སྔོ་ཚོད་འདེབས་པའི་གྲ་སྒྲིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་སྔོ་ཚོད་འདེབས་པའི་གྲ་སྒྲིག་ལས་ཞིང་ཆས་གཙོ་བོ་དང་འདེབས་སྟངས། དྲོད་ཁང་གི་ས་ཁོད་ལེགས་སྒྲིག་དང་ས་རྒྱུ་དུག་སེལ་བྱེད་སྟངས་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蔬菜种植的准备
རིགས་དབྱེ།
སྔོ་ཚོད་འདེབས་འཛུགས།
1 ཞིང་ཆས་གཙོ་བོ།
1_1 ལྕགས་ཁེམ།

གཙོ་བོ་ས་སློག་པ་དང་། རྣང་མ་ལས་པ། ས་ཁོད་སྙོམ་པ། རྣང་ཤུར་ལས་པ་སོགས་ལ་མཁོ།

1_2 ཤལ་དྲ།

གཙོ་བོ་བསློགས་ཡོད་པའི་ས་སྙོམ་སྤྱད་ལ་མཁོ།

1_3 སྦྱག་མ།

གཙོ་བོ་སྔོ་ཚོད་སྐྱེ་སྐབས་ས་རྒྱུ་ལྷོད་པ་དང་ཡུར་མ་ཡུར་སྤྱད་ལ་མཁོ།

1_4 རྐོ་མ།

རོལ་འདེབས་བྱེད་སྐབས་བསྙམས་ཡོད་པའི་ས་ངོས་ལ་ཤུར་བརྒྱབ་སྟེ་ས་བོན་ཤུར་ནང་དུ་སྐྱེས་སུ་འཇུག་སྤྱད་ལ་མཁོ།

1_5 སྨན་གཏོར་ཆས།

གཙོ་བོ་སྔོ་ཚོད་སྐྱེས་པའི་སྐབས་སུ་གནོད་འབུ་འགོག་བཅོས་བྱེད་སྐབས་ཞིང་སྨན་གཏོར་སྤྱད་ལ་མཁོ།

2 འདེབས་སྟངས།
2_1 རོལ་འདེབས།

ཐོག་མར་གདབ་བྱའི་སྔོ་ཚོད་ཀྱི་རིགས་ལ་དམིགས་ནས་གདབ་བྱའི་སྔོ་ཚོད་ཀྱི་བར་ཐག་ཐག་གཅོད་བྱེད་དགོས། དེའི་གཞུག་ནས་རྐོ་མ་བེད་སྤྱད་དེ། བསྙམས་ཡོད་པའི་ས་ལ་ཤུར་ཆུང་ཆུང་རེ་བརྒྱབ་རྗེས་ས་བོན་ནང་དུ་འདེབས་དགོས། ཤུར་ཆུང་གི་ཟབ་ཚད་ས་བོན་གྱི་ཁྱད་གཤིས་ལྟར་ཐག་གཅོད་པ་དང་། ཟབ་ཚད་རན་དགོས། ས་བོན་བཏབ་ཚར་རྗེས་ས་ཕྱིར་འགེབ་དགོས།

2_2 གཏོར་འདེབས།

སྔོ་ཚོད་འདེབས་པའི་སའི་རྒྱ་ཁྱོན་ལ་དམིསག་ནས་ས་བོན་གྱི་མང་ཉུང་ལག་གཅོད་བྱེད་དགོས། དེའི་རྗེས་ནས་ས་བོན་ཆ་སྙོམས་པོར་བསྙམས་ཡོད་པའི་ས་ཐོག་ལ་གཏོར་རྗེས་ས་བཀབ་ནས་བཞག་ཆོག

2_3 ཕུར་འདེབས།

སྔོ་ཚོད་འདེབས་པའི་སྡོང་རྐང་གི་བར་ཐག་ལ་དདམིསག་ནས་ཁུང་བུའི་ཟབ་ཚད་ཐག་གཅོད་བྱས་ཏེ་ས་བོན་ཟབ་ཚད་ངེས་ཅན་ཞིག་ཡོད་པའི་ཁུང་བུའི་ནང་ལ་འདེབས་དགོས། ཁུང་བུའི་གཏིང་ཚད་ས་བོན་གྱི་ཁྱད་གཤིས་ལྟར་ཐག་གཅོད་དགོས། རྗེས་སུ་དེའི་ཐོག་ལ་ས་བཀབ་ནས་བཞག་ན་ཆོག

