གཟན་ཆས་རྩུབ་ཤོས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཟན་ཆས་རྩུབ་ཤོས་རིགས་དེར་རང་བཞིན་གྱི་གཤེར་ཁུ་འདུས་ཚོད་བརྒྱ་ཆའི60མན་ཡིན་པ་དང་། རྒྱུ་སྐམ་པོའི་དངོས་པོ་ནང་ནས་ཚི་སྣ་འདུས་ཚོད་བརྒྱ་ཆའི18ལས་མང་བའམ། དེ་དང་མཉམ་པའི་གཟན་ཆས་རིགས་ལ་གོ་ཞིང་། དེ་ལ་གཏོགས་པ་རྩྭ་སྐམ་རིགས་དང་ཞིང་ལས་ཀྱི་ཞོར་ཐོན་རིགས། སྦང་སྙིགས་རིགས། ལྗོན་པ་ལ་ལའི་ལོ་མ་སོགས་འདུའོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གཟན་ཆས་རྩུབ་ཤོས།
ཁོངས་གཏོགས།
གཟན་ཆས།
1 ངོ་སྤྲོད།

གཟན་ཆས་རྩུབ་ཤོས་རིགས་དེར་རང་བཞིན་གྱི་གཤེར་ཁུ་འདུས་ཚོད་བརྒྱ་ཆའི60མན་ཡིན་པ་དང་། རྒྱུ་སྐམ་པོའི་དངོས་པོ་ནང་ནས་ཚི་སྣ་འདུས་ཚོད་བརྒྱ་ཆའི18ལས་མང་བའམ། དེ་དང་མཉམ་པའི་གཟན་ཆས་རིགས་ལ་གོ་ཞིང་། དེ་ལ་གཏོགས་པ་རྩྭ་སྐམ་རིགས་དང་ཞིང་ལས་ཀྱི་ཞོར་ཐོན་རིགས། སྦང་སྙིགས་རིགས། ལྗོན་པ་ལ་ལའི་ལོ་མ་སོགས་འདུའོ།།

གཟན་ཆས་རྩུབ་ཤོས་ཀྱི་བོངས་ཚོད་ཆེ་ཞིང་ལྗིད་ཚད་ཡང་བས། འཚོ་བཅུད་ཀྱི་རིན་ཐང་སྤྱིར་ན་གཟན་ཆས་རིགས་གཞན་ལས་དམའ་བའོ།། ཚི་སྣ་རྩུབ་པོའི་འདུས་ཚད་ཇི་ལྟར་མཐོ་ན། གཟན་ཆས་ནང་གི་ནུས་ཚོད་ཀྱང་དེ་བཞིན་དུ་དམའ་བའོ། རིགས་ཐ་དད་ཀྱི་གཟན་ཆས་རྩུབ་པོའི་སྤྲི་དཀར་རྫས་འདུས་ཚད་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། འཚོ་བཅུད་ཀྱི་རིན་ཐང་དབང་དུ་བསྡུར་ན། རི་རྩྭ་སྐམ་པོ་དེ་སོག་མ་དང་ཕུག་མ་ལས་བཟང་བ་ལྟ་བུའོ།།

གཟན་ཆས་རྩུབ་ཤོས་རིགས་ནི་ལུག་གི་ཉིན་ཆས་ནང་གི་རྨང་གཞིའི་རིགས་ཡིན་ཞིང་། ཡོངས་ཁུངས་ཧ་ཅང་མང་བ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན་པས། ཐོན་སྐྱེད་བྱ་བར་དགོས་མཁོ་ཆེ་བ། ཚན་རིག་ལྟར་བེད་སྤྱོད་གལ་ཆེ་བའི་ཐོན་ཁུངས་ཀྱང་ཡིན་ནོ།།

2 སྔོ་སྐམ་གཟན་རྩྭ།

འདི་ནི་འབྲས་བུ་ཆགས་སྔོན་ནས་བྲེགས་ཏེ་རང་བྱུང་ཚུལ་དུ་སྐམ་པའམ་མིས་ཐབས་ཀྱིས་སྐམ་བཅུག་ནས་བཟོས་པའི་གཟན་རྩྭ་ལ་གོ་ཞིང་། དེ་ལ་ཡོང་ཁུངས་མང་ཞིང་འགྲུབ་ཡོན་དམའ་བ། སྦྱོར་བཟོ་སླ་བ། ཉར་ཚགས་བྱེད་བདེ་བ་བཅས་ཀྱི་ཁྱད་ཆོས་ཡོད་ཐོག སྤུས་ཀ་ཡག་ན་ལྟོས་བཅས་སུ་བཟང་པའི་གཟན་སྤྱོད་རིན་ཐང་ལྡན་པ་ཞིག་གོ། སྔོ་སྐམ་གཟན་རྩྭ་ནང་གི་ཚི་སྣའི་རྫས་འདུས་ཚད་མཐོ་བ་དང་། འཚོ་བཅུད་དངོས་པོ་སྣ་ཚོགས་ཀྱི་འཇུ་འགྱུར་བྱུང་ཚད་དམའ་ནའང་། སྐམ་ཚུལ་དངོས་པོའི་འདུས་ཚད་མཐོ་བས་ན། རྩྭ་སྐམ་རིགས་གཞན་པ་ལས་ཁ་ལ་འཕྲོད་ཕྱིར། ལུག་གིས་སྤྱོད་ཚོད་ཀྱང་མང་བའོ།། དེ་མ་ཟད། སྔོ་སྐམ་གཟན་རྩྭ་དེ་དགུན་དཔྱིད་དུས་སུ་ཁ་བ་གྲང་ངར་གྱི་གནོད་པ་གཡོལ་བའི་གཟན་རྩྭ་དང་ཤེད་འཛིན་པའི་གཟན་རྩྭ་གལ་ཆེ་ཤོས་ཀྱང་ཡིན་ཞིང་། རི་སྐྱེས་སམ་མིས་བཏབ་སྲན་མའི་ཁག་དང་འབྲུ་རིགས་ཁག་གི་རྩྭ་སྐམ་པོ་སོགས་ལས་འདི་གཙོའོ།།

