ཡོངས་འཛིན་རིག་མཛོད། >སྒྱུ་རྩལ།

བླ་བྲང་དཔར་ཁང་།

བླ་བྲང་དགོན་པའི་དཔར་ཁང་ནི་སྤྱི་ལོ1761ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོས་བཞེངས་པ་ཡིན། དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་དཔར་ཁང་གི་གཞི་ཁྱོན་ཅུང་ཆེན་པོར་ཆགས་པ་དང་། དཔར་བརྐོ་དང་པར་སྐྲུན་གྱི་ལས་རིགས་ཆ་ཚང་ཡང་ཆགས། འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་གྱིས་དཔར་བརྐོའི་ལས་ཀ་རྩ་འཛུགས་བྱས་ཏེ། སྤྱི་ལོ1958ལོའི་བར་དུ་དཔར་ཤིང་ཁྲི7ལྷག་ཡོད། རྒྱ་ཡིག་གི་མིང་། 拉卜楞印经院

རིགས་དབྱེ།   སྒྱུ་རྩལ།བཟོ་རྩལ་ཐོན་རྫས།

འབུར་བཟོ་སྒྱུ་རྩལ།

འབུར་བཟོ་སྒྱུ་རྩལ་ནི་བརྐོས་རིས་ཀྱི་རིགས་ཤིག་ཡིན་ལ། དེ་བརྐོ་མཁན་གྱིས་ངོས་ལེབ་སྟེང་དུ་བཟོ་འདོད་པའི་རི་མོའི་རྣམ་པ་དེ་འབུར་བརྐོ་བྱས་ཏེ་སྣང་བརྙན་མཚོན་པར་བྱེད་པ་ཞིག་ཡིན། དེ་ངོས་ལེབ་ཀྱི་རྒྱུ་ཆ་ལས་བརྒལ་ནས་འབུར་བཟོ་བྱས་པ་ལ་ཟེར། རྒྱ་ཡིག་གི་མིང་། 浮雕艺术 རྒྱུ་ཆ། རྡོ་དང་ཤིང་། ལྕགས་རིགས་སོགས་ཡིན། སྤྱིར་བསྟན། སྤྱིར་ན་འབུར་བཟོའི་ལུགས་ལ་འཕགས་ཡུལ་གྱི་ལུགས་དང་།བལ་ལུགས།རྒྱ་ནག་གི་ལུགས།བོད་ལུགས་བཅས་བཞི་རུ་དབྱེ་བ་དང་།བོད་ལུགས་ལའང་སྨན་ལུགས་དང་།མཁྱེན་ལུགས།ས་ལུགས།

རིགས་དབྱེ།   སྒྱུ་རྩལ།བཟོ་རྩལ་ཐོན་རྫས།

ར་རྒྱ་དགོན་པའི་དཔར་ཁང་།

ར་རྒྱ་དགོན་པའི་དཔར་ཁང་ནི་སྤྱི་ལོ1811ལོར་ཤིང་བཟའ་བློ་བཟང་དར་རྒྱས་རྒྱ་མཚོ་ཉིད་ཀྱིས་བཞེངས་པ་ཡིན། བཀའ་བསྟན་སྡེ་དགེའི་དཔར་མ་གཞིར་བཟུང་སྟེ་དགོན་པ་ཕྱི་ནང་གི་ཡིག་གཟུགས་ལ་མཁས་པ75དང། ཞུ་དག་པ10གདན་དྲངས་ཏེ། བཀའ་བསྟན་གསེར་བྲིས་མ་བཞེངས། རྒྱ་ཡིག་གི་མིང་། 拉嘉寺印经院 ཕྱག་འདེབས་མཁན། ཤིང་བཟའ་བློ་བཟང་དར་རྒྱས་རྒྱ་མཚོས་བཞེངས། ཕྱག་བཏབ་ལོ་ཚིགས། སྤྱི་ལོ1811ལོ། མཚམས་སྦྱོར། ར་རྒྱ་དགོན་པ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་ར་རྒྱ་ཤང་དུ་ཆགས་ཤིང་།

རིགས་དབྱེ།   སྒྱུ་རྩལ།བཟོ་རྩལ་ཐོན་རྫས།

ལྷ་སའི་ཞོལ་དཔར་ཁང་གསར་པ།

ལྷ་སའི་ཞོལ་དཔར་ཁང་གསར་པ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་སྐུ་རིང་དུ་ཕོ་བྲང་པོ་ཏ་ལའི་ཞོལ་གྱི་ཤར་ངོས་སུ་བཞེངས་ཤིང་མཚན་ལ་དགའ་ལྡན་ཕུན་ཚོགས་གླིང་གསོལ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་དཔར་ཁང་འདིར་ཡང་བསྐྱར་ཞིག་གསོ་བྱས་མྱོང་། རྒྱ་ཡིག་གི་མིང་། 拉萨雪新印经院 ཕྱག་འདེབས་མཁན། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན། ས་གནས། ལྷ་སའི་ཕོ་བྲང་པོ་ཏ་ལའི་ཞོལ་གྱི་ཤར་ངོས། མཚམས་སྦྱོར། ལྷ་སའི་ཞོལ་དཔར་ཁང་གསར་པ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་སྐུ་རིང་དུ་ཕོ་བྲང་པོ་ཏ་ལའི་ཞོལ་གྱི་ཤར་ངོས་སུ་བཞེངས་ཤིང་མཚན་ལ་དགའ་ལྡན་ཕུན་ཚོགས་གླིང་གསོལ།

