ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >རོལ་དབྱངས།

Rockརོལ་མོ།

rockརོལ་མོ་ཞེས་པ་ནི་དུས་རབས20པའི་ལོ་རབས50ནས70པར་ཨ་རི་ནས་བྱུང་ཞིང་དར་བའི་ཀུན་ཁྱབ་རོལ་མོའི་རིགས་ཤིག་ཡིན། དང་ཐོག་བྱུང་བའིrockརོལ་མོ་ནི་ཨ་རིའི་མི་ནག་གི་པི་ལུའུ་སི་རོལ་མོས་རྨང་གཞི་བྱས་པ་དེ་ལ་འགྲོས་ལྡན་པི་ལུའུ་སི་ཟེར། ལོ་རབས30པར་བྱུང་བའི་གློག་གི་ཀེ་ཐ་དང་གློག་གི་རླུང་སྦྲེང་སོགས་གློག་གི་རོལ་ཆས་ཀྱིསrockརོལ་མོ་ལ་སྒྲའི་འབྲས་བུ་བཟང་པོ་བསྩལ་ནས་རིམ་གྱིས་ལྗེ་ཟི་རོལ་མོ་ཁག་ཅིག་ཚབ་བྱས་པ་རེད། རྒྱ་ཡིག་གི་མིང་། 摇滚乐 ཕྱི་ཡིག་གི་མིང་། Rock

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

སྦུག་རྒྱུད་རོལ་མོ་ཚོགས་པ།

སྦུག་རྒྱུད་རོལ་མོ་ཚོགས་པ་ནི་མཉམ་དཀྲོལ་རོལ་དབྱངས་ཉིད་སྒྲའི་རྣམ་པ་ཅན་དུ་སྒྱུར་བྱེད་ཀྱི་ཡོ་ཆས་ཡིན། སྦུག་རྒྱུད་རོལ་མོ་ཚོགས་པ་གཅིག་གི་གྲུབ་ཆ་ལ་རོལ་ཆས་ཚོ་ཁག4ཡོད་པ་སྟེ། རྒྱུད་འཐེན་རོལ་ཆས་ཚོ་ཁག་དང་། ཤིང་སྦུག་རོལ་ཆས་ཚོ་ཁག་བཅས་ཡིན། རྒྱ་ཡིག་གི་མིང་། 管弦乐队 ཕྱི་ཡིག་གི་མིང་། Orchestra ངོ་སྤྲོད། སྦུག་རྒྱུད་རོལ་མོ་ཚོགས་པ་ནི་མཉམ་དཀྲོལ་རོལ་དབྱངས་ཉིད་སྒྲའི་རྣམ་པ་ཅན་དུ་སྒྱུར་བྱེད་ཀྱི་ཡོ་ཆས་ཡིན།  སྦུག་རྒྱུད་རོལ་མོ་ཚོགས་པ་གཅིག་གི་གྲུབ་ཆ་ལ་རོལ་ཆས་ཚོ་ཁག4ཡོད་པ་སྟེ། རྒྱུད་འཐེན་རོལ་ཆས་ཚོ་ཁག་དང་། ཤིང་སྦུག་རོལ་ཆས་ཚོ་ཁག་བཅས་ཡིན། རྒྱུད་འཐེན་རོལ་ཆས་ཁག་ནི་འོག་ལེན་ཆུང་བ་དང་།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

ཀུན་ཁྱབ་རོལ་མོ།

ཀུན་ཁྱབ་རོལ་མོ་ཞེས་པ་ནི་གོ་བདེ་བ་དང་། བདེ་ལྕག་འཁྱུག་པ། ཁྱབ་གདལ་ཆེ་བ། ཉན་མཁན་མང་བ། རྩེད་འཇོ་དང་སྤྲོ་གསིང་དམིགས་བྱ་བྱེད་པ་བཅས་ཀྱི་རོལ་མོ་ལ་ཟེར་བ་དང་། ཡང་བའི་རོལ་མོ་དང་ཁྱབ་གདལ་རོལ་མོ་ཡང་ཟེར། རྒྱ་ཡིག་གི་མིང་། 流行音乐 ཕྱི་ཡིག་གི་མིང་། pop music ངོ་སྤྲོད། ཀུན་ཁྱབ་རོལ་མོ་ཞེས་པ་ནི་གོ་བདེ་བ་དང་། བདེ་ལྕག་འཁྱུག་པ།  ཁྱབ་གདལ་ཆེ་བ།  ཉན་མཁན་མང་བ།  རྩེད་འཇོ་དང་སྤྲོ་གསིང་དམིགས་བྱ་བྱེད་པ་བཅས་ཀྱི་རོལ་མོ་ལ་ཟེར་བ་དང་། ཡང་བའི་རོལ་མོ་དང་ཁྱབ་གདལ་རོལ་མོ་ཡང་ཟེར།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

རོལ་མོ་བཀོད་འདོམས་པ།

རོལ་མོ་བཀོད་འདོམས་པ་ནི་ཆེད་ལས་རོལ་མོ་ཚོགས་པས་རོལ་དབྱངས་དཀྲོལ་བ་དང་གླུ་དབྱངས་ལེན་དུས་ཀྱི་སྒྱུ་རྩལ་གྱི་སྣེ་ཁྲིད་མཁན་ལ་ཟེར། བཀོད་སྒྲིག་འཁྲབ་སྦྱོང་དང་འཁྲབ་སྟོན་ལ་བཀོད་འདོམས་བྱས་ཏེ་རྩོམ་པ་པོའི་དགོངས་དོན་མཚོན་པར་བྱེད་པ་རེད། རྒྱ་ཡིག་གི་མིང་། 音乐指挥家 ཕྱི་ཡིག་གི་མིང་། Director of music བཀོད་འདོམས་པ། རོལ་མོ་བཀོད་འདོམས་པ་ནི་ཆེད་ལས་རོལ་མོ་ཚོགས་པས་རོལ་དབྱངས་དཀྲོལ་བ་དང་གླུ་དབྱངས་ལེན་དུས་ཀྱི་སྒྱུ་རྩལ་གྱི་སྣེ་ཁྲིད་མཁན་ལ་ཟེར།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

