སྤྲི་དཀར་རྫས་ཀྱི་གཟན་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྲི་དཀར་རྫས་ཀྱི་གཟན་ཆས་ནི་དངོས་པོ་སྐམ་པོའི་ནང་གི་ཚི་སྣ་རྩུབ་པོའི་འདུས་ཚོད་བརྒྱ་ཆའི18ལས་ཉུང་བ་དང་མཉམ་པའམ། དེ་བས་ཅུང་ཟད་མང་བའི་གཟན་ཆས་ཀྱི་སྤྱི་མིང་ངོ་།། ལུག་ལ་དགོས་པའི་སྤྲི་དཀར་རྫས་ཀྱི་མང་ཤོས་གྲོད་པའི་ནང་གི་སྐྱེ་དངོས་ཕྲ་རབ་ལས་རུལ་ཕབས་བྱུང་ནས་ཚིམ་འགྱུར་བ་ཡིན་པས། སྤྲི་དཀར་རྫས་ཀྱི་གཟན་ཆས་དེ་དག་གིས་གསོ་སྐྱོང་ཁྲོད་ནས་ཁ་སྐོང་ཚུལ་དུ་སྤྱོད་པ་ཙམ་ཡིན་པས། སྤྲི་དཀར་རྫས་ཀྱི་ཁ་སྐོང་གཟན་ཆས་ཞེས་ཞིབ་ནན་གྱིས་ངོས་འཛིན་ཚུལ་ཡོད་དོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
སྤྲི་དཀར་རྫས་ཀྱི་གཟན་ཆས།
ཁོངས་གཏོགས།
གཟན་ཆས།
1 ངོ་སྤྲོད།

སྤྲི་དཀར་རྫས་ཀྱི་གཟན་ཆས་ནི་དངོས་པོ་སྐམ་པོའི་ནང་གི་ཚི་སྣ་རྩུབ་པོའི་འདུས་ཚོད་བརྒྱ་ཆའི18ལས་ཉུང་བ་དང་མཉམ་པའམ། དེ་བས་ཅུང་ཟད་མང་བའི་གཟན་ཆས་ཀྱི་སྤྱི་མིང་ངོ་།། ལུག་ལ་དགོས་པའི་སྤྲི་དཀར་རྫས་ཀྱི་མང་ཤོས་གྲོད་པའི་ནང་གི་སྐྱེ་དངོས་ཕྲ་རབ་ལས་རུལ་ཕབས་བྱུང་ནས་ཚིམ་འགྱུར་བ་ཡིན་པས། སྤྲི་དཀར་རྫས་ཀྱི་གཟན་ཆས་དེ་དག་གིས་གསོ་སྐྱོང་ཁྲོད་ནས་ཁ་སྐོང་ཚུལ་དུ་སྤྱོད་པ་ཙམ་ཡིན་པས། སྤྲི་དཀར་རྫས་ཀྱི་ཁ་སྐོང་གཟན་ཆས་ཞེས་ཞིབ་ནན་གྱིས་ངོས་འཛིན་ཚུལ་ཡོད་དོ།།

2 རྩི་ཏོག་རིགས་ཀྱི་སྤྲི་དཀར་རྫས་ཅན་གཟན་ཆས།

འདི་ལ་སྲན་རིགས་ཀྱི་ལོ་ཏོག་དང་དེའི་བག་ལེབ། ཡང་ན་རྩྭ་དང་རྩི་ཏོག་རིགས་ཀྱི་སྤྲི་དཀར་རྫས་ཅན་གཟན་ཆས་ལ་གོ་ཞིང་། རྩི་ཏོག་རིགས་ཀྱི་སྤྲི་དཀར་རྫས་ཅན་གཟན་ཆས་ནི་སྲོག་ཆགས་ལ་བརྟེན་པའི་ཐོན་སྐྱེད་དག་ནས་བཀོལ་ཚད་ཆེས་མང་བ་དང་ཆེས་རྒྱུན་སྤྱོད་ཀྱི་གཟན་ཆས་རིགས་སོ།། འདི་ལ་སྤྲི་དཀར་རྫས་འདུས་ཚོད་མང་བ་དང་སྤུས་ཀ་བཟང་བ། སྣུམ་ཞག་འདུས་ཚོད་མང་བ་དང་སྤུས་ཀ་བཟང་བ། སྣུམ་ཞག་འདུས་ཚོད་ལ་འགྱུར་ལྡོག་ཆེ་བ། ཚི་སྣ་འདུས་ཚོད་མི་མཐོ་བ། གཏེར་རྫས་དངོས་པོ་ལས་ཀལ་ཉུང་ལ་ལིན་མང་བ། Bཚན་འཚོ་སྐྱེད་རྫས་ཀྱི་འདུས་ཚད་ལྟོས་བཅས་སུ་མོད་པ། Aཚན་དངDཚན་ལྟོས་བཅས་སུ་ཉུང་བ། མང་ཤས་ལ་འཚོ་བཅུད་ལེན་པར་འགོག་རྐྱེན་བཟོ་བའི་རྫས་ཀྱང་ཉུང་ཙམ་འདུས་པའི་ཁྱད་ཆོས་ལྡན་ནོ།། རྒྱུན་པར་སྤྱོད་པ་ལ་ཡུངས་དཀར་ནག་གིས་བཟོས་པའི་ཀལ་ལིན་མང་བའི་འབའ་ཆ་ལྟ་བུ་སྟེ། ཆ་རྐྱེན་ལྡན་ན། ཤིང་བལ་གྱི་འབྲས་བུས་བཟོས་པའི་བག་ལེབ་དང་སྙིགས་མ་ལྟ་བུའང་བཟང་ངོ་།།