རིགས་དབྱེ།   སྒྱུ་རྩལ།བཟོ་རྩལ་ཐོན་རྫས།

རྟ་འོག་ཁུག་རྟ།

རྟ་འོག་ཁུག་རྟ་ནི་ཀན་སུའུ་ཞིང་ཆེན་གྱི་ཝུའུ་ཝེ(ལང་ཀྲུ)ས་ཁུལ་གྱི་ཧན་རྒྱལ་རབས་ཤར་མའི་བང་སོ་རུ་ཐོན་པའི་ལོ་བཟོས་ལག་ཤེས་བཟོས་རྫས་ཤིག་ཡིན། རྒྱ་ཡིག་གི་མིང་། 马踏飞燕 ལྗིད་ཚད། 7.15kg བཟོ་སྐྲུན་དུས་རབས། ཧན་རྒྱལ་རབས། ཕྱིར་ཐོན་ལོ་ཚིགས། སྤྱི་ལོ1969ལོའི་ཟླ10བ། མཚམས་སྦྱོར། རྟ་འོག་ཁུག་རྟ་ནི་ཀན་སུའུ་ཞིང་ཆེན་གྱི་ཝུའུ་ཝེ(ལང་ཀྲུ)ས་ཁུལ་གྱི་ཧན་རྒྱལ་རབས་ཤར་མའི་བང་སོ་རུ་ཐོན་པའི་ལོ་བཟོས་ལག་ཤེས་བཟོས་རྫས་ཤིག་ཡིན། དེ་ཉིད་རིང་ལ་ལི་སྨི45དང་། ཞེང་ལ་ལི་སྨི10.1དང་། མཐོ་ལ་ལི་སྨི34.5བཅས་ཡོད།

རིགས་དབྱེ།   སྒྱུ་རྩལ།བཟོ་རྩལ་ཐོན་རྫས།

ཅོ་ནེའི་དཔར་ཁང་།

དུས་རབས16པར་ཅོ་ནེའི་དགོན་ཆེན་དུ་དཔར་ཁང་བཙུགས་པ་ནས་བཟུང་ནང་བསྟན་གྱི་བསྟན་བཅོས་ཁྲི་མ་འབུམ་བརྐོས་ཤིང་དཔར་ཏེ་སྐབས་དེའི་མདོ་སྨད་ཀྱི་དཔར་བརྐོ་དང་དཔེ་སྐྲུན་ལས་རིགས་ཀྱི་ལྟེ་བ་དང་རིག་གནས་དར་སྤེལ་གྱི་ལྟེ་བ་རུ་གྱུར། རྒྱ་ཡིག་གི་མིང་། 卓尼印经院 ས་གནས། ཀན་སུའུ་ཞིང་ཆེན་ཅོ་ནེའི་རྫོང་། ཕྱག་བཏབ་ལོ་ཚིགས། སྤྱི་ལོ1295ལོ། མཚམས་སྦྱོར། ཅོ་ནེའི་དགོན་པ་ནི་ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་དུ་ཆགས་ཤིང་།   ས་པཎ་ཀུན་དགའ་རྒྱལ་མཚན་གྱི་བཀའ་ལྟར་སྤྱི་ལོ1295ལོར་ཕྱག་བཏབ།

རིགས་དབྱེ།   སྒྱུ་རྩལ།བཟོ་རྩལ་ཐོན་རྫས།

ཨེ་ཅིབ་རྟེན་རྫས་བཤམས་མཛོད་ཁང་།

ཨེ་ཅིབ་རྟེན་རྫས་བཤམས་མཛོད་ཁང་ནི་འཛམ་གླིང་གི་སྐད་གྲགས་ཆེ་བའི་ཨེ་ཅིབ་སྒྱུ་རྩལ་གྱི་རྟེན་རྫས་བཤམས་མཛོད་ཁང་ཡིན་ལ། དེ་ཉིད་ཁའེ་ལོའུ་བཅིངས་འགྲོལ་ཐང་ཆེན་དུ་ཡོད་ཅིང་། སྤྱི་ལོ1858ལོར་ཧྥ་རན་སེའི་ཨེ་ཅིབ་རིག་པ་སྨྲ་བAམ་ལི་ཨེ་ཐེ་ཡིས་པུ་ལ་ཁེ་རུ་བཏབ་པ་དང་། སྤྱི་ལོ1891ལོར་ཅི་ས་རུ་གནས་སྤོས་པ་དང་། སྤྱི་ལོ1902ལོར་ཁའེ་ལོའུ་གནས་གསར་པར་སྤོས་པ་རེད། རྟེན་རྫས་བཤམས་མཛོད་ཁང་དེར་ཨེ་ཅིབ་རྒྱལ་ཁབ་ཡོངས་ཀྱི་ས་གནས་ཁག་གི་ཡིག་གེ་མ་བྱུང་གོང་གི་ཤུལ་དངོས་ནས་ཀེ་རི་སི་དང་རོ་མའི་དུས་སྐབས་ཀྱི་བརྐོས་བརྙན་དང་། རི་མོ།

རིགས་དབྱེ།   སྒྱུ་རྩལ།བཟོ་བསྐྲུན།

ཀྲུང་གོའི་བང་སོའི་ཨར་སྐྲུན།

ཀྲུང་གོའི་བང་སོ་ནི་ཨར་ལས་དང་། འདྲ་འབག རི་མོ། རང་བྱུང་ཁོར་ཡུག་བཅས་གཞི་གཅིག་ཏུ་བསྡེབས་ཡོད་པའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་སྒྱུ་རྩལ་ཡིན། རྒྱ་ཡིག་གི་མིང་། 陵墓建筑 ཕྱི་ཡིག་གི་མིང་། Tomb construction གོ་གནས། ཀྲུང་གོའི་གནའ་བོའི་བཟོ་སྐྲུན་གྱི་གྲུབ་ཆ་གལ་ཆེན་བཟུང་ཡོད། ཁྱད་ཆོས། རི་འདབས་སུ་སྐྲུན་ཡོད། ངོ་སྤྲོད། ཀྲུང་གོའི་བང་སོ་ནི་ཨར་ལས་དང་།  འདྲ་འབག  རི་མོ།  རང་བྱུང་ཁོར་ཡུག་བཅས་གཞི་གཅིག་ཏུ་བསྡེབས་ཡོད་པའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་སྒྱུ་རྩལ་ཡིན་པ་དང་།

