲུབ་པའི་སྔོན་བསྲེས་རྒྱུ་ཆ་ལ་ཟེར།

རིགས་དབྱེ།  

གཟན་ཆས་རིགས་སོ་སོའི་འཚོ་བཅུད་ཁྱད་གཤིས།

གཟན་ཆས་རིགས་སོ་སོའི་འཚོ་བཅུད་ཁྱད་གཤིས་ལ་གཟན་ཆས་རྩིང་པོ་དང་སྔོ་ལྗང་གཟན་ཆས། སྔོ་གཟན་གསོག་ཉར། ནུས་ཚད་གཟན་ཆས། སྤྲི་དཀར་གཟན་ཆས། གཏེར་རྫས་གཟན་ཆས། འཚོ་བཅུད་གཟན་ཆས། གཟན་ཆས་སྦྱོར་རྟ་བཅས་ཀྱི་ཕྱོགས་ནས་གསལ་བོར་བསྟན་ཡོད།

རིགས་དབྱེ།  

གཟན་ཆས་བདེ་འཇགས།

གཟན་ཆས་ཐོན་རྫས་ཀྱིས་སྔོན་དཔག་གི་སྤྱོད་སྒོ་ལྟར་བཟོས་ཤིང་གཟན་ཆས་སྟེར་སྐབས། གསོ་ཚགས་བྱས་པའི་སྲོག་ཆགས་ཀྱི་བདེ་ཐང་ལ་དོན་དངོས་ཀྱི་གནོད་འཚེ་མི་བཟོ་བར་གོ།

རིགས་དབྱེ།  

སྔོ་ཚོད་འདེབས་པའི་གྲ་སྒྲིག

འདིར་སྔོ་ཚོད་འདེབས་པའི་གྲ་སྒྲིག་ལས་ཞིང་ཆས་གཙོ་བོ་དང་འདེབས་སྟངས། དྲོད་ཁང་གི་ས་ཁོད་ལེགས་སྒྲིག་དང་ས་རྒྱུ་དུག་སེལ་བྱེད་སྟངས་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

སྲེའུ་ལ་ཕུག་འདེབས་པའི་ལག་རྩལ།

སྲེའུ་ལ་ཕུག་ནི་ལོ་གཅིག་གཉིས་ལ་སྐྱེ་བའི་རྩྭ་རིགས་ཀྱི་སྐྱེ་དངོས་ཤིག་ཡིན། རྩད་པ་ལོག་ལོག་ཡིན་པ་དང་། ཕྱི་ཤུན་དམར་པོ་དང་ནང་དཀར་པོ་ཡིན། དེའི་ནང་དུ་ཀལ་དང་། ལྕགས། འཚོ་བཅུད་སོགས་ཀྱི་བཅུད་ལྡན་ཞིང་རློན་ཟ་བྱས་ཆོག

རིགས་དབྱེ།  

ཀེའུ་འདེབས་པའི་ལག་རྩལ།

ཀེའུ་ནི་ནམ་ཟླ་གྲང་འཁྱགས་པ་ལ་འཕྲོད་ཅིང་གྲང་ངར་བཟོད་ཐུབ་པ་ཞིག་ཡིན། སྐྱེ་བའི་སྐབས་སུ་དྲོད་ཀྱང་བཟོད་ཐུབ་པས། དྲོད་ཚད་ཀྱི་ཕྱོགས་ལ་དེ་འདྲའི་གཟབ་ནན་བྱེད་མི་དགོས་པ་ཞིག་ཡིན་ལ། འདིར་ཀེའུ་འདེབས་པའི་ལག་རྩལ་གྱི་ཁོར་ཡུག་གི་ཆ་རྐྱེན་དང་ས་བོན་འདེམ་པ། ཞིང་ཁའི་དོ་དམ་དང་དགུན་བརྒལ་འདེབས་འཛུགས། ནད་དང་གནོད་འབུ་འགོག་བཅོས་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

ཙོང་འདེབས་པའི་ལག་རྩལ།

ཙོང་ནི་ཙོང་ཤུན་རིམ་པས་གྲུབ་ལ། ཙོང་གི་རྩད་པ་དང་ཙོང་ལོ་གཉིས་ཀ་ཐོན་རྫས་ཡིན་ཞིང་ལོ་གཉིས་ནས་གསུམ་ལ་སྐྱེ་བའི་རྩྭ་རིགས་སྐྱེ་དངོས་ཤིག་ཡིན་ལ། འདིར་ཙོང་འདེབས་པའི་ལག་རྩལ་གྱི་ཁོར་ཡུག་གི་ཆ་རྐྱེན་དང་ཙོང་འདེབས་པའི་ལག་རྩལ། ནད་དང་གནོད་འབུ་འགོག་བཅོས་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