3 སྲོག་ཆགས་རིགས་ཀྱི་སྤྲི་དཀར་རྫས་ཅན་གཟན་ཆས།

འདི་ལ་ཉ་རིགས་སྐམ་པོ་འཐག་པའི་ཕྱེ་དང་། བྱ་རིགས་ཀྱི་སྒོ་ང་ལས་བཟོས་པའི་ཆས། རྩྭ་གཟན་སྲོག་ཆགས་ཀྱི་འོ་མ་ལས་བཟོས་པའི་ཆས་སོགས་ཡོད་ཅིང་། འཚོ་བཅུད་ཀྱི་རིན་ཐང་མཐོ་བ་དང་། སྤྲི་དཀར་རྫས་འདུས་ཚད་མོད་པ་ཡིན་པ། འཚོ་སྐྱེད་རྫས་ཀྱི་འདུས་ཚོད་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། སྤུས་བཟང་སྤྲི་དཀར་རྫས་ཁ་སྐོང་ཡོང་བའི་གཟན་ཆས་ཡིན་ནོ།། ལུག་གི་ཉིན་ཆས་ནང་དུ་སྲོག་ཆགས་རིགས་ཀྱི་སྤྲི་དཀར་རྫས་ཅུང་ཙམ་བསྲེས་ན། གཟན་ཆས་ཀྱི་སྤུས་ཀ་ཇེ་བཟང་དུ་གཏོང་བར་མ་ཟད། སྒོ་ཕྱུགས་ཀྱི་འཇུ་འགྱུར་ནུས་པ་ཇེ་བཟང་དུ་ཡོང་བར་ཡང་ཕན་ལ། སྒོས་སུ་ལུག་ཐུག་ལྟ་ན། སྦྱོར་སྡེབ་བྱེད་པའི་སྐབས་སུ་སྲོག་ཆགས་རིགས་ཀྱི་སྤྲི་དཀར་རྫས་ཁ་སྐོང་བྱས་ན། ཁམས་དཀར་ཁུ་བ་ཇེ་མང་དུ་འགྲོ་ལ། མོ་ལུག་ལ་མངལ་ཆགས་ཚད་དང་ལུ་གུ་བཙའ་ཚད་ཇེ་མང་དུ་འགྲོ་བའོ།།

4 སྤྲི་དཀར་མ་ཡིན་པའི་ཏཱན་རིགས་གཟན་ཆས།

འདི་ནི་གཅིན་རྫས་ལྟ་བུ་རྫས་འགྱུར་བཟོ་ལས་ནས་སྦྱར་གྲུབ་བྱུང་བའི་གཟན་ཆས་ལ་གོ་ཞིང་། འགྲུབ་ཡོན་དམའ་བ་དང་། ཡོངས་ཁོངས་སྟབས་བདེ་བ། སྐྱུག་ལྡད་སྲོག་ཆགས་ལ་སྤྱོད་ཆོག་པའི་བསྲེས་གྲུབ་སྤྲི་དཀར་རྫས་ཀྱི་གོ་ཆོད་དོ།། གཅིན་རྫས་སྤྱད་པ་མང་ན། ཕྱུགས་ཟོག་ལ་དུག་ཕོག་པས། འོས་ཤིང་འཚམ་པའི་ཚོད་འཛིན་རྒྱུ་གལ་ཆེའོ།། སྤྱིར་བཏང་དུ་བསྲེས་གྲུབ་གཟན་ཆས་ཞིབ་ཤོས་ཀྱི་བརྒྱ་ཆའི2ལས་མི་མང་བ་ཞིག་ཚད་རན་མོད། མངལ་ཆགས་པའམ་ལུ་གུར་ནུ་གསོ་སྐབས་ཀྱི་མ་མོའི་ཉིན་ཆས་ནང་དུ་བརྒྱ་ཆའི13ནས18ཙམ་ལས་སྟེར་མི་འོས་པ་དང་། ཁ་ཆུང་བའི་ལུག་ལ8ནས12ཙམ་ལས་མི་མང་བ་གཅེས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།