ཡོངས་འཛིན་རིག་མཛོད། >ལག་རྩལ། >ལས་གྲྭ། >ས་ལས་དང་ཤིང་ལས།

ས་ཤིང་ལས་གྲྭ།

ས་ཤིང་ལས་གྲྭ་ནི་བཟོ་སྐྲུན་སྣ་ཚོགས་བྱེད་པའི་ལས་གྲྭའི་སྒྲིག་བཀོད་ཀྱི་ཚན་རིག་ལག་རྩལ་གྱི་སྤྱི་མིང་ཡིན། དེ་ནི་བེད་སྤྱོད་རྒྱུ་ཆ་དང་སྒྲིག་ཆས། རྩད་ཞིབ་དང་ཇུས་འགོད། ཨར་ལས་དང་གསོ་སྐྱོང་། ཉམས་གསོ་སོགས་བྱེད་པའི་ལག་རྩལ་བྱེད་སྒོ་ལ་གོ་བ་དང་། ལས་གྲྭའི་འཛུགས་སྐྲུན་གྱི་བྱ་ཡུལ་ལ་ཡང་གོ་བ་ཡིན། དེ་ནི་ས་སྟེང་དང་ས་འོག སྐམ་དང་མཚོ་ཐོག་གི་བཟོ་སྐྲུན་དང་། ཐད་ཀར་རམ་བརྒྱུད་ནས་མིའི་རིགས་ཀྱི་འཚོ་བ་དང་ཐོན་སྐྱེད། དམག་དོན། ཚན་རིག་ཞིབ་འཇུག་ཞབས་ཞུའི་བཟོ་སྐྲུན་སྒྲིག་བཀོད་སྣ་ཚོགས་ཡིན་ལ། དཔེར་ན། ཁང་བ་དང་གཞུང་ལམ། ལྕགས་ལམ། ཕུག་ལམ་དང་ཟམ་པ། མིས་བཟོས་གཙང་པོ་དང་ཆུ་རགས། གྲུ་ཁ། གློག་འདོན་ས་ཚིགས། གནམ་གྲུ་ཐང་། རྒྱ་མཚོའི་ལས་སྟེགས་དང་ཆུ་མཁོ་སྤྲོད་ཆུ་འབུད་དང་དེ་བཞིན་འགོག་སྲུང་བཟོ་སྐྲུན་སོགས་ཡོད།

རིགས་དབྱེ།  

གཞུང་ལམ་ཟམ་པ་དང་གཙང་བརྒལ་ལས་གྲྭ།

གཞུང་ལམ་ཟམ་པ་དང་གཙང་བརྒལ་ལས་གྲྭ་ནི་ཀྲུང་གོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན་ཞིང་། ས་ཤིང་རིགས་ཀྱི་ཆེད་ལས་ཁོངས་སུ་གཏོགས། གཞི་རྩའི་སློབ་སྦྱོང་ལོ་ཚད་ལོ་བཞི་ཡིན་ལ་བཟོ་རིག་ཤེས་པའི་རམས་པའི་བསླབ་གནས་སྤྲད་ཡོད།

རིགས་དབྱེ།  

དངོས་དཀྲུག་ཨར་འདམ།

དངོས་དཀྲུག་ཨར་འདམ་ནི་ཨར་ལས་བྱ་ཡུལ་ཡུལ་དངོས་སུ་དཔེ་བཟོ་བྱས་ནས་དཀྲུག་པའི་ཨར་འདམ་ལ་ཟེར་བ་དང་། སྤྱིར་བཏང་དུ་ཡུལ་དངོས་སུ་དཀྲུག་པའི་ཨར་འདམ་ལ་ཟེར་བ་དང་། བཟོ་སྐྲུན་དངོས་པོ་མང་ཆེ་བས་བྱེད་ཐབས་དེ་སྤྱད་དེ་འཛུགས་སྐྲུན་བྱས་ནས་གྲུབ་པ་ཡིན།

རིགས་དབྱེ།  

ཨར་ལས་བཟོ་རྩལ་གྱི་བརྒྱུད་རིམ།

ཨར་ལས་བཟོ་རྩལ་གྱི་བརྒྱུད་རིམ(construction technology process)ནི་སྤྱི་ལོ1997ལོར་ཁྱབ་བསྒྲགས་བྱས་པའི་ལྕགས་ལམ་ཚན་རིག་ལག་རྩལ་གྱི་ཐ་སྙད་ཅིག་ཡིན།《ལྕགས་ལམ་ཚན་རིག་ལག་རྩལ་གྱི་ཐ་སྙད》པར་གཞི་དང་པོ་ལས་དྲངས།