3 དྲོད་ཁང་གི་ས་ཁོད་ལེགས་སྒྲིག

མིག་སྔར་ལས་པའི་དྲོད་ཁང་གི་ཀླད་ངོས་ལ་ཉི་འོད་འཕྲོས་པའི་གཞི་ཁྱོན་ནི་བརྒྱ་ཆའི60ནས70ཡིན་ལ། དྲོད་ཁང་ནང་ལ་ཉི་འོད་འཕྲོས་པའི་ནུས་ལྡན་གཞི་ཁྱོན་ཚད་ངེས་ཅན་ཞིག་ལས་མེད་པས། ས་ཁོད་ལེགས་སྒྲིག་བྱེད་སྐབས་ལྷོ་གྱང་ནས་སྔོན་ལ་སྨི1-1.5བར་སྟོང་བར་བསྐྱུར་ཏེ་དེར་སྔོ་ཚད་མི་འདེབས། དེ་ལྟར་བྱས་ན་ད་གཟོད་སྔོ་ཚོད་སྐྱེས་པའི་་སྐབས་སུ་འོད་འཕྲོས་ཚད་རན་པ་ཡིན།

(དཔེ་རིས1ལ་གཟིགས)

.png

དཔེ་རིས1 ཉི་འོད་དྲོད་ཁང་དུ་རྣང་མ་བཟོ་བ་དང་སྔོ་ཚོད་འདེབས་འཛུགས་བྱེད་སའི་དཔེ་རིས།

གཞན་ད་དུང་། ཕྱུགས་ཀྱི་དྲོད་ཁང་འཛུགས་སྐྲུན་དང་བཟོ་བཀོད་ནི་སྔོ་ཚོད་ཀྱི་དྲོད་ཁང་དང་མི་མཐུན། དྲོད་ཁང་ནང་དུ་ཀ་བ3-4ཡོད་པ་དང་། གྱང་གི་རྨང་གཞི་གཏིང་མི་ཟབ་པས། ས་ཁོད་ལེགས་སྒྲིག་བྱེད་སྐབས་ཕྱོགས་བཞིའི་མཐའ་ལ་སྨི0.3-0.8ཀྱི་འགྲོ་ལམ་འཇོག་དགོས། རྣང་རྒལ་དང་ཀ་བ་ཐིག་གཅིག་གི་ཐོག་ན་ཡོད་དགོས། འདི་ལྟར་བྱས་ན་ཆུ་ཅི་འདྲ་བཏང་རུང་རྨང་མི་རྡིབ་པ་དང་། འདེབས་སའི་རྒྱ་ཁྱོན་ཡང་ཅུང་མང་བའི་ཕན་པ་ཡོད། སྤྱིར་བཏང་དུ་སྨི་གྲུ་བཞི་མ100རུ་དྲོད་ཁང་ས་ཁོད་ལེགས་སྒྲིག་བྱས་རྗེས་བེད་སྤྱད་ཆོག་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ70ཡས་མས་ཡིན། དེ་བས་འདེབས་སར་དགོས་པའི་ཞིང་སྨན་དང་ས་བོན། ལུད་སོགས་ཆ་སྙོམས་ཀྱིས་སྨི་གྲུ་བཞི་མ70བྱས་ནས་བརྩི་དགོས།

4 ས་རྒྱུ་དུག་སེལ་བྱེད་སྟངས།

ལོ་རེའི་ཟླ་བཞི་བའི་ཟླ་དཀྱིལ་དང་ཟླ་མཇུག་གི་བར་དུ་འབྲོག་ཁུལ་གྱི་ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས་རྩྭའི་མྱུ་གུ་འབུས་ཡོང་། དེ་དུས་ནོར་ལུག་སྒོར་བཏང་སྟེ་དྲོད་ཁང་ནང་གཙང་ཕྱགས་བྱེད་དགོས། དགུན་ཁར་དྲོད་ཁང་ནང་དུ་ཕྱུགས་ཟོག་གསོས་པས། དྲོད་ཁང་ནང་གི་ས་ངོས་སུ་ཕྱུགས་ཀྱི་གཅིན་ལྕི་དང་ཡང་ན་གིཅན་རུལ་སིམ་ཡོད། དེ་བས་སྔོ་ཚོད་མ་བཏབ་སྔོན་ལ་གཟའ་འཁོར1-2བར་དུ་སྔོ་ལ་རྣང་མ་ལས་རྗེས་ཆུ་བཏང་ནས་ས་ངོས་ལས་མར30cm-40cmསྦང་དགོས། ས་རྒྱུ་སྙི་མོར་གྱུར་རྗེས་གཏིང་དུ30cmབསློགས་རྗེས་དྲོད་ཁང་གི་སྒོ་དམ་པོར་བརྒྱབ་ནས་ས་རྒྱུ་ཁྲོད་ཀྱི་ལུད་རུལ་དུ་འཇུག་པ་དང་ས་རྒྱུ་ཁྲོད་ཀྱི་ཨན་དབུགས་ཕྱིར་འདོན་དུ་འཇུག་དགོས། དེའི་གཞུག་ནས་ས་རྒྱུ་ཐོག་ལ་ཆ་སྙོམས་སུ་ཞིང་སྨན་གཏོར་དགོས། སྤྱིར་བཏང་དུ་འབུ་གསོད་སྨན་ཏི་ཚ་མུ་སི་ལིན(སྨི་གྲུ་བཞི་མ70རེར་ཁེ75)སྤྱོད་དགོས། སྨན་ས་སྟེང་ལ་གཏོར་རྗེས་ས་སློག་པ་དང་ས་ཁོད་སྙོམས་སྒྲིགས་བྱས་ནས་སྔོ་ཚད་འདེབས་པར་གྲ་སྒྲི་བྱེད་དགོས། འདི་ལྟར་བྱས་ན་སྔོ་ཚོད་ལ་གནོད་པའི་སྐྱེ་དངོས་དང་གནོད་འབུ་མེད་པར་གཏོང་ཐུབ།