3 ​འབྲུ་རིགས་ཀྱི་སོག་མ།

འདི་ནི་ལོ་ཏོག་བསྡུས་པའི་ཞར་བྱུང་ལྷག་འཕྲོའི་རིགས་ཤིག་སྟེ། གྲོ་ནས་སྲན་གསུམ་གྱི་གཞུང་རྟ་དང་ལོ་མ་ལྟ་བུ་ལ་གོ་ཞིང་། རྒྱུན་པར་སྤྱོད་པ་ལ་གྲོ་རྩྭ་དང་ནས་རྩྭ། རྨ་རྨོས་ལོ་ཏོག་གི་གཞུང་རྟ་ཧྲུག་གེར་བཏང་བ་སོགས་གཙོའོ།། 

སྤྱིར་བཏང་དུ་སོག་མའི་འཚོ་བཅུད་ཕྱུགས་རྩྭ་གཞན་ལས་ཞན་ཏེ། དེའི་སྣུམ་ཞག་དང་སྤྲི་དཀར་རྫས། མངར་རྫས་བཅས་ཀྱི་འདུས་ཚད་ཉུང་བར་མ་ཟད། ནུས་ཚོད་ཀྱི་རིན་ཐང་ཡང་དམའ་ལ། འཚོ་སྐྱེད་རྫསDཙམ་ལས་གཞན་དག་ཧ་ཅང་ཉུང་། ཀལ་དང་ལིན་གྱི་འདུས་ཚད་དམའ་ལ་བེད་ཆོད་ཚད་ཀྱང་དམའ་སྟེ། ཚི་སྣ་རྩུབ་པོའི་འདུས་ཚད་བརྒྱ་ཆའི30ནས་བརྒྱ་ཆའི45ཚོད་ལྟར་མཐོ་བ། ཤིང་གཤིས་སུ་གྱུར་ཚད་ཀྱང་མཐོ་བས། རྩུབ་ཅིང་སྲ་མཁྲེགས་ཡིན་པ་དང་། ཁ་ལ་འཕྲོད་ཚུལ་ཞན་ཞིང་། འཇུ་འགྱུར་འབྱུང་ཚད་དམའ་བའོ།། དེའི་ཕྱིར་དུ་སོག་མའི་གཟན་རྩྭ་རྐྱང་རྐྱང་སྤྱོད་པའམ། ཡང་ན་ལུགས་མཐུན་ཀྱི་སྦྱོར་བཟོ་བརྒྱུད་ནས། དེའི་ཁ་ལ་འཕྲོད་ཚུལ་དང་འཚོ་བཅུད་འདུས་ཚོད་ཇེ་ཡག་ཏུ་གཏོང་བའོ།།

གྲོ་སོག་དང་ནས་སོག ཡུག་སོག་ལྟ་བུ་ཡིན་ན། རྒྱུ་བ་མཁྲེགས་ཤིང་འཚོ་བཅུད་ཞན། ཁ་ལ་འཕྲོད་ཚུལ་མི་བཟང་བ་བཅས་ཡིན་ཕྱིར། གཏུབ་ཧྲུག་ཏུ་གཏོང་བ་དང་གཟན་ཆས་ཞིབ་རིགས་བསྲེས་ནས་སྟེར་བའོ།། མ་རྨོས་ལོ་ཏོག་གི་གཞུང་རྟ་ལྟ་བུ་ཡིན་ན། གཏུབ་ཧྲུག་བཏང་ནས་སྐམ་ཉར་དང་སྔོ་ཉར་བྱས་ཆོག་ཅིང་། སྤྱིར་གནག་ཕྱུགས་བཞོན་མ་ལ་སྤྱད་ན་བཟང་མོད། ལོན་ཏེ་དེའི་གཞུང་རྟའི་རྩེ་མོའི་ཆ་དང་ལོ་མ་ལྟ་བུའི་འཚོ་བཅུད་ཅུང་ཟད་བཟང་ལ། ལུག་གིས་ཀྱང་ཟ་མོས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-09

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།