རིགས་དབྱེ།  

ལས་མཇུག་འགྲིལ་རྗེས་ཀྱི་གཙང་བཤེར།

ལས་མཇུག་འགྲིལ་རྗེས་ཀྱི་གཙང་བཤེར་ཞེས་པ་ནི་བཟོ་སྐྲུན་ཨར་ལས་གྲུབ་རྗེས་ཀྱི་ཕྱོགས་བཞིའི་སྨི2ནང་ཚུན་གྱི་འཛུགས་སྐྲུན་གད་སྙིགས་གཙང་སེལ་བྱེད་པར་ཟེར། ཨར་ལས་གྲུབ་ནས་གཙང་བཤེར་བྱེད་པའི་ལས་གྲྭའི་ཚད་ནི་སྨི་རྒྱ་དཔངས་གྲུ་བཞི་རེའི་བཟོ་བཀོད་ཀྱི་བོངས་ཚད་འཇལ་བྱེད་ཡིན།

རིགས་དབྱེ།  

བདེ་འཇགས་ཐིག

བདེ་འཇགས་ཐིག(catch siding)ནི་མེ་འཁོར་དང་། རླངས་འཁོར་རམ་མེ་འཁོར་བཅས་མེ་འཁོར་གཞན་དག་ལ་གྲ་སྒྲིག་བྱས་པའི་ལམ་དུ་བསྐྱོད་པར་སྔོན་འགོག་བྱེད་ཆེད་བཙུགས་པའི་ལམ་ཐིག་གམ་ས་ཚིགས་ཀྱི་ལམ་ཐིག་ཡིན།

རིགས་དབྱེ།  

བདེ་འཇགས་གླིང་ཕྲན།

བདེ་འཇགས་གླིང་ཕྲན【refuge islandsafety strip】ནི་འགྲོ་འོང་རླངས་འཁོར་གྱི་གཞུང་ལམ་བར་དུ་བཙུགས་པའི་རྐང་ཐང་བ་བགྲོད་ལམ་འཕྲེད་བརྒལ་བྱེད་པར་མཁོ་འདོན་བྱས་པའི་གནས་སྐབས་སུ་སྡོད་པའི་འགྲིམ་འགྲུལ་གླིང་ཕྲན་ལ་ཟེར།

རིགས་དབྱེ།  

གནས་ངེས་ལྕགས་རྩིབས།

ཨར་འདམ་ལྕགས་རྩིབས་ལྷུ་ལག་གི་ཨར་དཀྲུག་བརྒྱུད་རིམ་ཁྲོད། ལྷུ་ལག་གི་སྲུང་སྐྱོང་རིམ་པའི་མཐུག་ཚད་ཁག་ཐེག་བྱེད་ཆེད། གཙང་ཐག་སོགས་གྲུབ་ཚུལ་གྱི་དགོས་མཁོ་ལྟར་བཙུགས་པའི་གཏན་འཇགས་ལྕགས་རྩིབ་ཀྱི་སྒྲོམ་གཞི་གནས་སའི་ལྕགས་རྩིབས་ཡིན།

རིགས་དབྱེ།  

ངར་ལྕགས་ཀྱི་སྒྲིག་གཞིའི་སྒྲོམ་གཞི།

ངར་ལྕགས་ཀྱི་སྒྲིག་གཞིའི་སྒྲོམ་གཞི་ནི་ངར་ལྕགས་རྒྱུ་ཆས་བཟོ་སྐྲུན་གཙོ་བོར་བྱེད་པའི་སྒྲིག་གཞི་ཞིག་ཡིན་ལ། དེ་ནི་ཨར་ལས་ཀྱི་སྒྲིག་གཞིའི་རིགས་གཙོ་བོ་ཞིག་ཀྱང་ཡིན། དྲག་ཚད་མཐོ་བ་དང་། རང་ངོས་ཡང་བ། མཁྲེགས་ཚད་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན།