5 ས་རྒྱུ་ལ་ལུད་འཇོག་སྟངས།

དྲོད་ཁང་ནང་དུ་ལྕི་བ་དང་རིལ་མ་སོགས་ཅུང་ཙམ་ལུས་ཡོད་རུང་། ས་རྒྱུ་རྩྭ་ས་ཡིན་པ་དང་ལུད་ཤུགས་ཆུང་ཞིང་ས་སོབ་ཚད་ཞན་པར་མ་ཟད། དྲོད་ཁང་གི་ས་རྒྱུ་ལ་ལོ་ཏོག་བཏབ་མ་མྱོང་བས་སྐྱེ་ལྡན་ལུད་རྫས་ཁ་ཤས་བཞག་ནས་ས་སོབ་ཚད་ཇེ་མཐོར་བཏང་ན་ད་གཟོད་སྔོ་ཚོད་ཀྱི་སྐྱེ་འཕེལ་ལ་ཕན། སྔོ་ཚོད་ནང་དུ་འཇོག་པའི་ལུད་ཀྱི་བླང་བྱར་མཐོ་དམན་མི་འདྲ་བ་རེ་ཡོད་པས། སྤྱིར་བཏང་དུ་དྲོད་ཁང་རེར(སྨི་གྲུ་བཞི་མ70ལྟར་བརྩིས་པ་ཡིན)སྐྱེ་དངོས་སྐྱེ་ལྡན་གྱི་ལུད་སྤྱི་རྒྱ30དང་། སྔོ་ཚོད་ཆེད་སྤྱོད་ལུད་སྤྱི་རྒྱ3དགོས། ས་མ་བསློགས་སྔོན་དུ་ལུད་ཆ་སྙོམས་ཀྱིས་ས་ངོས་སུ་གཏོར་རྗེས། ས་སློག་པ་དང་ཤལ་བརྒྱབ་ནས་སྔོ་ཚོད་འདེབས་པར་གྲ་སྒྲིག་བྱེད་དགོས།

6 ས་བོན་འདེམ་པ།

སྤྱིར་བཏང་དུ་ས་བོན་འདེམ་དུས་ཆ་རྐྱེན་གཉིས་ལ་འདང་རྒྱག་དགོས། གཅིག་ནི་སྔོ་ཚོད་སྐྱེས་པའི་དུས་སྐབས་ཏེ། ཟླ་བཞི་བའི་ཟླ་སྨད་དུ་བཏབ་ནས་ཟླ་བཅུ་བའི་ཟླ་སྟོད་དུ་བསྡུ་དགོས། གཉིས་ནི་སྔོ་ཚོད་གང་དེ་ལ་དགོས་པའི་ཁོར་ཡུག་གི་་ཆ་རྐྱེན་མི་མཐོ་བ་དང་། ཁོར་ཡུག་གང་ལའང་འཕྲོད་པའི་ས་བོན་ཡིན་དགོས། ཉི་འོད་དྲོད་ཁང་གི་དྲོད་ཚད་ཆ་མི་སྙོམས་ཏེ། སྤྱིར་བཏང་དུ་ཉིན་གུང་གི་དྲོད་ཚད་མཐོ་བ་དང་། མཚན་མོའི་དྲོད་ཚད་དམའ་བས། སྐྱེ་ཡུན་ཐུང་བ་དང་། དོ་དམ་བྱེད་སླ་བའི་སྔོ་ཚོད་ཀྱི་རིགས་འདེམ་དགོས། ས་བོན་ཉོ་དུས་གནས་དེའི་ས་བོན་ཉོ་དགོས། འདེབས་ཆོག་པའི་སྔོ་ཚོད་ཀྱི་རིགས་ལ་ཚོད་དཀར། ཧྭ་དབྱིན་ལ་ཕུག ལ་སེར། ཚོད་དཀར་ཆུང་བ། མངར་ཚལ། ཙོང་། རྒྱ་སྒོག་སོགས་ཡོད། དེའི་ནང་གི་ཞི་ཧུའུ་ལུའུ་དང་། ཀན་ལན། ཙོང་སོགས་འདེབས་སྐབས་སྣུར་འཛུགས་བྱེད་པ་གཙོ་བོ་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-12-18

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།