རིགས་དབྱེ།   སྒྱུ་རྩལ།བཟོ་བསྐྲུན།

Rockརོལ་མོ།

rockརོལ་མོ་ཞེས་པ་ནི་དུས་རབས20པའི་ལོ་རབས50ནས70པར་ཨ་རི་ནས་བྱུང་ཞིང་དར་བའི་ཀུན་ཁྱབ་རོལ་མོའི་རིགས་ཤིག་ཡིན། དང་ཐོག་བྱུང་བའིrockརོལ་མོ་ནི་ཨ་རིའི་མི་ནག་གི་པི་ལུའུ་སི་རོལ་མོས་རྨང་གཞི་བྱས་པ་དེ་ལ་འགྲོས་ལྡན་པི་ལུའུ་སི་ཟེར། ལོ་རབས30པར་བྱུང་བའི་གློག་གི་ཀེ་ཐ་དང་གློག་གི་རླུང་སྦྲེང་སོགས་གློག་གི་རོལ་ཆས་ཀྱིསrockརོལ་མོ་ལ་སྒྲའི་འབྲས་བུ་བཟང་པོ་བསྩལ་ནས་རིམ་གྱིས་ལྗེ་ཟི་རོལ་མོ་ཁག་ཅིག་ཚབ་བྱས་པ་རེད། རྒྱ་ཡིག་གི་མིང་། 摇滚乐 ཕྱི་ཡིག་གི་མིང་། Rock

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

སྦུག་རྒྱུད་རོལ་མོ་ཚོགས་པ།

སྦུག་རྒྱུད་རོལ་མོ་ཚོགས་པ་ནི་མཉམ་དཀྲོལ་རོལ་དབྱངས་ཉིད་སྒྲའི་རྣམ་པ་ཅན་དུ་སྒྱུར་བྱེད་ཀྱི་ཡོ་ཆས་ཡིན། སྦུག་རྒྱུད་རོལ་མོ་ཚོགས་པ་གཅིག་གི་གྲུབ་ཆ་ལ་རོལ་ཆས་ཚོ་ཁག4ཡོད་པ་སྟེ། རྒྱུད་འཐེན་རོལ་ཆས་ཚོ་ཁག་དང་། ཤིང་སྦུག་རོལ་ཆས་ཚོ་ཁག་བཅས་ཡིན། རྒྱ་ཡིག་གི་མིང་། 管弦乐队 ཕྱི་ཡིག་གི་མིང་། Orchestra ངོ་སྤྲོད། སྦུག་རྒྱུད་རོལ་མོ་ཚོགས་པ་ནི་མཉམ་དཀྲོལ་རོལ་དབྱངས་ཉིད་སྒྲའི་རྣམ་པ་ཅན་དུ་སྒྱུར་བྱེད་ཀྱི་ཡོ་ཆས་ཡིན།  སྦུག་རྒྱུད་རོལ་མོ་ཚོགས་པ་གཅིག་གི་གྲུབ་ཆ་ལ་རོལ་ཆས་ཚོ་ཁག4ཡོད་པ་སྟེ། རྒྱུད་འཐེན་རོལ་ཆས་ཚོ་ཁག་དང་། ཤིང་སྦུག་རོལ་ཆས་ཚོ་ཁག་བཅས་ཡིན། རྒྱུད་འཐེན་རོལ་ཆས་ཁག་ནི་འོག་ལེན་ཆུང་བ་དང་།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

ཀུན་ཁྱབ་རོལ་མོ།

ཀུན་ཁྱབ་རོལ་མོ་ཞེས་པ་ནི་གོ་བདེ་བ་དང་། བདེ་ལྕག་འཁྱུག་པ། ཁྱབ་གདལ་ཆེ་བ། ཉན་མཁན་མང་བ། རྩེད་འཇོ་དང་སྤྲོ་གསིང་དམིགས་བྱ་བྱེད་པ་བཅས་ཀྱི་རོལ་མོ་ལ་ཟེར་བ་དང་། ཡང་བའི་རོལ་མོ་དང་ཁྱབ་གདལ་རོལ་མོ་ཡང་ཟེར། རྒྱ་ཡིག་གི་མིང་། 流行音乐 ཕྱི་ཡིག་གི་མིང་། pop music ངོ་སྤྲོད། ཀུན་ཁྱབ་རོལ་མོ་ཞེས་པ་ནི་གོ་བདེ་བ་དང་། བདེ་ལྕག་འཁྱུག་པ།  ཁྱབ་གདལ་ཆེ་བ།  ཉན་མཁན་མང་བ།  རྩེད་འཇོ་དང་སྤྲོ་གསིང་དམིགས་བྱ་བྱེད་པ་བཅས་ཀྱི་རོལ་མོ་ལ་ཟེར་བ་དང་། ཡང་བའི་རོལ་མོ་དང་ཁྱབ་གདལ་རོལ་མོ་ཡང་ཟེར།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

རོལ་མོ་བཀོད་འདོམས་པ།

རོལ་མོ་བཀོད་འདོམས་པ་ནི་ཆེད་ལས་རོལ་མོ་ཚོགས་པས་རོལ་དབྱངས་དཀྲོལ་བ་དང་གླུ་དབྱངས་ལེན་དུས་ཀྱི་སྒྱུ་རྩལ་གྱི་སྣེ་ཁྲིད་མཁན་ལ་ཟེར། བཀོད་སྒྲིག་འཁྲབ་སྦྱོང་དང་འཁྲབ་སྟོན་ལ་བཀོད་འདོམས་བྱས་ཏེ་རྩོམ་པ་པོའི་དགོངས་དོན་མཚོན་པར་བྱེད་པ་རེད། རྒྱ་ཡིག་གི་མིང་། 音乐指挥家 ཕྱི་ཡིག་གི་མིང་། Director of music བཀོད་འདོམས་པ། རོལ་མོ་བཀོད་འདོམས་པ་ནི་ཆེད་ལས་རོལ་མོ་ཚོགས་པས་རོལ་དབྱངས་དཀྲོལ་བ་དང་གླུ་དབྱངས་ལེན་དུས་ཀྱི་སྒྱུ་རྩལ་གྱི་སྣེ་ཁྲིད་མཁན་ལ་ཟེར།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