རིགས་དབྱེ།  

གྲུབ་ཚུལ་ལྕགས་རྩིབས།

གྲུབ་ཚུལ་ལྕགས་རྩིབས་ནི་ཨར་འདམ་ལྕགས་རྩིབ་ཀྱི་སྒྲིག་གཞིའི་ཁྲོད་དུ། གྲུབ་ཚུལ་གྱི་དགོས་མཁོ་ལྟར་བཙུགས་པའི་ལྕགས་རྩིབས་ཡིན། ལྟོས་བཅས་ཀྱིས་ལྕགས་རྩིབས་ལ་ཤུགས་བསྣན་ནས་བཤད་ན། ལྕགས་རྩིབས་གྲུབ་ཚུལ་གྱིས་གཙོ་བོ་ཤུགས་འདོན་མི་ཐུབ། སྲུང་སྐྱོང་དང་འཐེན་མདུད། ཁྱབ་སྟངས་བཅས་ཀྱི་ནུས་པ་ཁོ་ན་འདོན་བཞིན་ཡོད།

རིགས་དབྱེ།  

སྒ་གཞོག་ཐབས།

དང་པོ་སྒ་གཞོག་བྱེད་ཀྱི་རྒྱུ་ཤིང་ཆེས་ཡག་ཤོས་ནི། སྟག་པ་ཤིང་དང་གྲོ་བ་ཤིང་ཡིན། རྟ་སྒ་གཞོག་བྱེད་ཀྱི་ཤིང་ལ་སྟག་པ་ཤིང་གི་རྩ་བྲད་སྦོམ་ལ་རང་འགུག་ཅན་བཟང་བས། ཤིང་སྡོང་རྩ་བ་བརྐོས་ནས་སྒ་འོས་མིན་བཅས་ལ་སྒ་མཁན་རང་ཉིད་ཀྱིས་བརྟག་དགོས་ལ། ཤིང་བཟང་ཤོས་ཡིན་ན་ཁྱིམ་ནས་ཟླ་བ་ལྔ་དྲུག་གམ་ལོ་གཅིག་གཉིས་ཙམ་ལ་བསྐམ་བཅུག་ནས་ད་གཟོད་རྟ་སྒ་གསར་པ་གཞོག་དགོས། སྒ་ཁོག་དོག་ཆེ་ན་རྟའི་རྒྱབ་གཅད། ལེབ་ཆེ་ན་འགྱུར་སླ། སྔ་རུ་དང་ཕྱི་རུ་མཐོ་ཆེ་ན་ལྟད་ལ་མི་བདེ། ཧ་ཅང་དམའ་ན་བརྗིད་དང་མཛེས་ཆ་མེད་པས་སྒ་མཁན་གྱི་ཉམས་མྱོང་དང་སྒ་དཔེ་ལེགས་པོ་ལ་དཔེ་བྱ་རྒྱུ་གལ་ཆེའོ།།

རིགས་དབྱེ།  

ཟམ་པ་ཉིས་བརྩེགས།

ཡུལ་ཤུལ་དང་གདང་ལ་གྲོང་རྡལ་གྱི་ས་མཚམས་སུ་ཟམ་པ་ཉིས་བརྩེགས་ཅན་ཞིག་ཡོད་པར་དེ་ལྟར་ཐོགས།

