ས་ཤིང་ལས་གྲྭ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་ཤིང་ལས་གྲྭ།
ས་ཤིང་ལས་གྲྭ་ནི་བཟོ་སྐྲུན་སྣ་ཚོགས་བྱེད་པའི་ལས་གྲྭའི་སྒྲིག་བཀོད་ཀྱི་ཚན་རིག་ལག་རྩལ་གྱི་སྤྱི་མིང་ཡིན། དེ་ནི་བེད་སྤྱོད་རྒྱུ་ཆ་དང་སྒྲིག་ཆས། རྩད་ཞིབ་དང་ཇུས་འགོད། ཨར་ལས་དང་གསོ་སྐྱོང་། ཉམས་གསོ་སོགས་བྱེད་པའི་ལག་རྩལ་བྱེད་སྒོ་ལ་གོ་བ་དང་། ལས་གྲྭའི་འཛུགས་སྐྲུན་གྱི་བྱ་ཡུལ་ལ་ཡང་གོ་བ་ཡིན། དེ་ནི་ས་སྟེང་དང་ས་འོག སྐམ་དང་མཚོ་ཐོག་གི་བཟོ་སྐྲུན་དང་། ཐད་ཀར་རམ་བརྒྱུད་ནས་མིའི་རིགས་ཀྱི་འཚོ་བ་དང་ཐོན་སྐྱེད། དམག་དོན། ཚན་རིག་ཞིབ་འཇུག་ཞབས་ཞུའི་བཟོ་སྐྲུན་སྒྲིག་བཀོད་སྣ་ཚོགས་ཡིན་ལ། དཔེར་ན། ཁང་བ་དང་གཞུང་ལམ། ལྕགས་ལམ། ཕུག་ལམ་དང་ཟམ་པ། མིས་བཟོས་གཙང་པོ་དང་ཆུ་རགས། གྲུ་ཁ། གློག་འདོན་ས་ཚིགས། གནམ་གྲུ་ཐང་། རྒྱ་མཚོའི་ལས་སྟེགས་དང་ཆུ་མཁོ་སྤྲོད་ཆུ་འབུད་དང་དེ་བཞིན་འགོག་སྲུང་བཟོ་སྐྲུན་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
土木工程
ཕྱི་ཡིག་གི་མིང་།
Civil Engineering
རིག་ཚན་རིགས་དབྱེ།
0814
ཁོངས་གཏོགས།
བཟོ་ལས་རིག་པ།
འཕེལ་རྒྱས་ཀྱི་ཁ་ཕྱོགས།
ཟམ་པ་ཇུས་འགོད་དང་འཛུགས་སྐྲུན།
1 ཆེད་ལས་ཀྱི་གོ་དོན།

ཆེད་ལས་འདིས་གཞུང་ལུགས་ཀྱི་ཤུགས་རིག་པ་དང་རྒྱུ་ཆའི་ཤུགས་རིག་པ། ཆགས་ཚུ་ཤུགས་རིག་པ། བརྐྱང་བསྐུམ་ཤུགས་རིག་པ། བཟོ་སྐྲུན་ཤུགས་རིག་པ། རྒྱུག་གཟུགས་ཤུགས་རིག་པ་དང་བྲག་སའི་ཤུགས་རིག་པར་སློབ་སྦྱོང་བྱེད་པ་དང་གྲོང་ཁྱེར་འཛུགས་སྐྲུན་རིག་པའི་རྨང་གཞི་ཡིན།

2 གསོ་སྐྱོང་བླང་བྱ།

ཆེད་ལས་འདིས་བཟོ་སྐྲུན་ཤུགས་རིག་པ་དང་རྒྱུག་གཟུགས་ཤུགས་རིག་པ། རྒྱུག་གཟུགས་ཤུགས་རིག་པ་དང་བྲག་སའི་ཤུགས་རིག་པ་དང་གྲོང་ཁྱེར་འཛུགས་སྐྲུན་རིག་པའི་རྨང་གཞི་ཤེས་བྱ་ཁོང་དུ་ཆུད་པར་བྱས་ཏེ། ས་ཤིང་ལས་གྲྭའི་རྣམ་གྲངས་འཆར་འགོད་དང་ཇུས་འགོད། ཞིབ་འཇུག་གསར་སྤེལ་དང་ཨར་ལས་དང་དེ་བཞིན་དོ་དམ་བཅས་བྱེད་པའི་ནུས་པ་འཛོམས་པ་དང་། ཁང་པ་འཛུགས་སྐྲུན་དང་ས་འོག་འཛུགས་སྐྲུན། ཕུག་ལམ། གཞུང་ལམ་དང་ཟམ་པ། གཏེར་ཁྲོན་སོགས་ཇུས་འགོད་དང་ཞིབ་འཇུག ཨར་ལས། སློབ་གསོ་དང་དོ་དམ། མ་དངུལ་འཇོག་པ་བཅས་བྱེད་ནུས་པ་དང་། གསར་སྤེལ་སྡེ་ཁག་གི་ལག་རྩལ་ལས་ཀ་བསྒྲུབ་པའམ་ཡང་ན། ལས་ཀར་དོ་དམ་བྱེད་པའི་མཐོ་རིམ་བཟོ་སྐྲུན་ལག་རྩལ་གྱི་ཤེས་ལྡན་མི་སྣ་ཞིག་བྱེད་པ་དེའོ།།

