ཞན་མེད་རླངས་སྣུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞན་མེད་རླངས་སྣུམ།
གཞན་མེད་རླངས་སྣུམ། རྒྱ་སྐད། 无铅汽油。 དབྱིན་ཇིའི་སྐད་དུ། 【Un-LeadedPetrol 】 དབྱིན་ཡིག་བསྡུས་བྲིས། ( ULP) དེ་ཡང་མ་བཅོས་རྡོ་སྣུམ་(原油)གྱི་ནང་ནས་རླངས་སྣུམ་འདོན་པའི་བརྒྱུད་རིམ་ཁྲོད་དུ་ཞན་(铅)ནམ་ཞ་ཉེ་ཡི་རྡུལ་ཕྲན་ཁ་སྣོན་བྱས་མེད་པའི་རླངས་སྣུམ་ལ་ཟེར།
གཞི་རྩའི་གནས་ཚུལ།

བོད་སྐད་ཀྱི་མིང་།
ཞན་མེད་རླངས་སྣུམ།
རྒྱ་སྐད་ཀྱི་མིང་།
无铅汽油
ཕྱི་རྒྱལ་གྱི་མིང་།
Un-LeadedPetrol
ཞན་གྱི་འདུས་ཚད།
སྤྱི་བྲེ་གང་ལ་ཞན་གྱི་ལྗི་ཚད་ཁེའུ་བརྒྱ་ཆ་གཅིག།
འཇལ་བྱེད་ཀྱི་ཚད་གཞི།
(  升  སྤྱི་བྲེ།)(克  ཁེའུ)
རྡུལ་ཕྲན་གྱི་བརྡ་ཆད།
(C  碳  སོལ། )      ( H   氢  ཧའེ། )     (O  氧དབྱང་། )   ( N  氮  ནའེ།  )         (Pb   铅    ཞན་ནམ་ཞ་ཉེ།)
1 མཚན་ཉིད། 

མཚན་ཉིད།      ཞན་མེད་རླངས་སྣུམ་ནང་ཐོག་མའི་མ་བཅོས་རྡོ་སྣུམ་ཁྲོད་ཀྱི་ཞན་ནམ་ཞ་ཉེ་ཡི་རྡུལ་ཕྲན་ཉུང་ངུ་ཙམ་ལས་དྭངས་སྙིགས་འབྱེད་པའི་སྐབས་སུ་ཞ་ཉེ་ཁ་སྣོན་བྱས་མེད་པ་རེད།       གཞན་ཡང་ཞན་མེད་རླངས་སྣུམ་གྱི་ཞན་གྱི་འདུས་ཚད་དེ་སྤྱི་བྲེ་གཅིག་(一升)གི་ནང་ལྗིད་ཚད་ཁེའུ་བརྒྱ་ཆ་གཅིག་ལས་ཟིན་གྱི་མེད།         རྣམ་ཀུན་འཚོ་བ་ཁྲོད་ཞན་མེད་རླངས་སྣུམ་བེད་སྤྱོད་གཏང་ན་དམིགས་གསལ་དོད་པོས་རླངས་འཁོར་དུ་བའི་ནང་གི་འབག་བཙོག་དངོས་པོར་ཚོད་འཛིན་བྱེད་ཐུབ་པ་ཡིན།     དཔེར་ན།  སོལ་ཧའེ་འདྲེས་རྗས་དང་།(碳氢化合物)    དབྱང་གཅིག་སོལ་འགྱུར།(CO)     ནའེ་ཡི་དབྱང་འགྱུར་དངོས་པོ་(氮的氧化物)སོགས་ལ་ཚོད་འཛིན་ཐུབ་པ་ཡིན།                 རླངས་འཁོར་དུ་བའི་ཁྲོད་ཀྱི་འབག་བཙོག་དངོས་པོ་ཚོད་འཛིན་བྱེད་པའི་ཐབས་ཤེས་ཡག་ཤོས་དང་སྟབས་བདེ་ཤོས་ནི་དབུགས་རྔུབ་མ་ལག་(排气系统)ཁྲོད་འགྱུར་སྐུལ་སྒྱུར་འཕྲུལ་(催化转换器)གྱི་1བསྒྲིག་ཆས་སྒྲིག་པ་དེ་ཡིན།       འོན་ཀྱང་དངོས་པོ་དེ་ཞན་གྱི་འདུས་ཚད་སྤྱི་བྲེ་རེར་ཁེའུ་༠.༠༡༣ལས་བརྒལ་བའི་རླངས་སྣུམ་དང་འཕྲད་ཚེ་འགྱུར་སྐུལ་གྱི་ནས་པ་ཉམས་པའམ་ནུས་པ་མ་ཐོན་པ་ཡིན།     དེ་དང་མཉམ་དུ་འཕྲུལ་འཁོར་གྱི་འབག་བཙོག་ཚོད་འཛིན་གྱི་དམིགས་ཡུལ་ཡང་སྒྲུབ་མི་ཐུབ་པ་ཡིན།      རྒྱུ་མཚན་དེར་བརྟེན་རྒྱལ་སྤྱའི་གཏན་འབེབས་ལྟར་ན་རླངས་སྣུམ་སྤྱི་བྲེ་གཅིག་གི་ནང་ཞ་ཉེ་འདུས་ཚད་ཁེའུ་༠.༠༡༣ལས་དམའ་བ་འདུས་དགོས་པ་དེ་ཞན་མེད་རླངས་སྣུམ་གྱི་ཚད་འཛིན་ས་ལྟ་བུ་ཞིག་ལ་འཇོག་གོ།