དམག་སྦྲེང་རོལ་དབྱངས།

དམག་སྦྲེང་རོལ་དབྱངས་ཀྱི་མ་གཞི་ནི་དམག་དཔུང་གྲལ་བསྟར་བསྒྲིགས་ནས་སྐྱོད་དུས་གོམ་སྟབས་གཅིག་གྱུར་ཡོང་བྱེད་དང་། དམག་དཔུང་གི་ཟིལ་ངར་སྐྱེད་བྱེད། ངར་སེམས་སྐུལ་བྱེད་བཅས་ཀྱི་དམག་སྦྲེང་སྒྲིག་པའི་རོལ་དབྱངས་ཡིན། རྒྱ་ཡིག་གི་མིང་། 军乐队 ཕྱི་ཡིག་གི་མིང་། Military band དར་ཚུལ། དམག་སྦྲེང་རོལ་དབྱངས་ཀྱི་མ་གཞི་ནི་དམག་དཔུང་གྲལ་བསྟར་བསྒྲིགས་ནས་སྐྱོད་དུས་གོམ་སྟབས་གཅིག་གྱུར་ཡོང་བྱེད་དང་། དམག་དཔུང་གི་ཟིལ་ངར་སྐྱེད་བྱེད།  ངར་སེམས་སྐུལ་བྱེད་བཅས་ཀྱི་དམག་སྦྲེང་སྒྲིག་པའི་རོལ་དབྱངས་ཡིན། 

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

ཀྲུང་གོའི་མི་རིགས་རོལ་ཆས་ཀྱི་རོལ་དབྱངས།

ཀྲུང་གོའི་མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་ལོ་རྒྱུས་རིང་པོ་ལྡན་ཞིང་དཀྲོལ་ཐབས་སྣ་ཚོགས་པ་ཡོད། མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་རོལ་ཆས་སྣ་ཚོགས་ཀྱིས་རྐྱང་དཀྲོལ་དང་མཉམ་དཀྲོལ་སོགས་ཡོད། རྒྱ་ཡིག་གི་མིང་། 中国民族乐器的音乐 ཕྱི་ཡིག་གི་མིང་། Music of Chinese musical instruments ངོ་སྤྲོད།  ཀྲུང་གོའི་མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་ལོ་རྒྱུས་རིང་པོ་ལྡན་ཞིང་དཀྲོལ་ཐབས་སྣ་ཚོགས་པ་ཡོད།  མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་རོལ་ཆས་སྣ་ཚོགས་ཀྱིས་རྐྱང་དཀྲོལ་དང་མཉམ་དཀྲོལ་སོགས་ཡོད།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

གཞས་མ་གཏམ།

གཞས་མ་གཏམ་ཞེས་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་གཞས་མ་གཏམ་གྱི་སྒྱུ་རྩལ་གྱི་སྤྱི་མིང་ཡིན་པ་དང་། དེ་ནི་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་དང་གླུ་ལེན་སྒྱུ་རྩལ་ཉིད་དུ་ཡུན་རིང་པོར་དར་ཞིང་རྒྱས་ནས་བྱུང་བའི་སྒྱུ་རྩལ་གྱི་རྣམ་གྲངས་དམིགས་བསལ་ཅན་ཞིག་ཡིན། རྒྱ་ཡིག་གི་མིང་། 弹词 ཕྱི་ཡིག་གི་མིང་། storytelling to the accompaniment of stringed instruments བྱུང་འཕེལ།  གཞས་མ་གཏམ་ཞེས་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་གཞས་མ་གཏམ་གྱི་སྒྱུ་རྩལ་གྱི་སྤྱི་མིང་ཡིན་པ་དང་།  དེ་ནི་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་དང་གླུ་ལེན་སྒྱུ་རྩལ་ཉིད་དུ་ཡུན་རིང་པོར་དར་ཞིང་རྒྱས་ནས་བྱུང་བའི་སྒྱུ་རྩལ་གྱི་རྣམ་གྲངས་དམིགས་བསལ་ཅན་ཞིག་ཡིན།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

ལྗད་ཟི་རོལ་མོ།

རོལ་མོའི་འགྲོས་རྡེབ་ནི་སྤྱིར་བཏང་གི་ངེས་སྲོལ་ལྟར་ན་དྲག་པ་སྔོན་དང་ཞན་པ་ཕྱི་ན་ཡོད་དགོས་མོད་ཀྱི། ལྗད་ཟི་རོལ་མོ་ཞེས་པ་ནི་དྲག་ཞན་གོ་ལྡོག་ནས་རོལ་དབྱངས་ཉིད་སྤྱི་ཆ་ནས་ལྷོད་ཅིང་ལྷུག་པའི་གྲུབ་ཚུལ་དང་། གདངས་ཚད་དམིགས་བསལ་ཆེ་བ། གང་དགའི་རྡུང་དཀྲོལ་བྱེད་པ་བཅས་བྱས་ཆོག་པ་རེད། རྒྱ་ཡིག་གི་མིང་། 爵士音乐 ཕྱི་ཡིག་གི་མིང་། Jazz བྱུང་ཡུལ། ཨ་རི། བྱུང་བའི་དུས་ཚོད། དུས་རབས19མཇུག་དང་དུས་རབས20མགོར། ངོ་སྤྲོད།  རོལ་མོའི་འགྲོས་རྡེབ་ནི་སྤྱིར་བཏང་གི་ངེས་སྲོལ་ལྟར་ན་དྲག་པ་སྔོན་དང་ཞན་པ་ཕྱི་ན་ཡོད་དགོས་མོད་ཀྱི། 