དམག་སྦྲེང་རོལ་དབྱངས།

དམག་སྦྲེང་རོལ་དབྱངས་ཀྱི་མ་གཞི་ནི་དམག་དཔུང་གྲལ་བསྟར་བསྒྲིགས་ནས་སྐྱོད་དུས་གོམ་སྟབས་གཅིག་གྱུར་ཡོང་བྱེད་དང་། དམག་དཔུང་གི་ཟིལ་ངར་སྐྱེད་བྱེད། ངར་སེམས་སྐུལ་བྱེད་བཅས་ཀྱི་དམག་སྦྲེང་སྒྲིག་པའི་རོལ་དབྱངས་ཡིན། རྒྱ་ཡིག་གི་མིང་། 军乐队 ཕྱི་ཡིག་གི་མིང་། Military band དར་ཚུལ། དམག་སྦྲེང་རོལ་དབྱངས་ཀྱི་མ་གཞི་ནི་དམག་དཔུང་གྲལ་བསྟར་བསྒྲིགས་ནས་སྐྱོད་དུས་གོམ་སྟབས་གཅིག་གྱུར་ཡོང་བྱེད་དང་། དམག་དཔུང་གི་ཟིལ་ངར་སྐྱེད་བྱེད།  ངར་སེམས་སྐུལ་བྱེད་བཅས་ཀྱི་དམག་སྦྲེང་སྒྲིག་པའི་རོལ་དབྱངས་ཡིན། 

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

ཀྲུང་གོའི་མི་རིགས་རོལ་ཆས་ཀྱི་རོལ་དབྱངས།

ཀྲུང་གོའི་མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་ལོ་རྒྱུས་རིང་པོ་ལྡན་ཞིང་དཀྲོལ་ཐབས་སྣ་ཚོགས་པ་ཡོད། མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་རོལ་ཆས་སྣ་ཚོགས་ཀྱིས་རྐྱང་དཀྲོལ་དང་མཉམ་དཀྲོལ་སོགས་ཡོད། རྒྱ་ཡིག་གི་མིང་། 中国民族乐器的音乐 ཕྱི་ཡིག་གི་མིང་། Music of Chinese musical instruments ངོ་སྤྲོད།  ཀྲུང་གོའི་མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་ལོ་རྒྱུས་རིང་པོ་ལྡན་ཞིང་དཀྲོལ་ཐབས་སྣ་ཚོགས་པ་ཡོད།  མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་རོལ་ཆས་སྣ་ཚོགས་ཀྱིས་རྐྱང་དཀྲོལ་དང་མཉམ་དཀྲོལ་སོགས་ཡོད།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

གཞས་མ་གཏམ།

གཞས་མ་གཏམ་ཞེས་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་གཞས་མ་གཏམ་གྱི་སྒྱུ་རྩལ་གྱི་སྤྱི་མིང་ཡིན་པ་དང་། དེ་ནི་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་དང་གླུ་ལེན་སྒྱུ་རྩལ་ཉིད་དུ་ཡུན་རིང་པོར་དར་ཞིང་རྒྱས་ནས་བྱུང་བའི་སྒྱུ་རྩལ་གྱི་རྣམ་གྲངས་དམིགས་བསལ་ཅན་ཞིག་ཡིན། རྒྱ་ཡིག་གི་མིང་། 弹词 ཕྱི་ཡིག་གི་མིང་། storytelling to the accompaniment of stringed instruments བྱུང་འཕེལ།  གཞས་མ་གཏམ་ཞེས་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་གཞས་མ་གཏམ་གྱི་སྒྱུ་རྩལ་གྱི་སྤྱི་མིང་ཡིན་པ་དང་།  དེ་ནི་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་དང་གླུ་ལེན་སྒྱུ་རྩལ་ཉིད་དུ་ཡུན་རིང་པོར་དར་ཞིང་རྒྱས་ནས་བྱུང་བའི་སྒྱུ་རྩལ་གྱི་རྣམ་གྲངས་དམིགས་བསལ་ཅན་ཞིག་ཡིན།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

ལྗད་ཟི་རོལ་མོ།

རོལ་མོའི་འགྲོས་རྡེབ་ནི་སྤྱིར་བཏང་གི་ངེས་སྲོལ་ལྟར་ན་དྲག་པ་སྔོན་དང་ཞན་པ་ཕྱི་ན་ཡོད་དགོས་མོད་ཀྱི། ལྗད་ཟི་རོལ་མོ་ཞེས་པ་ནི་དྲག་ཞན་གོ་ལྡོག་ནས་རོལ་དབྱངས་ཉིད་སྤྱི་ཆ་ནས་ལྷོད་ཅིང་ལྷུག་པའི་གྲུབ་ཚུལ་དང་། གདངས་ཚད་དམིགས་བསལ་ཆེ་བ། གང་དགའི་རྡུང་དཀྲོལ་བྱེད་པ་བཅས་བྱས་ཆོག་པ་རེད། རྒྱ་ཡིག་གི་མིང་། 爵士音乐 ཕྱི་ཡིག་གི་མིང་། Jazz བྱུང་ཡུལ། ཨ་རི། བྱུང་བའི་དུས་ཚོད། དུས་རབས19མཇུག་དང་དུས་རབས20མགོར། ངོ་སྤྲོད།  རོལ་མོའི་འགྲོས་རྡེབ་ནི་སྤྱིར་བཏང་གི་ངེས་སྲོལ་ལྟར་ན་དྲག་པ་སྔོན་དང་ཞན་པ་ཕྱི་ན་ཡོད་དགོས་མོད་ཀྱི། 