རིགས་དབྱེ།  

ཤིང་རྐོས།

གྲི་རྩེ་དང་སོར་རྩེར་བརྟེན་ནས་སྲ་སྙི་ཤིང་གི་སྟེང་དུ་བརྐོས་པའི་རི་མོ་སྣ་ཚོགས་ལས་གྲུབ་པའི་བརྩམས་ཆོས་དག་ལ་ཤིང་རྐོས་སྒྱུ་རྩལ་ཟེར། བོད་རང་ལ་ཡོད་པའི་ཤིང་ལ་བརྐོས་པ་རྒྱ་ཆེ་བ་ནི། ཁང་བའི་སྒོ་དང་སྒེའུ་ཁུང་གི་རྒྱན་རིས་སྣ་ཚོགས་དང་། དེའི་ཆ་ལག་ཏུ་གྱུར་བའི་མཆོད་སྒྲོམ་དང་མདུན་ཅོག བཞུགས་ཁྲི། ཕྱེ་མར་འབོག སྤོས་སྒམ་སོགས་ཏེ་བརྐོ་གཞི་གཙོ་བོ་ཤིང་སྦྱར་པ་དང་། མོ་འལ། གསོམ་དཀར། ཤུག་པ། སྟག་པ་སོགས་ལ་གཟུགས་བརྙན་བརྐོས་པ་རེ་འགའ་ཙམ། དེ་མིན་བོད་ལ་སྐྱེ་དངོས་ཤིང་དངོས་མེད་ཀྱང་མི་རིགས་དང་ཡུལ་གྲུ་གཞན་ལས་དྲངས་པའི་ཤིང་རྩ་ཆེན་ལ་རྒྱལ་བའི་སྐུ་གཟུགས་དང་རྒྱན་རིས་པ་ཏྲ། ཙན་དན་གྱི་གླེགས་ཤིང་དང་ཌྰ་མ་རུ། མཆོད་རྫས་རིགས་སོགས་རྒྱན་སྤྲས་ཀྱི་བརྗོད་བྱ་སྣ་མང་ཞིང་ཕུན་སུམ་ཚོགས་པ་བཀོད་ཡོད་པ་བཅས་ཡིན་ཞིང་། བོད་དུ་ཆེ་མ་ཆུང་གསུམ་གྱི་ཕོ་བྲང་དང་རིག་གནས་གཙུག་ལག་ཁང་། དེ་མིན་ཕོ་བྲང་པོ་ཏ་ལ་གཙོ་བྱས་པའི་འཛུགས་སྐྲུན་རིག་གནས་དང་ལྷ་ཁང་འདུ་ཁང་སོགས་ཀྱི་བཟོ་བཀོད་ལ་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཤིང་རྐོས་སྒྱུ་རྩལ་ངོ་མཚར་བ་གང་སར་བརྒྱན་ཡོད་པ་དེ་དག་གིས་མི་རིགས་འདི་ལ་བཟོ་རིག་དར་སྔ་བ་དང་། བཟོ་རིག་གི་ལག་རྩལ་དང་ཁྱད་ཆོས་དེ་མི་རིགས་གཞན་དང་བསྡུར་ན་ཐུན་མོང་མ་ཡིན་པ་དང་ཤིང་བཟོ་དང་བཟོ་སྐྲུན་རིག་གནས་ཁྱད་དུ་འཕགས་པ་ཡོད་པ་གསལ་རྟོགས་བྱུང་ཐུབ།

རིགས་དབྱེ།  

ནགས་ལས་བཟོ་སྐྲུན།

ནགས་ལས་བཟོ་སྐྲུན་ཞེས་པ་ནི་ནགས་ཚལ་ཐོན་ཁུངས་བེད་སྤྱོད་ནུས་ལྡན་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུ་རྩ་དོན་དུ་བྱས་ཏེ་ལག་རྩལ་སྣ་ཚོགས་བེད་སྤྱད་དེ་ནགས་ཚལ་ཐོན་ཁུངས་གསོ་སྤེལ་དང་། གསར་སྤེལ་བེད་སྤྱོད། དེ་བཞིན་ནགས་ཐོན་དངོས་རྫས་ལས་སྣོན་བྱེད་པའི་བྱེད་སྒོ་བཅས་འདུས།

རིགས་དབྱེ།  

ཇུས་འགོད་གསོག་ཚད།

ཇུས་འགོད་གསོག་ཚད་ནི་སྤྱི་ལོ1959ལོར་རང་རྒྱལ་ས་གཤིས་པུའུ་རྒྱལ་ཡོངས་གཏེར་རྫས་གསོག་ཚད་ཨུ་ཡོན་ལྷན་ཁང་གིས་ས་གཤིས་དང་གཏེར་རྫས་ཀྱི་ཞིབ་འཇུག་ཚད་གཞི་དང་དེ་མཚུངས་ཀྱི་བཟོ་ལས་སྤྱོད་སྒོ་ལ་གཞིགས་ནས་དབྱེ་བའི་གསོག་ཚད་རིགས་ཤིག་ཡིན་ཞིང་། སྤྱིར་བཏང་དུ་ས་གཤིས་རྩད་ཞིབ་ལས་དོན་སྤེལ་ནས་རྩད་ཆོད་པའི་གཏེར་རི་འཛུགས་སྐྲུན་དང་མ་འཇོག་གི་གཞི་འཛིན་སའི་གཏེར་རྫས་གསོག་ཚད་ལ་བརྩིས་ཆོག དེའི་ཞིབ་འཇུག་གི་ཞིབ་ཚད་ནི་སྐབས་དེའི་གསོག་ཚད་རིམ་པའི་ཁྲོད་ཀྱིA2རིམ་པ་དངBརིམ་པC1རིམ་པ་བཅས་དང་མཚུངས།