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

མཉམ་དཀྲོལ་རོལ་དབྱངས་ཚོགས་པ།

སྦུག་རྒྱུད་ཚོགས་པ་ཆེ་གྲས་ལ་ཟེར། དེ་ནི་དུས་རབས19པའི་ལོ་རབས20པ་ཙམ་ལ་ངེས་སྲོལ་ཅན་དུ་དར་ཞིང་། ཡོ་རོབ་དང་འཛམ་གླིང་ཡོངས་སུ་དར་ཁྱབ་བྱུང་། མཉམ་དཀྲོལ་རོལ་དབྱངས་ཚོགས་པ་ནི་སྤྱིར་བཏང་རོལ་ཆས་ཚོ་ཁག4ཡིས་གྲུབ་ཡོད་པ་ནི་རྒྱུད་འཐེན་རོལ་ཆས་ཚོ་ཁག་དང་། ཤིང་སྦུག་རོལ་ཆས་ཚོ་ཁག རག་སྦུག་རོལ་ཆས་ཚོ་ཁག རྡུང་དཀྲོལ་རོལ་ཆས་ཚོ་ཁག་བཅས་ཡིན། རྒྱ་ཡིག་གི་མིང་། 交响乐团 ཕྱི་ཡིག་གི་མིང་། Symphony Orchestra ངོ་སྤྲོད།  སྦུག་རྒྱུད་ཚོགས་པ་ཆེ་གྲས་ལ་ཟེར། དེ་ནི་དུས་རབས19པའི་ལོ་རབས20པ་ཙམ་ལ་ངེས་སྲོལ་ཅན་དུ་དར་ཞིང་། 

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

ལྡེབས་རིས།

ལྡེབས་རིས་ནི་འབྲི་བ་དང་བརྐོ་བའམ་གཟུགས་འགོད་ཀྱི་ཐབས་གཞན་དག་སྤྱད་དེ་རང་བྱུང་ངམ་རྩོལ་བྱུང་གི་ལྡེབས་ངོས་སུ(གཙོ་བོར་ཨར་བསྐྲུན་གྱི་ཕྱི་ནང་གི་བརྩིགས་ལྡེབས)བཀོད་པའི་རི་མོ་ལ་ཟེར་བ་དང་། དེ་ནི་ཨར་བསྐྲུན་གྱི་ཞོར་གཏོགས་ཆ་ཤས་ཡིན། རྒྱ་ཡིག་གི་མིང་། 壁画 ཕྱི་ཡིག་གི་མིང་། Mural འགྲེལ་བཤད། གྱང་ངོས་སུ་བྲིས་པའི་རི་མོ། རིགས་དབྱེ། འཛུགས་སྐྲུན་དངོས་པོའི་ཞོར་གཏོགས་ཆ་ཤས། བྱེད་ནུས། རྒྱན་སྤྲོས་དང་མཛེས་བཟོའི་ནུས་པ་ལྡན། འབྲི་ཐབས། ལྡེབས་རིས་ནི་འབྲི་བ་དང་བརྐོ་བའམ་གཟུགས་འགོད་ཀྱི་ཐབས་གཞན་དག་སྤྱད་དེ་རང་བྱུང་ངམ་རྩོལ་བྱུང་གི་ལྡེབས་ངོས་སུ(གཙོ་བོར་ཨར་བསྐྲུན་གྱི་ཕྱི་ནང་གི་བརྩིགས་ལྡེབས)བཀོད་པའི་རི་མོ་ལ་ཟེར་བ་དང་།

རིགས་དབྱེ།   སྒྱུ་རྩལ།རི་མོ།

གྱེས་བྲལ།

《གྱེས་བྲལ》ནི་ཨ་སི་ཧཱར•ཧྥར་ཧཱ་ཏི་ཡིས་འཁྲབ་ཁྲིད་བྱས་ཤིང་། གློག་བརྙན་ཁྲོད་བཟའ་འཐོར་བྱ་གྲབས་ཡོད་པའི་བཟའ་ཟླ་གཉིས་ཀྱིས་སྙུང་གཞི་བྱུང་ནས་ཉལ་སར་ལྷུང་བའི་ཨ་ཕ་དང་མངལ་ཤོར་བའི་ནད་གཡོག་མ་སོགས་གནད་དོན་གང་མང་ཞིག་ལ་གདོང་གཏུག་དུས། ཀུན་སྤྱོད་དང་ཁྲིམས་ལུགས་ཀྱི་རྙོག་གྲའི་ཁྲོད་འཕག་འཚག་བྱེད་པའི་གཏམ་རྒྱུད་བརྗོད་ཡོད། བོད་འགྱུར་མིང་། གྱེས་བྲལ། མ་བརྙན་མིང་། A Separation རྒྱ་འགྱུར་མིང་། 一次别离 རྒྱལ་ཁབ། དབྱི་ལང་། སྐད་རིགས། པར་ཟིག་སྐད། འཁྲབ་ཁྲིད་པ། ཨ་སི་ཧཱར•ཧྥར་ཧཱ་ཏི།(Asghar Farhadi) གཙོ་འཁྲབ་པ། ལེ་ལཱ•ཧཱ་ཐཱ་མི།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