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

མཉམ་དཀྲོལ་རོལ་དབྱངས་ཚོགས་པ།

སྦུག་རྒྱུད་ཚོགས་པ་ཆེ་གྲས་ལ་ཟེར། དེ་ནི་དུས་རབས19པའི་ལོ་རབས20པ་ཙམ་ལ་ངེས་སྲོལ་ཅན་དུ་དར་ཞིང་། ཡོ་རོབ་དང་འཛམ་གླིང་ཡོངས་སུ་དར་ཁྱབ་བྱུང་། མཉམ་དཀྲོལ་རོལ་དབྱངས་ཚོགས་པ་ནི་སྤྱིར་བཏང་རོལ་ཆས་ཚོ་ཁག4ཡིས་གྲུབ་ཡོད་པ་ནི་རྒྱུད་འཐེན་རོལ་ཆས་ཚོ་ཁག་དང་། ཤིང་སྦུག་རོལ་ཆས་ཚོ་ཁག རག་སྦུག་རོལ་ཆས་ཚོ་ཁག རྡུང་དཀྲོལ་རོལ་ཆས་ཚོ་ཁག་བཅས་ཡིན། རྒྱ་ཡིག་གི་མིང་། 交响乐团 ཕྱི་ཡིག་གི་མིང་། Symphony Orchestra ངོ་སྤྲོད།  སྦུག་རྒྱུད་ཚོགས་པ་ཆེ་གྲས་ལ་ཟེར། དེ་ནི་དུས་རབས19པའི་ལོ་རབས20པ་ཙམ་ལ་ངེས་སྲོལ་ཅན་དུ་དར་ཞིང་། 

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

པི་ཝང་།

པི་ཝང་ནི་རྒྱུད་ཅན་གྱི་རོལ་མོའི་རིགས་ཤིག་གི་མིང་། རྒྱ་སྐད་དུ་ཕིས་ཕ་ཟེར། ཡུལ་སྐད་དུ་ཧར་ཟེར་ཞིང་། རྒྱ་གར་སྐད་དུ། འེར་ཧུ་ཟེར་བའི་རོལ་མོ་རྒྱུད་ཅན་ལའང་པི་ཝང་ཟེར་བ་ཡོད་པར་གསུངས་ལ་སྔགས་ཆས་རྣམ་བཤད་ལས། བདུན་པ་པི་ཝང་ནི། ད་ལྟ་ཡུལ་གྲུ་ཀུན་ན་དར་སོ་ཆེ་བ་གླུ་བ་གླུ་མ་ཕལ་བ་དག་གིས་ཀྱང་སྦྲེང་བཞིན་པ་དེའོ། ། རྒྱ་ཡིག་གི་མིང་། 琵琶 ཕྱི་ཡིག་གི་མིང་། Lute མིང་གི་རྣམ་གྲངས། རྒྱུད་མངས།  འཕང་འགྲོ།  ཏམྦུ་ར། ངོས་འཛིན། པི་ཝང་ནི་རྒྱུད་ཅན་གྱི་རོལ་མོའི་རིགས་ཤིག་གི་མིང་། རྒྱ་སྐད་དུ་ཕིས་ཕ་ཟེར། ཡུལ་སྐད་དུ་ཧར་ཟེར་ཞིང་།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

སྒྲ་གདངས་ཆེ་བA

སྒྲ་གདངས་ཆེ་བAནི་སྒྲ་གདངསAཡི་གདངས་ཆེ་བ་དེ་ཡིན། དེརA、B、C♯、D、E、F♯、G♯、དངAཡིས་གྲུབ་ཡོད། གདངས་རྟགས་ལ་འདེགས་རྟགས་གསུམ་ཡོད། མཉམ་འགྲོ་སྒྲ་གདངས་ཆུང་བ་ནིfའདེགས་པའི་སྒྲ་གདངས་ཆུང་བ་དེ་ཡིན། སྒྲ་གདངས་གཙོ་བོ་མཚུངས་བའི་སྒྲ་གདངས་ཆུང་བ་ནི་སྒྲ་གདངས་ཆུང་བaཡིན། རྒྱ་ཡིག་གི་མིང་། A大调 གྲུབ་ཆ། A、B、C♯、D、E、F♯、G♯、དངAཡིས་གྲུབ་ཡོད། གོ་དོན། སྒྲ་གདངས་ཆེ་བAནི་སྒྲ་གདངསAཡི་གདངས་ཆེ་བ་དེ་ཡིན། སྒྲ་གདངས་གཙོ་བོ་མཚུངས་བའི་སྒྲ་གདངས་ཆུང་བ་ནི སྒྲ་གདངས་ཆུང་བaཡིན། [འདྲེན་བཀོད།]སྒྲ་གདངས་ཆེ་བA

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

སྒྲ་མདོག

སྒྲ་མདོག་ནི་རྟོགས་བྱ་དབྱངས་དེ་རང་བློར་སྐྱེས་ཚེ་གསལ་བ། དྭངས་བ། མུན་པ། ཕྲ་བ། སྦོམ་པ་སོགས་དབྱིབས་མདོག་མི་རིགས་མི་འདྲ་བའི་རྟོགས་པ་སྐྱེས་པ་དེ་ལ་ཟེར། དེ་ལ་རྒྱུད་སྐྱེས། རྡུང་སྐྱེས། ཁུང་སྐྱེས། སིལ་སྐྱེས། ཁྲོལ་སྐྱེས་སོགས་དགར་ནས་བཤད་ན། 1 རྒྱུད་སྐྱེས་ནི་རྒྱུད་སྐུད་འཐེན་ནས་བྱུང་བའི་དབྱངས་ལ་ཟེར། དཔེར་ན། འདེགས་ཆུང་། འདེགས་ཆེན། པུས་འདེགས་རྒྱུད་གཉིས། འདེགས་སྦོམ། པི་ཝང་རྟ་མགོ་མ། པེ་ཅིན་པུས་འདེགས།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