སྒོག་པ་འདེབས་པའི་ལག་རྩལ།

སྒོག་རིགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རིགས་ཀྱང་ཅུང་མང་། འདེབས་འཛུགས་ཀྱི་དམིགས་ཡུལ་མི་མཐུན་པ་ལྟར་དབྱེ་ན་སྒོག་ལོག་སྤྱོད་པ་དང་སྒོག་ཤིང་སྤྱོད་པ། སྔོ་སྒོག་སྤྱོད་པ་སོགས་ཡོད། སྒོག་པ་ལ་འཚོ་བཅུད་དང་། ཕུང་བོ་བདེ་ཐང་། འབུ་ཕྲ་གསོད་པ་སོགས་ཀྱི་རིན་ཐང་ལྡན། འདིར་སྒོག་པ་འདེབས་པའི་ལག་རྩལ་གྱི་ཁོར་ཡུག་གི་ཆ་རྐྱེན་དང་སྒོག་པ་འདེབས་པའི་ལག་རྩལ། ནད་དང་གནོད་འབུ་འགོག་བཅོས་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

ཏེ་པེ་ཁྲུན།

ཁོག་དུག་དང་རེག་གསོད་ཀྱི་ནུས་པ་ཧ་ཅང་ཆེ། བུལ་ཏོག་ཅན་གྱི་ཞུན་མའི་ནང་དུ་ཏེ་ཏེ་ཝེ་ལ་འགྱུར་ཞིང་དེའི་རྗེས་སུ་མུ་མཐུད་དུ་དབྱེ་ཕྲལ་བྱས་ན་སྨན་ནུས་འཆོར་འགྲོ། མི་དང་ཕྱུགས་ལ་དུག་ཕོག་པའི་རང་བཞིན་ཅུང་དམའ་བར་མ་ཟད་སྐྱི་ལྤགས་ལ་མི་གནོད།

རིགས་དབྱེ།  

ཡུག་པོ་འདེབས་པའི་ལག་རྩལ།

འདིར་ཡུག་པོ་འདེབས་པའི་ལག་རྩལ་གྱི་འདེབས་པའི་ཁྱབ་ཁོངས་དང་སྐྱེ་ཁམས་ས་ཁུལ་མི་འདྲ་བར་འཕྲོད་པའི་འདེབས་གསོའི་རིགས། འདེབས་གསོའི་ལག་རྩལ་དང་ཞིང་ཁའི་དོ་དམ་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

སྐྱེ་དངོས་གསོ་རིག་བཟོ་སྐྲུན།

སྐྱེ་དངོས་གསོ་རིག་བཟོ་སྐྲུན་དུ་དངོས་ཁམས་དང་རྫས་འགྱུར། རྩིས་རིག རྩིས་འཁོར་དང་བཟོ་སྐྲུན་རིག་པའི་རྩ་བའི་རིགས་པ་དང་ཟུང་འབྲེལ་བྱས་ཏེ། སྐྱེ་དངོས་རིག་པ་དང་གསོ་རིག བྱ་སྤྱོད་རིག་པ། འཕྲོད་བསྟེན་རིག་པ་བཅས་ལ་ཞིབ་འཇུག་བྱེད་བཞིན་ཡོད།

རིགས་དབྱེ།  

སྐྱེ་དངོས་བཟོ་སྐྲུན།

སྐྱེ་དངོས་བཟོ་སྐྲུན་ནི་དུས་རབས20པའི་ལོ་རབས70པའི་ནང་གསར་དར་བའི་ཕྱོགས་བསྡུས་རང་བཞིན་གྱི་ཉེར་སྤྱོད་རིག་ཚན་ཞིག་ཡིན་ལ། ལོ་རབས90པར་རྒྱུད་ཁོངས་སྨྲ་བའི་སྐྱེ་དངོས་བཟོ་སྐྲུན་དང་མ་ལག་སྐྱེ་དངོས་ལས་བཟོ་སྐྲུན་ཞེས་པའི་ཐ་སྙད་བྱུང་།

རིགས་དབྱེ།  

དབྱང་བུན།

དབྱང་བུན(oxygen debt)ནི་སྐར་མ1ལ་ངལ་རྩོལ་བྱས་པར་མཁོ་བའི་དབྱང་རླུང(དབྱང་རླུང་མཁོ་བoxygen demand)དང་དོན་དངོས་སུ་དབྱང་རླུང་མཁོ་འདོན་བྱེད་པའི་ཁྱད་པར་ཡིན་ལ། མི་ཞིག་གི་དབྱང་མེད་བཟོད་ཤུགས་ལ་དཔྱད་བསྡུར་གཏན་འབེབས་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

དབྱང་ཁེངས།

ཆུའི་ནང་དུ་དབྱང་ཞུ་བའི་ཚད་ལོངས་པའི་རྣམ་པ་ལ་གོ།

རིགས་དབྱེ།  

དབྱང་གུན།

དབྱང་གུན(Oxygen deficit)ལ་དབྱང་དབུགས་ཆད་པ་ཡང་ཟེར། དེ་ནི་ཆུའི་ནང་གི་དབྱང་ཞུ་འབྱེད་ཀྱི་ཚད་ལོངས་བར་ཁྱད་ལ་ཟེར། དབྱང་གི་རིན་ཐང་ཆག་པའི་ཆེ་ཆུང་གིས་ཆུ་གཟུགས་སུ་ཡང་བསྐྱར་དབུགས་ཕྱིར་འདོན་པའམ་དབྱང་བསྐྱར་གསོའི་ནུས་པ་མཚོན་ཐུབ། དེའི་ནང་དབྱང་གི་གྱོང་གུན་ཇི་ལྟར་ཆེ་ན། དབྱང་བསྐྱར་གསོའི་མྱུར་ཚད་དེ་ཙམ་གྱིས་མཐོ།