བེམ་གཟུགས་རི་མོ།

རི་མོའི་ངོས་སུ་མི་སྣ་དང་ཡུལ་ལྗོངས་མེད་པར་བཟའ་བཅའ་དང་། ཐབ་ཆས། སྔོ་ཚལ། ཤིང་ཏོག མེ་ཏོག དཔེ་དེབ། རོལ་ཆས། སྲོག་ཆགས་ཀྱི་དམར་དཔེ་ལ་སོགས་ཉིན་རྒྱུན་གྱི་བེམ་པོའི་གཟུགས་ཀྱི་ཉེར་སྤྱད་བྲི་བྱ་གཙོ་བོ་བྱེད་པའི་རི་མོ་ལ་གོ རྒྱ་ཡིག་གི་མིང་། 静物画 ཕྱི་ཡིག་གི་མིང་། still life འབྲི་ཐབས། རི་མོའི་ངོས་སུ་མི་སྣ་དང་ཡུལ་ལྗོངས་མེད་པར་བཟའ་བཅའ་དང་། ཐབ་ཆས། སྔོ་ཚལ།  ཤིང་ཏོག  མེ་ཏོག  དཔེ་དེབ།  རོལ་ཆས།  སྲོག་ཆགས་ཀྱི་དམར་དཔེ་ལ་སོགས་ཉིན་རྒྱུན་གྱི་བེམ་པོའི་གཟུགས་ཀྱི་ཉེར་སྤྱད་བྲི་བྱ་གཙོ་བོ་བྱེད་པའི་རི་མོ་ནི་བེམ་གཟུགས་རི་མོ་ཡིན། 

རིགས་དབྱེ།   སྒྱུ་རྩལ།རི་མོ།

རོ་མའི་འཐབ་ར།

གནའ་བོའི་རོ་མ་བཙན་རྒྱལ་གྱི་དབང་སྒྱུར་བས་སྤྲོ་དགའ་ལོངས་སྤྱོད་ཀྱི་ཆེད་དུ་བྲན་གཡོག་ཕན་ཚུན་འཐབ་པའམ་བྲན་གཡོག་གིས་རི་དྭགས་གཏུམ་པོ་དང་འཐབ་པའི་རྩེད་མོ་ཡ་ང་བ་གསར་གཏོད་བྱས་པ་རེད། འཐབ་མོ་ལ་རོལ་ཆེད་གནའ་བོའི་རོ་མ་ནས་འཐབ་ར་མང་པོ་བསྐྲུན་ཡོད་པ་ལས། སྐད་གྲགས་ཆེ་ཤོས་ནི་རོ་མའི་འཐབ་ར་སྒོར་ཆེན་ཡིན། རྒྱ་ཡིག་གི་མིང་། 罗马角斗场 ཕྱི་ཡིག་གི་མིང་། Roman amphitheatre གནས་ཡུལ། རོ་མ་གྲོང་ཁྱེར་གྱི་ཐའེ་པོ་ཆུ་བོའི་ཤར་ངོས་ན་ཡོད། བྱེད་ནུས། འཛིང་ག ལོ་རྒྱུས། གནའ་རབས་རོ་མ།

རིགས་དབྱེ།   སྒྱུ་རྩལ།བཟོ་བསྐྲུན།

ཕོ་ཕུའུ་སྒྱུ་རྩལ།

ཕོ་ཕུའུ་སྒྱུ་རྩལ་ནི་ནུབ་ཕྱོགས་ཀྱི་དེང་རབས་རི་མོའི་བསམ་བློའི་རླབས་རྒྱུན་ཞིག་ཡིན་པ་དང་། དེ་ནི་དུས་རབས20པའི་ལོ་རབས50པར་དབྱིན་ཇི་རུ་ཐོག་མར་བྱུང་བ་དང་ལོ་རབས50བའི་དུས་དཀྱིལ་དུ་ཨ་རི་ནས་དར་རྒྱས་ཀྱི་རྩེར་སོན་པ་རེད། རྒྱ་ཡིག་གི་མིང་། 波普艺术 ཕྱི་ཡིག་གི་མིང་། popular art མིང་གཞན། དར་ཁྱབ་ཆེ་བའི་སྒྱུ་རྩལ། དངོས་མཚོན་རིང་ལུགས་གསར་བ། མཚོན་བྱེད། དར་ཁྱབ་ཆེ་བའི་རིག་གནས་ཀྱི་རིགས་ཤིག ངོ་སྤྲོད། ཕོ་ཕུའུ་སྒྱུ་རྩལ་ནི་ནུབ་ཕྱོགས་ཀྱི་དེང་རབས་རི་མོའི་བསམ་བློའི་རླབས་རྒྱུན་ཞིག་ཡིན་པ་དང་།

རིགས་དབྱེ།   སྒྱུ་རྩལ།རི་མོ།

སེམས་ཀྱི་ལྡེ་མིག

《སེམས་ཀྱི་ལྡེ་མིག》ནི་ཧྭ་ནཱ་གློག་བརྙན་ཀུང་སིས“9.11”འཇིགས་སྐུལ་དོན་རྐྱེན་བྱུང་ནས་ལོ་ངོ་བཅུ་འགོར་བའི་རྗེས་དྲན་དུ་འགྲེམ་སྤེལ་བྱས་པའི་གློག་བརྙན་ཞིག་སྟེ། འདིའི་ཁྲོད“9.11”འཇིགས་སྐུལ་དོན་རྐྱེན་ཁྲོད་ཕ་རྐྱེན་ལམ་དུ་ཤོར་བའི་བུ་ཆུང་ཞིག་སྐྱོ་གདུང་དང་འཇིགས་སྐྲག་ཁྲོད་རིམ་གྱིས་འཚར་ལོངས་བྱུང་བའི་གཏམ་རྒྱུད་བརྗོད་དེ། བུ་ཆུང་དེའི་སྟེང་ནས“9.11”འཇིགས་སྐུལ་དོན་རྐྱེན་བརྒྱུད་པའི་མི་རྣམས་ཀྱི་ཨུ་ཚུགས་དང་བློ་རྩ་བརྟན་པོ་མངོན་པར་མཚོན་ཡོད། བོད་འགྱུར་མིང་། སེམས་ཀྱི་ལྡེ་མིག མ་བརྙན་མིང་། Extremely Loud and Incredibly Close རྒྱ་འགྱུར་མིང་། 特别响,非常近 རྒྱལ་ཁབ། ཨ་རི། སྐད་རིགས། དབྱིན་སྐད། འཁྲབ་ཁྲིད་པ། སི་ཐེ་ཧྥུན•ཏཱད་ཏི་རེ།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