སྒྲ་ཚད།

སྒྲ་ཚད་ནི་གང་ཞིག་སྒྲ་དེ་ཉིད་མིའི་དབང་པོས་གསལ་བར་འབྱེད་པའི་མཐོ་དམན་བར་གསུམ་གྱི་གཞི་གནས་གང་ཟིན་པའི་ཚད་ལ་ཟེར། རྒྱ་ཡིག་གི་མིང་། 音高 ཕྱི་ཡིག་གི་མིང་། pitch      ངོ་སྤྲོད།  སྒྲ་ཚད་ནི་གང་ཞིག་སྒྲ་དེ་ཉིད་མིའི་དབང་པོས་གསལ་བར་འབྱེད་པའི་མཐོ་དམན་བར་གསུམ་གྱི་གཞི་གནས་གང་ཟིན་པའི་ཚད་ལ་ཟེར། སྒྲ་དབྱངས་ཀྱི་ཁྱིམ་ཁོངས་ལ་ད་ལྟ་མིའི་དབང་བོས་གསལ་བར་འབྱེད་པའི་དབྱངས་གྱ་བརྒྱད་གཏན་ལ་ཕབ་པ་དེའང་གཞི་མཐོ་དམན་བར་གསུམ་དང་གནས་ཡིག་ཆེན་ཡིག་ཆུང་སོགས་ཀྱིས་སོ་སོར་མཚོན་ནོ།། དབྱངས་རྟགས་གསུམ་གྱི་སྒྲ་དབྱངས་ཁྱིམ་རྒྱུད་ཀྱི་དབྱངས་གྱ་བརྒྱད་མཐོ་དམན་བར་གསུམ་ཁོངས་སུ་དགར་ནས་དེ་དག་སོ་སོ་ལའང་ཡིག་ཆེན་ཡིག་ཆུང་གི་ཁག་བདུན་དུ་དབྱེ་ཡོད། 

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

འགྲོས་ལྡབ།

འགྲོས་ལྡབ་ནི་འགྲོས་ཀྱི་དྲག་ཞན་གྱི་འགྱུར་སྟངས་ལས་གྲུབ་པའི་མཚོན་བྱ་རང་ཐུན་མོང་མ་ཡིན་པའི་འགྲོས་གཞི་དང་འགྲོས་ཆོས་མཚོན་བྱེད 3/4 4/4 6/8 སོགས་ཀྱི་སྟོན་པ་ལ་ཟེར། དེའང་འགྲོས་ཆ་གང་ཞིག་འགྲོས་གཅིག་གི་དབང་དུ་བྱས་ནས་འགྲོས་ཤད་གཅིག་འགྲོས་ཅི་ཙམ་གྱིས་གྲུབ་པ་མཚོན་པར་བྱ། རྒྱ་ཡིག་གི་མིང་། 节拍 ཕྱི་ཡིག་གི་མིང་། Meter         ངོ་སྤྲོད།  འགྲོས་ལྡབ་ནི་འགྲོས་ཀྱི་དྲག་ཞན་གྱི་འགྱུར་སྟངས་ལས་གྲུབ་པའི་མཚོན་བྱ་རང་ཐུན་མོང་མ་ཡིན་པའི་འགྲོས་གཞི་དང་འགྲོས་ཆོས་མཚོན་བྱེད 3/4       4/4   

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

དབྱངས་གནས།

དབྱངས་ཀྱི་ཚོགས་པའི་འཁོར་གཙོ་དེའི་མཐོ་ཚད་ལ་གནས་ཞེས་བྱ། རྒྱ་ཡིག་གི་མིང་། 音调       ངོ་སྤྲོད།  དབྱངས་ཀྱི་ཚོགས་པའི་འཁོར་གཙོ་དེའི་མཐོ་ཚད་ལ་གནས་ཞེས་བྱ་སྟེ། དཔེར་ན། གླུ་དབྱངས་ནི་དབྱངས་གཅིག་གིས་མི་འགྲུབ་ལ་དབྱངས་གཅིག་གཙོ་བྱས་པའི་དེའི་འཁོར་དང་བཅས་པའི་དབྱངས་ཀྱི་ཚོགས་པ་ཞིག་གིས་གྲུབ་པས་འཁོར་གཙོའི་དབྱངསCརུ་ངོས་འཛིན་པ་ལྟ་བུའོ།། འདི་ལ་གནས་ཆེན་གནས་ཆུང་གཉིས་མཆིས་སྟེ། 1 གནས་ཆེན། རྩ་བའི་དབྱངས་རིམ་བདུན་གྱི་འབྲེལ་ཆགས་ཤིང་འཁོར་གཙོའི་སུམ་མཚམས་ཆེ་བར་གྲུབ་ཚེ་གཞི་ཆེ་བས་གནས་ཆེན་དུ་འབོད་དོ།། འདི་ལ་མིང་གི་རྣམ་གྲངས་མང་ཡང་དོན་ལ་གནས་ཆེན་བཅུ་གཉིས་ལས་མི་གདའ།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

