ནུས་ཚོད་བཟང་བའི་གཟན་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནུས་ཚོད་བཟང་བའི་གཟན་ཆས་ནི་རྒྱུ་བ་སྐམ་པོའི་གཟན་ཆས་ཁྲོད་ཀྱི་ཚི་སྣ་རྩུབ་པོའི་འདུས་ཚོད་བརྒྱ་ཆའི18ལས་དམའ་བ་དང་། སྤྲི་དཀར་རྩུབ་པོ་བརྒྱ་ཆའི20ལས་དམའ་བའི་གཟན་ཆས་རིགས་ལ་གོ་བའོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ནུས་ཚོད་བཟང་བའི་གཟན་ཆས།
ཁོངས་གཏོགས།
གཟན་ཆས།
1 ངོ་སྤྲོད།

ནུས་ཚོད་བཟང་བའི་གཟན་ཆས་ནི་རྒྱུ་བ་སྐམ་པོའི་གཟན་ཆས་ཁྲོད་ཀྱི་ཚི་སྣ་རྩུབ་པོའི་འདུས་ཚོད་བརྒྱ་ཆའི18ལས་དམའ་བ་དང་། སྤྲི་དཀར་རྩུབ་པོ་བརྒྱ་ཆའི20ལས་དམའ་བའི་གཟན་ཆས་རིགས་ལ་གོ་བའོ།།

2 ལོ་ཏོག་རིགས་ཀྱི་གཟན་ཆས།

འདི་ནི་རྒྱུན་པར་སྤྱོད་བཞིན་པ་སྟེ། མཚོ་སྔོན་ཞིང་ཆེན་ལ་མཚོན་ན། མ་རྨོས་ལོ་ཏོག་དང་གྲོ། ནས། ཡུག་པོ་སོགས་ཡོད་ཅིང་། ཚི་སྣ་རྩུབ་པོ་ཉུང་བ་དང་འཇུ་འགྱུར་འབྱུང་ཚད་མཐོ་བ། སྤྲི་དཀར་རྫས་ཀྱི་སྤུས་ཀ་ཅུང་ཟད་ཞན་པ། ཀལ་དང་ལིན་གྱི་སྡུར་ཚད་འཚམ་པོ་མིན་པ་བཅས་ཀྱི་ཁྱད་ཆོས་ཡོད་དོ།།

མ་རྨོས་ལོ་ཏོག་ནི་ལུག་གསོ་བའི་གཟན་ཆས་ཞིབ་མོ་རིགས་ཀྱི་གཙོ་ཤོས་ཤིག་སྟེ། རྡུང་ཧྲུག་ཏུ་བཏང་བ་དང་ཕྱེ་ལ་བཏགས་ནས་སྤྱད་ན་བཟང་ལ། དེ་རྐྱང་རྐྱང་བྱིན་ན་འཚོ་བཅུད་ཀྱི་དགོས་མཁོ་སྐོང་མི་ནུས་པས། གཟན་ཆས་རིགས་གཞན་དང་བསྲེ་བར་འཚལ་ལོ།། ནས་ནི་ཁ་ལ་འཕྲོད་ཚུལ་བཟང་བ་དང་། སྤྲི་དཀར་རྫས་དང་ཀལ་ལིན་སོགས་ཀྱི་རྫས་འདུས་ཚོད་མ་རྨོས་ལོ་ཏོག་ལས་མཐོ་བ། ནུས་ཚོད་འདུས་ཚད་དེ་འདྲ་མི་མཐོ་བ། ནས་རྡོག་ཇི་བཞིན་དང་འཐག་ནས་བྱིན་པ་ལས་རྡུང་ཧྲུག་ཏུ་བཏང་ནས་བྱིན་ན་ཕན་ཆེའོ།། ཡུག་པོ་ནི་ཚི་སྣ་རྩུབ་པོའི་འདུས་ཚོད་མཐོ་ལ། གོ་ཆོད་པའི་ནུས་ཚོད་དམའ་བ། འཚོ་བཅུད་ཀྱི་རིན་ཐང་མ་རྨོས་ལོ་ཏོག་ལས་དམའ་བ་ཡིན་ཏེ། འོན་ཏེ་མ་བཏགས་པར་བཀོལ་རྒྱུ་ལ་འཛེམ་དགོས་སོ།།