རོལ་སྨོན་རིང་ལུགས་ཀྱི་རི་མོ།

རོལ་སྨོན་རིང་ལུགས་ཀྱི་བསམ་བློ་ནི་ཧྥུ་རན་སེའི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེའི་དུས་སྐབས་སུ་བྱུང་བ་དང་། དེས་མིའི་བསམ་པའི་རིན་ཐང་ཁས་ལེན་པ་དང་དེ་ལ་བསྔགས་སྐུལ་བྱེད་ཅིང་། སོ་སོ་བའི་གཤིས་ལུགས་བཅིངས་འགྲོལ་བྱ་རྒྱུ་དང་འགྲོ་བ་མིའི་ཐོང་ཐང་བརྩོན་ལེན་བྱེད་རྒྱུ་དེ་བསམ་བློའི་རྩ་དོན་དུ་འཛིན་པ་རེད། རི་མོའི་ཕྱོགས་སུ་རང་ཆོས་དང་ཁྱད་ཆོས་ཅན་གྱི་འབྲི་འགོད་དང་བརྩེ་དུང་མཚོན་རྒྱུ་ཉེ་བར་ལེན་པ་རེད། རྒྱ་ཡིག་གི་མིང་། 浪漫主义美术 རྒྱ་ཡིག་གི་མིང་། Romantic art ངོ་སྤྲོད། རོལ་སྨོན་རིང་ལུགས་ཀྱི་བསམ་བློ་ནི་ཧྥུ་རན་སེའི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེའི་དུས་སྐབས་སུ་བྱུང་བ་དང་།

རིགས་དབྱེ།   སྒྱུ་རྩལ།རི་མོ།

མགྱོགས་བྲིས།

མགྱོགས་བྲིས་ཞེས་པ་ནི་དུས་ཡུན་ཐུང་ངུའི་ནང་དུ་ཞ་སྨྱུག་དང་ལྕགས་སྨྱུག སྤུ་སྨྱུག་གསུམ་ལ་སོགས་པའི་སྟབས་བདེའི་འབྲི་སྤྱད་སྤྱད་དེ་ཐིག་རིས་སླ་མོས(ཚོན་སྤྱད་པའང་ཡོད)བྲི་བྱའི་གཟུགས་ཀྱི་བཟོ་ལྟ་དང་སྟངས་སྟབས། ཉམས་འགྱུར་བཅས་རགས་བསྡུས་སུ་འགོད་པ་དེ་ལ་ཟེར། རྒྱ་ཡིག་གི་མིང་། 速写 ཕྱི་ཡིག་གི་མིང་། quick sketch རིགས་དབྱེ། རི་མོའི་སྒྱུ་རྩལ་རྣམ་པ། ཞིབ་ཕྲ། མགྱོགས་མྱུར་གྱི་གཟུགས་དངོས་འབྲི་བའི་ཐབས་ལམ། ངོ་སྤྲོད། མགྱོགས་བྲིས་ཞེས་པ་ནི་དུས་ཡུན་ཐུང་ངུའི་ནང་དུ་ཞ་སྨྱུག་དང་ལྕགས་སྨྱུག

རིགས་དབྱེ།   སྒྱུ་རྩལ།རི་མོ།

མངོན་སུམ་རིང་ལུགས་ཀྱི་རི་མོ།

མངོན་སུམ་རིང་ལུགས་ནི་སྒྱུ་རྩལ་གྱི་ལས་འགུལ་ཞིག་ཡིན་པའི་ཆ་ནས་ཧྥ་རན་སེའི་སྤྱི་ལོ1848ལོའི་གསར་བརྗེ་དང་དུས་མཉམ་དུ་བྱུང་བ་རེད། དེའི་སྲོལ་འབྱེད་པོ་ནི་རི་མོ་བGཁོར་པེ་དང་རིགས་པའི་གཞུང་ལུགས་པ་ཞུང་ཧྥོ་ལའེ་གཉིས་ཡིན། སྤྱི་ལོ1855ལོར། ཁོར་པེ་ཡིས་རང་ཉིད་ཀྱི་རི་མོའི་བཤམས་སྟོན་བསྐོངས་ནས་མཛད་ཆོས་ཀྱི་དཀར་ཆག་གི་སྟེང་དུ་རང་ཉིད་ཀྱི་སྒྱུ་རྩལ་སྐོར་གྱི་ལྟ་བ་བཀོད་པ་ནི་ཁོར་པེའི་མངོན་སུམ་རིང་ལུགས་ཀྱི་བསྒྲགས་གཏམ་དུ་གྲགས། རྒྱ་ཡིག་གི་མིང་། 现实主义绘画 ཕྱི་ཡིག་གི་མིང་། Realism

རིགས་དབྱེ།   སྒྱུ་རྩལ།རི་མོ།

མེ་ཏོག་འདབ་ཆགས་རི་མོ།

མེ་ཏོག་འདབ་ཆགས་རི་མོ་ཞེས་པ་ནི་མེ་ཏོག་རྩི་ཤིང་དང་། རི་དྭགས་འདབ་ཆགས་དང་། ཆུ་སྐྱེས་སྲོག་ཆགས་བཅས་གཙོ་བོར་འབྲི་བའི་ཀྲུང་གོའི་སྲོལ་རྒྱུན་རི་མོ་ལ་ཟེར། རི་མོ་བས་ ཟུར་དང་ཤུགས་ནས་སྤྱི་ཚོགས་འཚོ་བ་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་ཡོད་པ་རེད། རྒྱ་ཡིག་གི་མིང་། 花鸟画 ཕྱི་ཡིག་གི་མང་། flower-bird painting མཚན་ཉིད། མེ་ཏོག་དང་འདབ་ཆགས། འབུ་སོགས་བྲི་ཡུལ་དུ་བྱས་པའི་རི་མོ། འབྲི་ཐབས་རིགས་དབྱེ། ཞིབ་བྲིས། དོན་བྲིས། ཞིབ་བྲིས་དང་དོན་བྲིས་གཉིས་ཀ་སྤྱོད་པ།