གདངས་རྟགས།

སྐད་སྒྲ་དངོས་མའི་མ་ལག་འཛུགས་པའི་དགོས་མཁོའི་སྒྲ་འགྱུར་རྟགས་ཡིན། དེ་ནི་ངེས་གཏན་གྱི་གོ་རིམ་དང་གོ་གནས་ལྟར་དབྱངས་རྟགས་ཀྱི་རྗེས་སུ་འགོད་པ། རྟགས་དེ་དག་ལ་དབྱངས་ཀྱི་མཚོན་རྟགས་ཟེར། དབྱངས་ཀྱི་མཚོན་རྟགས་ནི་རྟག་ཏུ་རིགས་གཅིག་པའི་སྒྲ་འགྱུར་རྟགས་བཀོལ་བ་ཡིན། འདེགས་རྟགས་དང་འབེབས་རྟགས་ཀྱང་དེ་བཞིན་ནོ།། རྒྱ་ཡིག་གི་མིང་། 调号 ཕྱི་ཡིག་གི་མིང་། key signature དབྱེ་བ། འདེགས་རྟགས་སམ་འབེབས་རྟགས། འབྱུང་ཁུངས། ཡོ་རོབ་གླིང་།      ངོ་སྤྲོད།  སྐད་སྒྲ་དངོས་མའི་མ་ལག་འཛུགས་པའི་དགོས་མཁོའི་སྒྲ་འགྱུར་རྟགས་ཡིན། དེ་ནི་ངེས་གཏན་གྱི་གོ་རིམ་དང་གོ་གནས་ལྟར་དབྱངས་རྟགས་ཀྱི་རྗེས་སུ་འགོད་པ།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

དབུ་མཛད་ཀྱི་སྐྱོར་འདོན་སྒྲ་གདངས།

དབུ་མཛད་དམ་སྐྱོར་དཔོན་གྱིས་ཆོས་འདོན་པའི་སྒྲ་གདངས་ནི་སྒྲ་མཐོ་བ་ནས་ཆེས་དམའ་བའི་སྒྲ་ཁོངས་སུ་འདྲེད་པའི་རྣམ་པའི་ཐོག་ནས་འདོན་པ་དང་། དབུ་མཛད་ལ་སྒྲ་མཐོ་དམའ་འོས་ཤིང་འཚམ་པར་སླེབས་པའི་མྱོང་ཚོར་བྱུང་རྗེས། སྒྲ་གཅིག་བསྐྱར་ཟློས་དང་འདྲ་བའི་དབྱངས་ཚིག་ཐུང་ངུ་འགྱུར་བ་ཅུང་ཟད་ལྡན་པའི་ཐོག་ནས་བསྐྱར་ཟློས་བྱེད་པ་ལས་གྲུབ་པ་དེར། དམིགས་བསལ་གྱི་གྲུབ་གཞིའི་ཤུགས་ལྡན་པ་ཞིག་ཡིན། སྦོམ་ཞིང་ལྷིང་བའི་སྐྱོར་འདོན་སྒྲ་གདངས་དེ་རིགས་ལ་ཡིད་འགུལ་ནུས་པ་ཆེན་པོ་ལྡན་པ་མ་ཟད། གདངས་གནས་མང་པོ་བརྩེགས་པའི་ཁྲོད་སྒྲ་བསྐྱེད་ཀྱི་ནུས་པ་ཆེན་པོ་ཞིག་གྲུབ་ཀྱི་ཡོད།      

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

མཚམས་གསོ།

མཚམས་གསོ་ནི་སྒྲ་མངོན་པར་མ་གནས་པའི་བར་སྐབས་ལ་ཟེར། དེའི་དུས་ཡུན་རིང་ཐུང་ཡང་འགྲོས་ཀྱིས་འཇལ་བར་བྱ་སྟེ། དཔེར་ན། འགྲོས་བཞིའི་ཡུན་ཚད་ལ་སྒྲ་མངོན་པར་མ་གནས་པ་ལ་མཚམས་གསོ་ཆ་ཚང་། འགྲོས་གཉིས་ཀྱི་ཡུན་ཚད་ལ་སྒྲ་མངོན་པར་མ་གནས་པ་ལ་མཚམས་གསོ་ཉིས་ཆ། འགྲོས་གཅིག་གི་ཡུན་ཚད་ལ་སྒྲ་མངོན་པར་མ་གནས་པ་ལ་མཚམས་གསོ་བཞི་ཆ། འགྲོས 1/2 གི་ཡུན་ཚད་ལ་སྒྲ་མངོན་པར་མ་གནས་པ་ལ་མཚམས་གསོ་བརྒྱད་ཆ། འགྲོས 1/4 གི་ཡུན་ཚད་སྒྲ་མངོན་པར་མ་གནས་པ་ལ་མཚམས་གསོ་བཅུ་དྲུག་ཆ་ཞེས་བརྗོད་དོ།། རྒྱ་ཡིག་གི་མིང་། 休止 ཕྱི་ཡིག་གི་མིང་། Rest    ངོ་སྤྲོད།  མཚམས་གསོ་ནི་སྒྲ་མངོན་པར་མ་གནས་པའི་བར་སྐབས་ལ་ཟེར།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

སྒྲ་ཡུན།

སྒྲ་ཡུན་ནི་དབྱངས་དེ་གནས་པའི་དུས་ཡུན་རིང་ཐུང་ལ་ཟེར། དེ་ལ་འགྲོས་དང་འགྲོས་ལྡབ། འགྲོས་སྟངས། མཚམས་གསོ་དང་བཞིའོ།། རྒྱ་ཡིག་གི་མིང་། 音值      ངོ་སྤྲོད།  སྒྲ་ཡུན་ནི་དབྱངས་དེ་གནས་པའི་དུས་ཡུན་རིང་ཐུང་ལ་ཟེར། དེ་ལ་འགྲོས་དང་འགྲོས་ལྡབ། འགྲོས་སྟངས། མཚམས་གསོ་དང་བཞིའོ།། 1 དབྱངས་ཀྱི་རིང་ཐུང་ནི་འགྲོས་ཀྱི་མཇལ་བར་བྱ་སྟེ། འགྲོས་གཅིག་གི་མྱུར་ཚད་དལ་མགྱོགས་འབྲིང་གསུམ་སྐྱེས་བོའི་བློ་ཡིས་གཅོད་པར་བྱའོ།།   དེ་ལ་འགྲོས་བཞིའི་ཡུན་ཚད་ལ་འགྲོས་ཆ་ཚང་། འགྲོས་གཉིས་ཀྱི་ཡུན་ཚད་ལ་འགྲོས་བཅུ་དྲུག་ཆ་ཞེས་བརྗོད་དོ།། 