རིགས་དབྱེ།  

ཉ་རྫིང་སྐོར་ཞིབ།

ཉ་རྫིང་སྐོར་ཞིབ་ནི་ཉ་གསོ་བའི་ལས་དོན་ལ་ཕྱོགས་བསྡུས་ཞིབ་བཤེར་བྱས་པ་ཞིག་ཡིན་པ་དང་། ཉ་རྫིང་སྐོར་ཞིབ་བརྒྱུད་རྫིང་བུ་དང་། ཉའི་གནས་ཚུལ། ཐོན་སྐྱེད་གནས་ཚུལ་བཅས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་ཁོང་དུ་ཆུད་ཐུབ་པ་བྱེད་པ་དང་། ཉ་རྫིང་སྐོར་ཞིབ་ཀྱིས་ཉ་རྫིང་ནང་གི་ཆུའི་སྤུས་ཚད་ཀྱི་འགྱུར་ལྡོག་དང་ཉ་རིགས་ཀྱི་འགུལ་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱེད་ཐུབ་པ་དང་། ལྷག་པར་དུ་ཞོགས་པའམ་དགོང་མོར་ཉ་རིགས་ཀྱིས་རྒྱུན་ལྡན་གྱི་དབུགས་འབྱིན་རྔུབ་རྒྱུན་འཁྱོངས་བྱེད་མི་ཐུབ་པར་ཆུ་ངོས་སུ་གཡེང་ནས་དབུགས་རྔུབ་དགོས་བྱུང་། དེ་ནི་ངག་རྒྱུན་གྱི་མགོ་གཡེང་ཡིན་ལ། ལྗིད་ན་ཆུ་རྫིང་ཆེན་པོར་དུས་ཐོག་ཏུ་མ་ཤེས་པར་མྱུར་སྐྱོབ་མ་བྱས་ན། དབུགས་འགག་ནས་ཤི་སྟེ་གྱོང་གུན་ཚབས་ཆེན་བཟོ་སྲིད། ཉ་རྫིང་སྐོར་ཞིབ་བརྒྱུད་ན་རྫིང་བུ་རེ་རེའི་ཉིན་རེའི་ཉ་ཟན་དང་། ཆུ་ལུད། ཆུའི་དྲོད་ཚད། དྲོད་ཚད། དབྱང་ཞུ་བ། phགྲངས་ཐང་བཅས་ལ་ཚད་འཇལ་བྱེད་ཐུབ་པ་དང་། ཆུ་རྒྱག་པ་དང་དབྱང་འཕར་སྣོན་སོགས་རྒྱུན་ལྡན་གྱི་བྱ་བ་ཚང་མ་ཟིན་ཐོར་འགོད་དགོས། ཉ་རྫིང་སྐོར་ཞིབ་བྱས་པ་བརྒྱུད་དཔྱད་གཞི་གསོག་འཇོག་དང་། གནད་དོན་ལ་དབྱེ་ཞིབ། ཉམས་མྱོང་ཕྱོགས་བསྡོམས་བཅས་བྱས་ནས་ཉ་གསོ་བའི་ལས་ཆོད་ཆེ་རུ་གཏོང་རྒྱུར་དེ་བས་ཕན་ཐོགས་ཡོད།

རིགས་དབྱེ།  

སྐྱེ་མེད་ཁོར་ཡུག

སྐྱེ་དངོས་ཁོར་ཡུག་ཁྲོད་ཀྱི་འོད་དང་། དབྱང་གཉིས་ཐཱན་རྫས། དབྱང་རླུང་། ཆུ་སོགས་སྐྱེ་མེད་དངོས་པོ་ཁག་ཅིག་དང་ད་དུང་སྐྱེ་ལྡན་དངོས་པོ་དང་དེ་བཞིན་ས་དབྱིབས་དང་། འཕྲེད་ཐིག་གི་གྲངས། རླུང་། དྲོད་ཚད་སོགས་སྐྱེ་དངོས་འཚོ་གནས་ལ་གནོད་པའི་རྒྱུ་རྐྱེན་ཡོད་ཚད་ལ་ཟེར། རང་གསོ་སྐྱེ་དངོས་ནི་སྐྱེ་མེད་ཁོར་ཡུག་ཁྲོད་ཀྱི་དབྱང་གཉིས་ཐཱན་རྫས་དང་ཆུ་ལ་བརྟེན་ནས་འཚོ་གནས་བྱེད་ཀྱིན་ཡོད།

རིགས་དབྱེ།