རིགས་དབྱེ།   སྒྱུ་རྩལ།རི་མོ།

རིག་གནས་པའི་རི་མོ།

རིག་གནས་པའི་རི་མོ་ཞེས་པ་ནི་རྩོམ་རིག་དང་། སུག་བྲིས། ཀྲོན་བརྐོས། རི་མོ་བཅས་གཞི་གཅིག་ཏུ་དྲིལ་བའི་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་ཞིག་ཡིན་པ་དང་། ལྷག་པར་དུ་སུག་བྲིས་དང་འབྲེལ་བ་དམ་ཚགས་ཡོད། རྒྱ་ཡིག་གི་མིང་། 文人画 ཕྱི་ཡིག་གི་མིང་། Literati painting འབྱུང་རྩ། ཧན་རྒྱལ་རབས། དབྱེ་བ། རིག་གནས་པའི་རི་མོ་ཞེས་པ་ནི་རྩོམ་རིག་དང་།  སུག་བྲིས།  ཀྲོན་བརྐོས། རི་མོ་བཅས་གཞི་གཅིག་ཏུ་དྲིལ་བའི་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་ཞིག་ཡིན་པ་དང་།  ལྷག་པར་དུ་སུག་བྲིས་དང་འབྲེལ་བ་དམ་ཚགས་ཡོད་ཅིང་། 

རིགས་དབྱེ།   སྒྱུ་རྩལ།རི་མོ།

ཡིག་ཆས་རྣམ་བཞི།

པིར་དང་། སྣག་ཚ། ཤོག་བུ། སྣག་གཞོང་བཅས་ལ་ཡིག་ཆས་རྣམ་བཞི་ཞེས་ཟེར། སྒྲ་ཡངས་འཇུག་གི་ཡིག་ཆས་རྣམ་བཞིའི་ཁོངས་སུ་ད་དུང་པིར་ཟོམ་དང་། པིར་འཁྲུད། ཤོག་མནོན། པིར་སྒྲོམ། ཐིག་སྤྱད་ལ་སོགས་ཡོ་སྤྱད་ཀྱང་ཚུད་ཡོད། དེ་བས་ཡིག་ཆས་རྣམ་བཞི་ཞེས་པ་ནི་ཀྲུང་གོའི་སྲོལ་རྒྱུན་སུག་བྲིས་དང་རི་མོའི་ཡོ་ཆས་ཀུན་གྱི་སྤྱི་མིང་ཡང་ཡིན། རྒྱ་ཡིག་གི་མིང་། 文房四宝 བྱེ་བྲག པིར་དང་སྣག་ཚ། ཤོག་བུ། སྣག་གཞོང་བཅས་ཡིན། དར་བའི་དུས། རྒྱལ་རབས་ལྷོ་མ་དང་བྱང་མའི་དུས་སྐབས།(སྤྱི་ལོ420--སྤྱི་ལོ589ལོའི་བར།) ངོ་སྤྲོད། ཀྲུང་གོའི་རྒྱ་ཡིག་གི་སུག་བྲིས་སྒྱུ་རྩལ་དང་རི་མོ་གཉིས་ནི་ཐོག་མ་ཉིད་ནས་ཕན་ཚུན་གཞི་གཅིག་ཏུ་འབྲེལ་བའི་སྒྱུ་རྩལ་གྱི་རྣམ་པ་ཅན་ཡིན། 

རིགས་དབྱེ།   སྒྱུ་རྩལ།རི་མོ།

མའེ་ཅི་རི་མོའི་བྲག་ཕུག

རི་བོ་མའེ་ཅི་ཧྲན་བྲག་ཕུག་ནི་ཀྲུང་གོའི་ཀན་སུའུ་ཞིན་ཆེན་གྱི་ཐེན་ཧྲའེ་ཡི་ལྷོ་ནུབ་ཕྱོགས་སུ་སྟོང་སྨི45འདས་པའི་ཆིན་ལིན་རི་རྒྱུད་ནུབ་ཕྱོགས་ཀྱི་རི་བོ་མའེ་ཅི་ཧྲན་ཤར་ངོས་དང་ནུབ་ངོས་སུ་བཏབ་ཡོད། རྒྱ་ཡིག་གི་མིང་། 麦积山石窟 ཕྱི་ཡིག་གི་མིང་། Maiji Mountain Grottoes ས་གནས། ཀན་སུའུ་ཞིན་ཆེན་གྱི་ཐེན་ཧྲའེ་ཡི་ལྷོ་ནུབ་ཕྱོགས། མཚམས་སྦྱོར། རི་བོ་མའེ་ཅི་ཧྲན་བྲག་ཕུག་ནི་ཀྲུང་གོའི་ཀན་སུའུ་ཞིན་ཆེན་གྱི་ཐེན་ཧྲའེ་ཡི་ལྷོ་ནུབ་ཕྱོགས་སུ་སྟོང་སྨི45འདས་པའི་ཆིན་ལིན་རི་རྒྱུད་ནུབ་ཕྱོགས་ཀྱི་རི་བོ་མའེ་ཅི་ཧྲན་ཤར་ངོས་དང་ནུབ་ངོས་སུ་བཏབ་ཡོད།

རིགས་དབྱེ།   སྒྱུ་རྩལ།བཟོ་བསྐྲུན།