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

བསྲེས་མ།(རོལ་མོའི་བརྡ་ཆད།)

བསྲེས་མ་ནི་སྒྲ་གཉིས་དུས་མཉམ་དུ་བསྲེས་ནས་བྱུང་བའི་བར་ལ་བསྲེས་མ་ཟེར། དེ་ལ་མཐུན་དང་མཐུན་མིན། ཐོག་མ་དང་བསྒྱུར་མ་བཅས་བཞིའོ།། རྒྱ་ཡིག་གི་མིང་། 和声音程      ངོ་སྤྲོད། བསྲེས་མ་ནི་སྒྲ་གཉིས་དུས་མཉམ་དུ་བསྲེས་ནས་བྱུང་བའི་བར་ལ་བསྲེས་མ་ཟེར། དེ་ལ་མཐུན་དང་མཐུན་མིན། ཐོག་མ་དང་བསྒྱུར་མ་བཅས་བཞིའོ།།  1 མཐུན་པ་ལའང་མཐུན་པ་བཞི་དང་ཤིན་མཐུན་བཞི་བཅས་བརྒྱད་དོ།། གཅིག་མཚམས་རྐྱང་བ། བཞི་མཚམས་རྐྱང་བ། ལྔ་མཚམས་རྐྱང་བ་བཅས་བཞི་ནི་ཤིན་ཏུ་མཐུན་ནོ།། གསུམ་མཚམས་ཆེ་ཆུང་གཉིས་དང་དྲུག་མཚམས་ཆེ་ཆུང་གཉིས་བཅས་བཞི་ནི་མཐུན་པའོ།།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

གཞས་གདངས་སྡེབ་སྒྲོག(རོལ་དབྱངས་གཞུང་ལུགས་ཀྱི་མིང་ཚིག)

གཞས་གདངས་སྡེབ་སྒྲོག་བྱེད་པ་ནི། སྐད་སྒྲ་གཉིས་སམ་གཉིས་ཡན་ངེས་གཏན་ངེས་ལུགས་ཀྱིས་དུས་མཉམ་དུ་སྒྲ་འབྱིན་དེ་གྲུབ་པའི་སྒྲའི་ཚན་སྡེབ་ཞིག་ལ་བྱ། རྒྱ་ཡིག་གི་མིང་། 和声 ཁ་དོག་གི་བྱེད་ནུས། གར། ཆུང་། མཐུག  སྲབ། གྲུབ་ཆ། 3དང་ཡང་ན3ཡན་གྱི་སྒྲ་མི་འདྲ་བ། བྱེད་ནུས། དབྱངས་ཚན་བགོ་བ་དང་རོལ་དབྱངས་མཚམས་འཇོག་གི་ནུས་པ་ཡོད།      ངོ་སྤྲོད། གཞས་གདངས་སྡེབ་སྒྲོག་བྱེད་པ་ནི། སྐད་སྒྲ་གཉིས་སམ་གཉིས་ཡན་ངེས་གཏན་ངེས་ལུགས་ཀྱིས་དུས་མཉམ་དུ་སྒྲ་འབྱིན་དེ་གྲུབ་པའི་སྒྲའི་ཚན་སྡེབ་ཞིག་ལ་བྱ།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

ཡང་བའི་རོལ་མོ།

ཡང་བའི་རོལ་མོ་ཞེས་པ་ནི་ཀུན་ཁྱབ་རོལ་མོའི་ནང་གསེས་ཤིག་ཡིན་པ་དང་། དེ་ལ་སྟབས་བདེ་ཞིང་གོ་སླ་ལ། བདེ་ལྕག་འཁྱུག་པ། ཀུན་ཏུ་དགའ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། རྒྱ་ཆེའི་མང་ཚོགས་ཀྱི་ཁྲོད་དུ་སྤྱི་ཚོགས་ཀྱི་དོན་སྙིང་དང་བསམ་བློའི་ནུས་པ་ཁྱབ་ཆེན་པོ་ལྡན་ཡོད་པ་རེད། རྒྱ་ཡིག་གི་མིང་། 轻音乐 ཕྱི་ཡིག་གི་མིང་། Light Music ངོ་སྤྲོད། ཡང་བའི་རོལ་མོ་ཞེས་པ་ནི་ཀུན་ཁྱབ་རོལ་མོའི་ནང་གསེས་ཤིག་ཡིན་པ་དང་། དེ་ལ་སྟབས་བདེ་ཞིང་གོ་སླ་ལ། བདེ་ལྕག་འཁྱུག་པ། ཀུན་ཏུ་དགའ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། རྒྱ་ཆེའི་མང་ཚོགས་ཀྱི་ཁྲོད་དུ་སྤྱི་ཚོགས་ཀྱི་དོན་སྙིང་དང་བསམ་བློའི་ནུས་པ་ཁྱབ་ཆེན་པོ་ལྡན་ཡོད་པ་རེད།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

ཇོ་ནང་རོལ་དབྱངས།

ཇོ་ནང་རོལ་དབྱངས་ནི་བོད་བརྒྱུད་ནང་བསྟན་གྱི་རོལ་དབྱངས་ཁྲོད་མཚན་སྙན་ཕྱོགས་བཞིར་ཁྱབ་པའི་གནའ་བོའི་རོལ་དབྱངས་ཀྱི་བྱེ་བྲག་ཅིག་ཡིན། བོད་ཡིག་གི་མིང་། ཇོ་ནང་རོལ་དབྱངས། རྒྱ་ཡིག་གི་མིང་། 觉囊梵音 སྲིད་འཛིན་ཁོངས་གཏོགས། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་། གནམ་གཤིས། ས་མཐོའི་ནམ་ཟླ། གནས་ཡུལ། འཛམ་ཐང་བར་མ་ཡུལ་ཚོ། ཡུལ་སྐོར་དུས་ཚིགས། དུས་བཞི། ངོ་སྤྲོད་རགས་བསྡུས། ཇོ་ནང་རོལ་དབྱངས་ནི"ཚངས་དབྱངས་གནའ་རོལ"ཞེས་པའི་མཚན་སྙན་གྲགས་ཆེ་ཞིང་རང་རྒྱལ་བོད་བརྒྱུད་ནང་བསྟན་གྱི་ད་ཡོད་ཀྱི་གནའ་བོའི་རོལ་དབྱངས་ཀྱི་བྱེ་བྲག་ཅིག་ཡིན། དེ་ལ་འདོན་པ་དང་དཀྲོལ་བའི་རོལ་ཆས།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

