དཀྲུག་སྲུབ་འཕྲུལ་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཀྲུག་སྲུབ་འཕྲུལ་ཆས་ལ་ཕྱེ་སྐམ་དཀྲུག་སྲུབ་འཕྲུལ་ཆས་དངTMRགཟན་ཆས་དཀྲུག་སྲུབ་འཕྲུལ་ཆས་ཟེར་བ་གཉིས་ཡོད་ཅིང་། སོ་སོའི་ཁྱད་ཆོས་དང་བེད་སྤྱོད་གཏོང་ཚུལ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དཀྲུག་སྲུབ་འཕྲུལ་ཆས།
ཁོངས་གཏོགས།
འཕྲུལ་ཆས།
1 ངོ་སྤྲོད།

དཀྲུག་སྲུབ་འཕྲུལ་ཆས་ལ་ཕྱེ་སྐམ་དཀྲུག་སྲུབ་འཕྲུལ་ཆས་དངTMRགཟན་ཆས་དཀྲུག་སྲུབ་འཕྲུལ་ཆས་ཟེར་བ་གཉིས་ཡོད་ཅིང་། སོ་སོའི་ཁྱད་ཆོས་དང་བེད་སྤྱོད་གཏོང་ཚུལ་ཡོད།

2 ཕྱེ་སྐམ་དཀྲུག་སྲུབ་འཕྲུལ་ཆས།

ཕྱེ་སྐམ་དཀྲུག་སྲུབ་འཕྲུལ་ཆས་ཞེས་པ་འདི་སྦྱོར་བཟོ་གཟན་ཆས་ཐོན་སྐྱེད་བྱེད་པའི་སྒྲིག་ཆས་ཡིན་ལ། ཕྱུགས་གསོ་ར་བ་དང་དབྱིབས་ཆུང་གཟན་ཆས་བཟོ་གྲྭས་སྤྱོད་པར་འཚམ་ཞིང་། བཟོས་བཀོད་གྲིམ་དྲིལ་ཡིན་པ་དང་གཤིས་ནུས་བཟང་བ། འཇོག་ས་བཟུང་བ་ཆུང་བ། གློག་གི་འཛད་གྲོན་ཉུང་བ། དཀྱུ་སྒྱུར་དང་ནི་ཞིག་གསོ་སྟབས་བདེ་བ། རྫོབ་སྒྲ་ཆུང་ཞིང་ཕྱེ་རྡུལ་གྱི་སྦག་བཙོག་ཉུང་བ་བཅས་ཀྱི་ཁྱད་ཆོས་ཡོད་དོ།།

3 ​TMRགཟན་ཆས་དཀྲུག་སྲུབ་འཕྲུལ་ཆས།

TMRགཟན་ཆས་དཀྲུག་སྲུབ་འཕྲུལ་ཆས་ནི་གཟན་ཆས་རྩུབ་ཤོས་དང་ཞིབ་ཤོས། ཚོད་ཉུང་རྫས་ལྟ་བུའི་ཁ་གསབ་རྫས་སྦྱོར་བཟོ་ལ་སྤྱོད་ཆོག་ཅིང་། ཕྱུགས་ཟོག་གི་གསོ་སྐྱོང་དུས་བབ་ཐ་དད་པའི་འཚོ་བཅུད་དགོས་མཁོ་དབང་དུ་དཀྲུག་སྲུབ་གཏོང་བའི་སྒྲིག་ཆས་ཡིན་ལ། TMRནི་དབྱིན་ཡི་གིTotal mived ratin ཟེར་བའི་མིང་མགོའི་གསལ་བྱེད་བསྡུས་པ་སྟེ། ཡོངས་བསྲེ་ཉིན་ཆས་ཀྱི་དོན་བསྟན་ཡོད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།