1_1 ཞན་མེད་རླངས་སྣུམ་གྱི་འབག་བཙོག་གནད་དོན།

ཞན་མེད་རླངས་སྣུམ་དེ་གནོད་འཚེ་གང་ཡང་མེད་པའི་དྭངས་གཙང་གི་རླངས་སྣུམ་ཞིག་མིན།   འོན་ཀྱང་འབག་བཙོག་ཚོད་འཛིན་དང་མའི་བདེ་ཐང་གི་ཆེད་དུ་སྤྱི་ལོ་༢༠༠༠ལོ་ནས་འགོ་བཙུགས་ཏེ་རྒྱལ་ཡོངས་ཀྱི་སྣུམ་སྣོན་ས་ཚིགས་མང་ཆེ་བར་ཤུགས་ཆེན་པོས་ཞན་མེད་རླངས་སྣུམ་ཁྱབ་གདལ་བཏང་ཡོད།

རླངས་སྣུམ་ཞན་མེད་ཅན་དུ་བསྒྱུར་རྗེས་གཞི་རྩའི་ཆ་ནས་རླངས་འཁོར་དུ་བའི་ནང་གི་ཞ་ཉེ་ཡིས་ཁོར་ཡུག་ལ་འབགས་བསླད་བྱེད་པའི་གནད་དོན་དེར་ཐག་གཅོད་བྱུང་ཡོད།    འོན་ཀྱང་མི་མང་པོས་ཞན་མེད་རླངས་སྣུམ་ཞེས་པའི་ཐ་སྙད་ལ་གོ་འཛོལ་བྱུང་ནས་དེ་གནོད་འཚེ་གང་ཡང་མེད་པའི་རླངས་སྣུམ་ཞིག་ལ་ངེས་པ་ཡིན།     དེ་ལྟར་འཚོ་བའི་ཁྲོད་རླངས་འཁོར་གྱི་དུ་བར་འཛིན་པའི་དོགས་ཟོན་གྱི་བསམ་བློ་དོར་བའང་ཡོད།     དོན་དངོས་ཐོག་ཞན་མེད་རླངས་སྣུམ་ལ་ད་དུང་ཡང་ཁོར་ཡུག་འབགས་བསླད་བྱེད་པའི་ནུས་པ་ངེས་ཅན་ཞིག་ཡོད་པ་ཡིན།       དེ་བཞིན་ཞན་མེད་ཞེས་པ་དེ་ཡང་ལྟོས་བཅས་ཀྱི་ཐ་སྙད་ཞིག་ལས་ཞན་གྱི་རྡུལ་ཕྲན་(铅原子)རྩ་བ་ནས་མེད་པ་ཞིག་མིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-05

གསར་སྤེལ་མཁན། :ཕུར་བུ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།