སིལ་སྙན།

སིལ་སྙན་ནི་སྦུག་དང་འདྲ་བར་དཀྲོལ་བྱའི་རོལ་ཆ་ཞིག་སྟེ། བོད་ཀྱི་ཆོས་ལུགས་སོགས་ཀྱི་ཆོ་ག་སྤེལ་དུས་བཀོལ་བའི་རོལ་མོའི་བྱེ་བྲག་མེད་དུ་མི་རུང་བ་ཞིག་ཡིན། བྱུང་བ། སིལ་སྙན་ནི་སྦུག་དང་འདྲ་བར་དཀྲོལ་བྱའི་རོལ་ཆ་ཞིག་སྟེ། དེ་ཡང་སྦུག་ཆལ་གྱི་སྐབས་སུ་བསྟན་པ་ལྟར་ན་འཇིག་རྟེན་མགོན་པོ་སྲོང་བཙན་སྒམ་པོའི་དུས་སུ་ཟ་ཧོར་ནས་དར་བ་ཞིག་ཡིན་པ་དང་།  ཕྱིས་སུ་དུས་རབས་རིམ་བྱུང་གི་སྐབས་སུའང་ཧོར་དང་རྒྱ་བལ་བཅས་ནས་དར་ཡོང་པ་ཡིན་ནོ། ། རིགས་དབྱེ། སིལ་སྙན་ལ་ཡང་ཧོར་སིལ་དང་། རྒྱ་སིལ། བལ་སིལ། བོད་སིལ་བཅས་རིགས་བཞི་ཙམ་བྱུང་ལ། དེ་དག་སོ་སོའི་ནང་གསེས་དབྱེ་བ་དང་ཁྱད་ཆོས་སྐོར་ནི«འཇིགས་མེད་གླིང་བའི་གཏམ་ཚོགས»ལས། སིལ་སྙན་ལའང་ཧོར་རྒྱ་བལ་བོད་བཞི།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

གཞུང་གླུ།

གཞུང་གླུ་ནི་ལ་དྭགས་རྒྱལ་རབས་བྱུང་རྗེས། རྒྱལ་བོའི་ཕོ་བྲང་ནང་དུ་རྒྱལ་བློན་ལྷན་རྒྱས་བཞུགས་གྲལ་བསྒྲིགས་ནས་ཕན་ཚུན་བསྟོད་གླུ་ལེན་སྲོལ་ཡོད་པ་དེ་ཡིན་ལ། སྲོལ་དེ་རྗེས་སུ་དམངས་ཁྲོད་དུ་དར་ནས་བག་སྟོན་རྟེན་འབྲེལ་སྐབས་ཕོ་མོ་ལྷན་རྒྱས་འཛོམས་སར་ཡང་ལེན་གྱི་ཡོད་པ་ཡིན། ཁོངས་གཏོགས། དམངས་སྲོལ་རིག་གནས། ངོ་སྤྲོད་མདོར་བསྡུས།  གཞུང་གླུ་ནི་ལ་དྭགས་རྒྱལ་རབས་བྱུང་རྗེས། རྒྱལ་བོའི་ཕོ་བྲང་ནང་དུ་རྒྱལ་བློན་ལྷན་རྒྱས་བཞུགས་གྲལ་བསྒྲིགས་ནས་ཕན་ཚུན་བསྟོད་གླུ་ལེན་སྲོལ་ཡོད་པ་དེ་ཡིན་ལ། སྲོལ་དེ་རྗེས་སུ་དམངས་ཁྲོད་དུ་དར་ནས་བག་སྟོན་རྟེན་འབྲེལ་སྐབས་ཕོ་མོ་ལྷན་རྒྱས་འཛོམས་སར་ཡང་ལེན་གྱི་ཡོད་པ་ཡིན། 

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

ས་འོག་ནས་ཕ་ཡུལ་དྲན་པའི་གད་རྒྱངས།

བྷོ.བྷི་རྡེ་ལོཎ་གྱི་སྙན་ངག་དེབ《ས་འོག་ནས་ཕ་ཡུལ་དྲན་པའི་གད་རྒྱངས》ཞེས་པ་འདི་རུ་སྤྱི་ལོ1964-སྤྱི་ལོ1965ལོའི་བར་གྱི་ཐོག་མའི་ཆེད་སྒྲིག་ལས་ཉིང་བཏུས་བརྩམས་ཆོས་ཁག་ཅིག་བསྡུས་ཡོད། ཁོངས་གཏོགས། རྩོམ་རིག རིགས་དབྱེ། སྙན་ངག རྩོམ་པ་པོ། བྷོ.བྷི་རྡེ་ལོཎ། བོད་ཡིག་གི་མིང་། 《ས་འོག་ནས་ཕ་ཡུལ་དྲན་པའི་གད་རྒྱངས》 རྒྱ་ཡིག་གི་མིང་། 《地下乡愁蓝调》 ཕྱི་ཡིག་གི་མིང་། Subterranean  Homesick  Blues བརྩམས་ལོ། སྤྱི་ལོ1964-སྤྱི་ལོ1965ལོར།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