3 གཞི་རྩའི་གཏོགས་གཤིས།

1.ཕྱོགས་བསྡུས་རང་བཞིན།

བཟོ་སྐྲུན་སྒྲིག་བཀོད་ཞིག་འཛུགས་སྐྲུན་བྱེད་དགོས་ཚེ་སྤྱིར་བཏང་གིས་རྩད་ཞིབ་དང་ཇུས་འགོད། ཨར་ལས་བཅས་དུས་རིམ་གསུམ་བརྒྱུད་དགོས་པ་རེད། བེད་སྤྱོད་བྱེད་པའི་བཟོ་སྐྲུན་ས་གཤིས་དང་ཆུ་དཔྱད་ས་གཤིས་ལ་རྩད་ཞིབ་བྱེད་པ་དང་། བཟོ་སྐྲུན་ཚད་འཇལ་དང་ས་ཤུགས་རིག་པ། བཟོ་སྐྲུན་ཤུགས་རིག་པ། བཟོ་སྐྲུན་ཇུས་འགོད། འཛུགས་སྐྲུན་རྒྱུ་ཆ། འཛུགས་སྐྲུན་སྒྲིག་ཆས། བཟོ་སྐྲུན་འཕྲུལ་ཆས། འཛུགས་སྐྲུན་དཔལ་འབྱོར་སོགས་རིག་ཚན་དང་ཨར་ལས་ལག་རྩལ། ཨར་ལས་རྩ་འཛུགས་སོགས་ཁྱབ་ཁོངས་ཀྱི་ཤེས་བྱ་དང་། དེ་བཞིན་གློག་རྡུལ་རྩིས་འཁོར་དང་ཤུགས་རིག་པ་ཚད་ལེན་སོགས་ཀྱི་ལག་རྩལ་བརྒྱུད་དགོས། དེའི་ཕྱིར། ས་ཤིང་ལས་གྲྭ་ནི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་རིག་ཚན་ཞིག་རེད།

2.སྤྱི་ཚོགས་རང་བཞིན།

ས་ཤིང་ལས་གྲྭ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འགྲོགས་ནས་འཕེལ་རྒྱས་སུ་ཕྱིན་ཞིང་། དེས་འཛུགས་སྐྲུན་བྱས་པའི་བཟོ་སྐྲུན་སྒྲིག་བཀོད་ཀྱིས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས། ཚན་རིག ལག་རྩལ་འཕེལ་རྒྱས་ཀྱི་སྣང་བརྙན་མཚོན་ཞིང་། དེའི་ཕྱིར། ས་ཤིང་ལས་གྲྭ་ཡང་སྤྱི་ཚོགས་ལོ་རྒྱུས་འཕེལ་རྒྱས་ཀྱི་དཔང་པོར་གྱུར་ཡོད་པ་རེད།  

3.ལག་ལེན་རང་བཞིན།

ས་ཤིང་ལས་གྲྭ་ནི་ལག་ལེན་རང་བཞིན་ཧ་ཅང་ཆེན་པོ་ལྡན་པའི་རིག་ཚན་ཞིག་ཡིན། གནའ་དུས་སུ་ས་ཤིང་ལས་གྲྭ་ནི་བཟོ་སྐྲུན་ལག་ལེན་བརྒྱུད་པ་དང་། ལེགས་འགྲུབ་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཡོད་པ་མ་ཟད། ལྷག་པར་དུ་ཕམ་ཉེས་ལས་བྱུང་བའི་བསླབ་བྱ་བསྡུ་ལེན་བྱས་ཏེ་འཕེལ་རྒྱས་སུ་སོང་བ་ཞིག་ཡིན་ནོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-23

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།