གླུ་དབྱངས། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

གླུ་དབྱངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རོལ་དབྱངས། )

གླུ་དབྱངས།
གླུ་དབྱངས་ནི་གླུ་ཚིག་དང་རོལ་དབྱངས་ཟུང་དུ་སྦྲེལ་ནས་གྲུབ་པའི་སྒྱུ་རྩལ་གྱིས་བསམ་བློ་དང་བརྩེ་དུང་མཚོན་པའི་སྐད་སྒྲའི་རོལ་མོའི་ནང་གསེས་ཡིན་པ་དང་། ཆ་ཚད་ཐུང་ཞིང་དར་ཁྱབ་འགྲོ་བདེ་བ་ཞིག་ཡིན། གླུ་དབྱངས་ཀྱི་རོལ་དབྱངས་ཀྱིས་གླུ་ཚིག་གི་ནང་དོན་དང་གྲུབ་ཚུལ་དང་སྡེབ་སྦྱོར་བཅས་དང་བསྟུན་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
歌曲
ཕྱི་ཡིག་གི་མིང་།
Song
1 ངོ་སྤྲོད།  

གླུ་དབྱངས་ནི་གླུ་ཚིག་དང་རོལ་དབྱངས་ཟུང་དུ་སྦྲེལ་ནས་གྲུབ་པའི་སྒྱུ་རྩལ་གྱིས་སམ་བློ་དང་བརྩེ་དུང་མཚོན་པའི་སྐད་སྒྲའི་རོལ་མོའི་ལུས་ཀྱི་ནང་གསེས་ཡིན་པ་དང་། ཆ་ཚད་ཐུང་ཞིང་དར་ཁྱབ་འགྲོ་བདེ་བ་ཞིག་ཡིན། གླུ་དབྱངས་ཀྱི་རོལ་དབྱངས་ཀྱིས་གླུ་ཚིག་གི་ནང་དོན་དང་གྲུབ་ཚུལ་དང་སྡེབ་སྦྱོར་བཅས་དང་བསྟུན་ཡོད་པ་རེད།  གླུ་དབྱངས་ལ་སྤྱིར་བཏང་རམ་འདེགས་མེད་པ་ཅན་གཉིས་ཡོད།

2 གསར་རྩོམ་བྱེད་སྟངས།

གསར་རྩོམ་བྱེད་སྟངས་ཀྱི་སྒོ་ནས་དབྱེ་ན་གླུ་དབྱངས་ལ་དམངས་གླུ་དང་གསར་རྩོམ་དབྱངས་རིགས་གཉིས་ཡོད་པ་ལ།  དེ་གཉིས་ཕན་ཚུན་འདྲེས་ནས་སོ་སོར་འབྱེད་དུ་མེད་པ་རེད། བརྗོད་གཞིའི་སྒོ་ནས་དབྱེ་ན་དོན་བརྗོད་གླུ་དབྱངས་དང་།  བརྩེ་དུང་མཚོན་པའི་གླུ་དབྱངས།  གསེར་བརྗེའི་གླུ་དབྱངས་སོགས་ཡོད།  ལེན་སྟངས་ཀྱི་སྒོ་ནས་དབྱེ་ན་རྐྱང་ལེན་དང་།  ཟུང་ལེན་དང་།  མཉམ་ལེན་སོགས་ཡོད།  གླུ་དབྱངས་ཉིད་ལེན་སྟངས་དང་མི་རྣམས་དེ་ལ་ཆ་རྒྱུས་ལྡན་མིན་གྱི་སྒོ་ནས་དབྱེ་ན་མང་ཚོགས་གླུ་དབྱངས་དང་སྒྱུ་རྩལ་གླུ་དབྱངས་ཞེས་པའི་རིགས་གཉིས་ཡོད།

མང་ཚོགས་གླུ་དབྱངས་ནི་སྤྱིར་བཏང་འདུ་ཚོགས་ཆེན་པོ་དང་དགའ་སྟོན་བྱེད་སྒོའི་སྟེང་དུ་ལེན་པ་དང་།  དེས་མི་དམངས་མང་ཚོགས་ཀྱི་བསམ་བློ་དང་འདུན་མ་མཚོན་པ་དང་།  སྤྱི་ཚོགས་འཚོ་བ་ལ་ཤ་ཚ་བའི་ལྷག་བསམ་མཚོན་ཡོད། གླུ་དབྱངས་དེའི་རིགས་ཀྱི་གདངས་དབྱངས་སྤྱིར་བཏང་སྐད་གསེང་མཐོན་པོ་ཡོད་པ་ཁྱབ་ཆེ་ལ། གླུ་ཚིག་བབས་ཆགས་ཡིན་ལ་གོ་བདེ་བ་དང་། གདངས་དབྱངས་ཁ་ལ་བདེ་ཞིང་། ལེན་སྟངས་ནི་མཉམ་ལེན་དང་རེས་ལེན་སོགས་ཡོད་ཅིང་རམ་འདེགས་ཡོད་མེད་གང་རུང་ཡོད།

3 སྒྱུ་རྩལ་གླུ་དབྱངས།

སྒྱུ་རྩལ་གླུ་དབྱངས་ནི་དུས་རབས18པའི་དུས་མཇུག་དང་དུས་རབས19པའི་དུས་འགོར་ཡོ་རོབ་ཏུ་བྱུང་བའི་བརྩེ་དུང་མཚོན་པའི་གླུ་དབྱངས་ལས་དར་བ་དང་།  དེ་ནས་རྒྱལ་ཁབ་ཁག་གི་ཆེད་ལས་མི་སྣས་ཀྱང་གསར་རྩོམ་བྱས་ཡོད་པ་རེད།  དེའི་གླུ་ཚིག་ལ་སྤྱིར་བཏང་སྙན་ཚིག་གྲགས་ཅན་སྤྱོད་པ་དང་། གླུ་དབྱངས་ཀྱི་གོ་དོན་ནི་ནང་སེམས་ཀྱི་ཞིང་ཁམས་མཚོན་རྒྱུར་གཙིགས་ཆེ་ལ།  གདངས་དབྱངས་ལ་དོན་སྟོན་པའི་ནུས་པ་ཆེན་པོ་ལྡན་ཞིང་།  དབྱངས་རྩོམ་ཐབས་ཞིབ་རྒྱས་ཆེ་བ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-18

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།