གླུ་དབྱངས་ཀྱི་ངེས་པ་བདུན།

སྒྱུ་སྩལ་དྲུག་བཅུ་རེ་བཞིའི་ནང་གསེས་རིགས་ཤིག་སྟེ། དྲུག་སྐྱེས། དྲང་སྲོང་། ས་འཛིན། བར་མ། ལྔ་ལྡན། བློ་གསལ། འཁོར་ཉན་དང་བདུན་ལ་ཟེར། རྒྱ་ཡིག་གི་མིང་། 歌音七品 མིང་གཞན། གླུ་དབྱངས་ཀྱི་ངེས་པ་བདུན། རྒྱས་འགྲེལ། 1.《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》ལས།  གླུ་དབྱངས་ཀྱི་ངེས་པ་བདུན་ཏེ། དྲུག་སྐྱེས། དྲང་སྲོང་། ས་འཛིན། བར་མ། ལྔ་ལྡན། བློ་གསལ། འཁོར་ཉན་དང་བདུན། དེ་ཡང་དྲུག་སྐྱེས་རྨ་བྱའི་སྐད་ལྟར་སྒྲོག

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

རོལ་དབྱངས་འཁྲབ་སྟོན་རིག་པ།

རོལ་དབྱངས་འཁྲབ་སྟོན་རིག་པ་ནི་རང་བྱུང་ཚན་རིག་དང་མི་ཆོས་སྤྱི་ཚོགས་ཚན་རིག་ལས་གྲུབ་པའི་སྒྱུ་རྩལ་རང་བཞིན་གྱི་ཆེད་ལས་རིག་ཚན་ཞིག་ཡིན། རྒྱ་ཡིག་གི་མིང་། 音乐表演学 ཕྱི་ཡིག་གི་མིང་། Music performance ངོ་སྤྲོད། རོལ་དབྱངས་འཁྲབ་སྟོན་རིག་པ་ནི་རང་བྱུང་ཚན་རིག་དང་མི་ཆོས་སྤྱི་ཚོགས་ཚན་རིག་ལས་གྲུབ་པའི་སྒྱུ་རྩལ་རང་བཞིན་གྱི་ཆེད་ལས་རིག་ཚན་ཞིག་ཡིན། འཕེལ་རྒྱས། དེང་རབས་ཀྱི་ཚན་རིག་ལག་རྩལ་གོང་དུ་འཕེལ་བ་དང་བསྟུན་ནས་རང་བྱུང་ཚན་རིག་དང་མི་ཆོས་སྤྱི་ཚོགས་ཚན་རིག་ཉིན་རེ་བཞིན་ཕན་ཚུན་མཉམ་འདྲེས་བྱུང་བ་དང་།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་གླུ

《ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་གླུ》ནི་གནའ་བོའི་ཀེ་རི་སེའི་གླུ་གཞས་ཤིག་ཡིན་ཞིང་། ཀེ་རི་སེའི་མི་སཱ་མ་ལཱ(Spirou Samara)ཡིས་དབྱངས་བརྩམས་པ་དང་ཕཱ་ལ་མ་སི(Kostis Palamas)ཡིས་ཚིག་བརྩམས་པ་ཡིན་མོད། འོན་ཀྱང་སྐབས་དེར་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་གླུར་ད་དུང་གཏན་འཁེལ་བྱས་མེད། རྒྱ་ཡིག་གི་མིང་། 奥林匹克运动会会歌 ཕྱི་ཡིག་གི་མིང་། Olympic Anthem ཚིག་རྩོམ་མཁན། ་ཕཱ་ལ་མ་སི། དབྱངས་རྩོམ་མཁན། སཱ་མ་ལཱ། རིགས་དབྱེ། གནའ་བོའི་ཀེ་རི་སེའི་གླུ ངོ་སྤྲོད། སྤྱི་ལོ1896ལོར་ཨ་ཐེན་སིའི་སྐབས་དང་པོའི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་སྟེང་དུ་རྒྱལ་པོ་ཆའོ་ཀྲི་སྐུ་ཕྲེང་དང་པོས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་རྗེས།

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།

མི་རིགས་རོལ་ཆའི་རུ་ཁག

མི་རིགས་རོལ་ཆའི་རུ་ཁག་ལ“མི་རིགས་འབུད་དཀྲོལ་རོལ་ཆའི་རུ་ཁག”ཀྱང་ཟེར།“ དེ་ནི་མི་བཅུ་ཕྲག་ཁ་ཤས་ནས་བརྒྱ་ལྷག་ཙམ་ལས་གྲུབ་ཡོད། རྒྱ་ཡིག་གི་མིང་། 民族乐队 མི་སྣའི་གྲུབ་ཚུལ། མི་བཅུ་ཕྲག་ཁ་ཤས་ནས་བརྒྱ་ལྷག་ཙམ། མིང་གཞན། མཉམ་སྒྲོག་རོལ་ཆའི་རུ་ཁག ངོ་སྤྲོད།                    མི་རིགས་རོལ་ཆའི་རུ་ཁག་ལ“མི་རིགས་འབུད་དཀྲོལ་རོལ་ཆའི་རུ་ཁག”ཀྱང་ཟེར།“ དེ་ནི་མི་བཅུ་ཕྲག་ཁ་ཤས་ནས་བརྒྱ་ལྷག་ཙམ་ལས་གྲུབ་ཡོད།  རིགས་དབྱེ།  གཅིག རོལ་ཆ་གཙོ་བོར་བྱེད་པ་དང་རྒྱུད་ལྡན་སྒྲ་སྙན་དང་འབུད་གཏོང་གིས་གཞོགས་འདེགས་བྱེད་པའི“རྔ་དང་འཁར་རྔའི”རོལ་ཆའི་རུ་ཁག

རིགས་དབྱེ།   སྒྱུ་རྩལ།རོལ་དབྱངས།