རིགས་དབྱེ།  

གྲོང་ཁྱེར་གྱི་ས་འོག་བར་སྟོང་ལས་གྲྭ།

གྲོང་ཁྱེར་གྱི་ས་འོག་བར་སྟོང་ལས་གྲྭ་ནི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན་པ་དང་། ས་ཤིང་རིགས་ཀྱི་ཆེད་ལས་ཁོངས་སུ་གཏོགས། གཞི་རྩའི་སློབ་ཡུན་ལོ་བཞི་ཡིན་པ་དང་བཟོ་རིག་པའི་ཤེས་རམས་པའི་བསླབ་གནས་སྤྲོད་ཀྱིན་ཡོད།

རིགས་དབྱེ།  

གྲུ་ཁའི་གྲུ་ལམ་དང་མཚོ་འགྲམ་ལས་གྲྭ།

གྲུ་ཁའི་གྲུ་ལམ་དང་མཚོ་འགྲམ་ལས་གྲྭ་ནི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན། ཆེད་ལས་འདིས་རང་བྱུང་ཚན་རིག་དང་མི་ཆོས་སྤྱི་ཚོགས་ཚན་རིག་གི་རྨང་གཞིའི་ཤེས་བྱ་དང་། རྒྱུད་རིམ་ལྡན་པའི་ཆེད་ལས་ཤེས་བྱ་དང་ཆེད་ལས་རྩལ་ནུས། རྩིས་འཁོར་དང་ཕྱི་སྐད་ཉེར་སྤྱོད་ནུས་རྩལ་ལེགས་པོ་གསོ་སྐྱོང་དང་། ཆུ་བེད། འགྲིམ་འགྲུལ། རྒྱ་མཚོ། ནུས་ཁུངས། ས་ཤིང་སོགས་ལས་རིགས་སུ་གྲུ་ཁའི་གྲུ་ལམ་དང་མཚོ་འགྲམ་ལས་གྲྭའི་རྩད་ཞིབ་ཐིག་ལེན་དང་། འཆར་འགོད། ཇུས་འགོད། ཨར་ལས། ཐོན་སྐྱེད། ཚན་རིག་ཞིབ་འཇུག སློབ་ཁྲིད་སོགས་ཐད་ཀྱི་བྱ་བ་བྱེད་ནུས་པའི་མཐོ་རིམ་ལས་གྲྭའི་ལག་རྩལ་མི་སྣ་དང་ལག་རྩལ་དོ་དམ་མི་སྣ་གསོ་སྐྱོང་བྱེད་ཀྱིན་ཡོད།

རིགས་དབྱེ།  

ཨར་སྐྲུན་ཁོར་ཡུག་དང་ནུས་ཁུངས་བེད་སྤྱོད་ལས་གྲྭ།

ཨར་སྐྲུན་ཁོར་ཡུག་དང་ནུས་ཁུངས་བེད་སྤྱོད་ལས་གྲྭའི་ཆེད་ལས་ནི་བཟོ་ལས་དང་དམངས་སྤྱོད་ཨར་ལས་ཀྱི་ཚ་དྲོད་མཁོ་འདོན་དང་། རླུང་རྒྱུ་བ། མཁའ་རླུང་སྙོམས་སྒྲིག་མ་ལག་གི་འཆར་འགོད་ཇུས་འགོད་དང་། ཨར་ལས་སྒྲིག་སྦྱོར། འཁོར་སྐྱོད་དོ་དམ། ཞིབ་འཇུག་གསར་སྤེལ་སྒྲིག་བཟོ་སོགས་ཐད་ཀྱི་ལག་རྩལ་བྱ་བ་གཉེར་བ་དང་། རྨང་གཞིའི་གཞུང་ལུགས་ཀྱི་ཤེས་བྱ་དང་ཆེད་ལས་ཀྱི་ནུས་པ་ཏན་ཏིག་ལྡན་པའི་ཉེར་སྤྱོད་རྣམ་པའི་མཐོ་རིམ་ལས་གྲྭའི་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ཡིན།

རིགས་དབྱེ།