3 འབྲུ་ཤུན་གྱི་གཟན་ཆས།

འདི་ནི་འབྲུ་རིགས་སྦྱོར་བཟོ་བྱས་པའི་ཞར་བྱུང་དངོས་པོ་སྟེ། བོངས་ཚོད་ཆེ་ལ་ལྗིད་ཚད་ཡང་བ། འཇུ་འགྱུར་སླ་བ། ལུག་གི་རྒྱུ་མ་སྐུམ་ལྷོད་ཡོང་བར་ཕན་པ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། ཆུ་འཐུང་མང་དུས་ཕོ་བ་བཤལ་བའི་གཤིས་ནུས་ཡོད་པས། ཉུང་ཙམ་ལས་སྡེབ་མི་འོས་སོ།།

4 རྩད་པའི་གཟན་ཆས།

འདི་ནི་གུང་ལ་ཕུག་གམ་ཧོ་ལ་ཡང་ཟེར་བ་དང་ཆས་སུ་སྤྱོད་པའི་མངར་ཚལ། ཞོག་ཁོག་ལྟ་བུ་སྣ་ཀ་མང་ཙམ་མཆིས་ཤིང་། གཤེར་ཁུ་འདུས་ཚོད་མཐོ་བ་དང་། སྐམ་ཚུལ་དངོས་པོ་འདུས་ཚོད་དམའ་བ། ཚི་སྣ་ཉུང་བ། མངར་ཆ་ངེས་ཅན་ཡོད་པ་བཅས་ཀྱི་ཁྱད་ཆོས་ལྡན་ནོ།། ཐོན་སྐྱེད་ལག་ལེན་ཁྲོད་དུ་གུང་ལ་ཕུག་ནི། དགུན་དུས་སུ་ཁུ་བ་མང་ཞིང་འཚོ་སྐྱེད་རྫས་སྐོང་སྤྱད་ཀྱི་གཟན་ཆས་བྱེད་ཅིང་། དེ་ལྟ་ན་སྒོ་ཕྱུགས་ཀྱི་འོ་མ་འབབ་ཚུལ་མང་བ་དང་། རྒྱུད་སྤེལ་བའི་ནུས་པ་བསྐྱེད་པར་ཕན་པ་ཆེའོ།།

5 གཟན་ཆས་ཞིབ་ཤོས།

འདི་ནི་བོངས་ཚོད་ཆུང་ཞིང་། ཚི་སྣ་རྩུབ་པོ་དང་ཆུའི་གྲུབ་ཆ་འདུས་ཚོད་ཉུང་བ། ནུས་ཚོད་འདུས་ཚད་མཐོ་བ། འཚོ་བཅུད་ཕུན་སུམ་ཚོགས་པ། འཇུ་འགྱུར་སླ་བའི་གཟན་ཆས་ཀྱི་སྤྱི་མིང་ཙམ་མོ།། འབྲུ་ཤུན་དང་ཕུབ་མ་སྦུན་མ། ཡང་ན་འབྲུ་རིགས་སྦྱོར་བཟོ་ལས་བྱུང་བའི་སྤྲི་དཀར་རྫས་མང་བའི་སྙིགས་མ་སྟེ། དཔེར་ན་འབའ་ཆ་ལྟ་བུའོ།། སྤྱིར་བཏང་དུ་རྒྱུད་སྤེལ་བའི་ལུག་ཐུག་དང་མངལ་ཆགས་པའི་མ་མོ། ཤེད་གསོ་བའི་བཀག་ལུག་ལྟ་བུ་ལ་དམིགས་བསལ་དུ་འཚོ་བཅུད་སྐོང་དགོས་པའི་སྐབས་སུ་སྤྱོད་པའོ།། གཟན་ཆས་ཞིབ་ཤོས་རིགསཀྱི་འཚོ་བཅུད་དངོས་པོ་འདུས་ཚོད་ཀྱང་ཆ་མཉམ་པ་ཞིག་མིན་ཕྱིར། སོ་སོས་ཕན་ཚུན་ཁ་སྐོང་དང་རམ་འདེགས་ཡོང་ཆེད། བཀོལ་བའི་སྐབས་སུ་འོས་ཤིང་འཚམ་པའི་སྡེབ་ཀ་ལྟར་བཀོལ་རྒྱུ་གལ་ཆེའོ།། གཟན་ཆས་ཞིབ་ཤོས་ཀྱི་སྟེར་ཐེངས་དང་སྟེར་ཚོད་ལ་ངེས་པ་ཡོད་དེ། ཉིན་ཆས་ཀྱི་ཚོད་ནི300gཙམ་འོས་ཏེ། མཚན་ཆས་སྟེར་དགོས་བྱུང་ན། དགོང་ཀ300gདང་ནངས་མོ200gལྟར་ཐེངས་གཉིས་ལ་བསྡོམས་པས500gལས་མི་མང་བར་འཚལ་ལོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-09

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།