འཕྲུལ་ཆས་ལས་གྲྭ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཕྲུལ་ཆས་ལས་གྲྭ།
འཕྲུལ་ཆས་ལས་གྲྭ་ནི་དངོས་ལུགས་གཏན་སྲོལ་བེད་སྤྱོད་བྱེད་པ་དང་འབྲེལ་བའི་འཕྲུལ་ཆས་ཀྱི་རྒྱུད་ཁོངས་ལ་དབྱེ་ཞིབ་དང་ཇུས་འགོད། བཟོ་སྐྲུན་དང་ཉམས་གསོ་བྱེད་པའི་ལས་གྲྭའི་རིག་ཚན་ཞིག་ཡིན་ལ། འཕྲུལ་ཆས་ལས་གྲྭ་ནི་འབྲེལ་ཡོད་ཀྱི་རང་བྱུང་ཚན་རིག་དང་ལག་རྩལ་ཚན་རིག་དེ་གཞི་རྩའི་གཞུང་ལུགས་སུ་བཟུང་སྟེ། ཐོན་སྐྱེད་ལག་ལེན་ཁྲོད་ཀྱི་ལག་རྩལ་ཉམས་མྱོང་ལ་ཟུང་འབྲེལ་བྱས་ཤིང་། གསར་འབྱེད་དང་ཇུས་འགོད། བཟོ་སྐྲུན། སྒྲིག་འཇུག བེད་སྤྱོད་དང་ཉམས་གསོ། འཕྲུལ་ཆས་སྣ་ཚོགས་ཁྲོད་ཀྱི་གཞུང་ལུགས་ཐམས་ཅད་དང་དངོས་ཡོད་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་པའི་ཉེར་སྤྱོད་རིག་ཚན་ཞིག་ཡིན་པ་དང་། འཕྲུལ་ཆས་ལས་གྲྭ་ནི་བཟོ་རིག་ཞིབ་འཇུག་སློབ་མའི་སློབ་གསོའི་རིམ་པ་དང་པོའི་རིག་ཚན་དང་། ལས་གྲྭའི་ཞིབ་འཇུག་སློབ་མའི་སློབ་གསོའི་ཁྱབ་ཁོངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
机械工程
ཕྱི་ཡིག་གི་མིང་།
mechanical engineering
རིམ་པ།
རིམ་པ་དང་པོའི་རིག་ཚན།
རིགས་དབྱེ།
ལག་རྩལ།
1 འཕེལ་རྒྱས་ཀྱི་འཕེལ་རིམ།

དུས་རབས17པའི་རྗེས་སུ། མ་རྩ་རིང་ལུགས་ཀྱི་ཚོང་ལས་དཔལ་འབྱོར་དེ་དབྱིན་ཇི་དང་ཧྥ་རན་སེ་སོགས་རྒྱལ་ཁབ་ཏུ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་ཅིང་མི་མང་པོ་ཞིག་གིས་ཐོན་ལས་ལ་མཁོ་བའི་བཟོ་ལས་འཕྲུལ་ཆས་ལེགས་བཅོས་དང་སྒུལ་ཤུགས་འཕྲུལ་ཆས་གསར་བ་ཞིབ་བཟོ་བྱེད་པར་གཞོལ་ནས་རླངས་སྒུལ་འཕྲུལ་འཁོར་བཟོས་ཤིང་། འཕྲུལ་ཆས་བཟོ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་དེ་རིམ་བཞིན་ཤིང་ཆ་ནས་ལྕགས་རིགས་སུ་བསྒྱུར་པ་དང་། འཕྲུལ་ཆས་བཟོ་བའི་བཟོ་ལས་ཀྱི་ལས་འགོ་ཚུགས་པ་མ་ཟད། རིམ་བཞིན་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད། འཕྲུལ་ཆས་བཟོ་ལས་ནི་དུས་རབས18ནས19པའི་བཟོ་ལས་གསར་བརྗེ་དང་མ་རྩ་རིང་ལུགས་ཀྱི་འཕྲུལ་ཆས་ཐོན་སྐྱེད་ཆེན་མོར་སྐུལ་འདེད་བྱེད་པའི་ལག་རྩལ་རྒྱུ་རྐྱེན་གཙོ་བོ་ཡིན་ནོ།།

2 འཕེལ་རྒྱས་ཀྱི་མདུན་ལྗོངས།

འཕྲུལ་ཆས་ལས་གྲྭས་རྒྱུན་དུ་ཐོན་སྐྱེད་འཕར་སྣོན་དང་ངལ་རྩོལ་ཐོན་ཕྱོད་མཐོར་འདེགས། ཐོན་སྐྱེད་ཀྱི་དཔལ་འབྱོར་རང་བཞིན་ལ་མཐོར་འདེགས་བྱས་ནས། མིའི་རིགས་ཀྱི་ཁེ་ཕན་མཐོར་འདེགས་བྱེད་པ་དམིགས་ཡུལ་དུ་བཟུང་སྟེ་ཞིབ་འཇུག་གསར་བཟོ་དང་འཕྲུལ་ཆས་ཐོན་རྫས་གསར་བ་འཕེལ་རྒྱས་སུ་བཏང་པ་དང་། འབྱུང་འགྱུར་གྱི་དུས་རབས་ནང་དུ་ཐོན་རྫས་གསར་བའི་ཞིབ་འཇུག་གསར་བཟོ་དེ་ཐོན་ཁུངས་ཟད་གྲོན་ཉུང་འཕྲི་བྱེད་པ་དང་དྭངས་གཙང་བསྐྱར་སྐྱེ་ནུས་ཁུངས་འཕེལ་རྒྱས་སུ་གཏོང་པ་དང་། བཅོས་སྐྱོང་། ཁོར་ཡུག་སྦགས་བཙོག་བྱེད་པ་ཇེ་ཉུང་དུ་གཏོང་བ་དང་མེད་པར་བཟོ་བ་རིམ་བརྒལ་དཔལ་འབྱོར་གྱི་དམིགས་འབེན་ལས་འགན་བྱེད་རྒྱུ་དེའོ།

3 རིམ་པ་དང་པོའི་རིག་ཚན།

བཟོ་རིག་ཞིབ་འཇུག་སློབ་མའི་སློབ་གསོ། 

རིམ་པ་དང་པོའི་རིག་ཚན་གྱི་མིང་། འཕྲུལ་ཆས་ལས་གྲྭ(080200) རིམ་པ་གཉིས་པའི་རིག་ཚན་གྱི་མིང་། འཕྲུལ་ཆས་བཟོ་སྐྲུན་དང་དེའི་རང་འགུལ་ཅན(080201) འཕྲུལ་ཆས་གློག་རྡུལ་ལས་གྲྭ(080202) འཕྲུལ་ཆས་འཆར་འགོད་དང་གཞུང་ལུགས(080203) རླངས་འཁོར་ལས་གཞི(080204)  

ལས་གྲྭའི་རབ་འབྱམས་པའི་ཁྱབ་ཁོངས། 

འཕྲུལ་ཆས་ལས་གྲྭའི་ཁྱབ་ཁོངས(085201)



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-23

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།